Tibetan Royal Year of 2151 | Year of the Wood Dragon

ཡོ་རོབ་གྲོས་ཚོགས་འཐུས་མིའི་འོས་མི་རྣམས་ལ་བོད་དོན་དམ་ཡིག་འཇོག་རྒྱུའི་འབོད་སྐུལ་གྱི་ལས་འགུལ་ཞིག་སྤེལ་བཞིན་པ།

Tibetan News Headlines

  • Wronged, Tried, and Killed: The Custodial Death of Tibetan Political Prisoners in Chinese Prisons

རེས་གཟའ་སྤེན་པ། ༢༠༢༤།༠༧།༡༣

  • རྒྱ་གཞུང་གི་དོ་དམ་མནར་གཅོད་འོག་ཚེ་སྲོག་ཤོར་བའི་བོད་མི་ཆབ་སྲིད་བཙོན་པའི་གནད་དོན་གླེང་བ།

སྤྱི་ལོ་ ༢༠༢༤ ལོའི་ཕྱི་ཟླ ༦ ཚེས ༦ ནས ༩ བར་ཡོ་རོབ་རྒྱལ་ཁབ་ཁག་ཏུ་ཡོ་རོབ་མཐུན་ཚོགས་ཀྱི་འོས་བསྡུ་ལས་རིམ་ཞིག་གནང་གི་ཡོད་པ་དང་བསྟུན་ནས་སྐུ་ཚབ་དོན་གཅོད་ཁང་གསུམ་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་ཅིག་ནས་གྲོས་ཚོགས་འཐུས་མི་རྣམ་པས་བོད་དོན་ཆེད་མ་འོངས་ལངས་ཕྱོགས་འཛིན་རྒྱུ་དམ་བཅའ་འཇོག་རྒྱུའི་ལས་འགུལ་ཞིག་སྤེལ་དང་སྤེལ་བཞིན་པ་རེད་འདུག

eu4tibet
Picture: EU4TIBET

དེ་ཡང་ཡོ་རོབ་མཐུན་ཚོགས་སུ་གྲོས་ཚོགས་འཐུས་མི་ ༧༢༠ འི་ཞབས་ཀྱག་སླད་ཁ་སང་ཕྱི་ཟླ ༦ ཚེས ༦ ནས ༩ བར་ཡོ་རོབ་གྲོས་ཚོགས་འཐུས་མིའི་འོས་བསྡུའི་ལས་རིམ་སྐྱོང་བཞིན་པའི་དུས་སྐབས་དང་བསྟུན་ནས་ Brussel སྐུ་ཚབ་དོན་གཅོད་དང་ Geneva སྐུ་ཚབ་དོན་གཅོད། དབྱིན་ཡུལ་སྐུ་ཚབ་དོན་གཅོད། ཡོ་རོབ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་། ཡོ་རོབ་མཐུན་ཚོགས་སུ་ཡོད་པའི་བོད་ཀྱི་གྲོགས་པོ། དེ་བཞིན་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་ཡོ་རོབ་ཁུལ་གྱི་བོད་རིགས་བཅས་ནས་མ་འོངས་པའི་གྲོས་ཚོགས་འཐུས་མི་རྣམ་པས་རང་གི་ལས་ཡུན་ནང་བོད་ཀྱི་ཆེད་དུ་ལངས་ཕྱོགས་འཛིན་རྒྱུའི་དམ་བཅའ་དོན་ཚན་གསུམ་ཅན་ཞིག་འཇོག་རྒྱུའི་ས་ཚིགས་བསྐྲུན་པའི་ལས་འགུལ་ཞིག་སྤེལ་དོན་ལྟར། ད་བར་རྒྱལ་ཁབ་ ༡༡༦ གྲོས་ཚོགས་འཐུས་མིའི་འོས་མི་ ༡༡༥ ནས་མཚན་རྟགས་སྐྱོན་ཡོད་པ་རེད་འདུག

eu4tibet
Picture: EU4TIBET

གྲོས་ཚོགས་འཐུས་མི་རྣམ་པ་སུ་རུང་ཞིག་ཡོ་རོབ་གྲོས་ཚོགས་ཀྱི་འཐུས་མིར་འོས་འདེམས་བྱུང་སྐབས་རང་གི་ལས་ཡུན་ནང་བོད་དོན་ཆེད་ལངས་ཕྱོགས་འཛིན་རྒྱུའི་དམ་ཡིག་དེའི་ནང་རྒྱ་ནག་གིས་ང་ཚོའི་རྒྱལ་ཁབ་ཏུ་གནས་སྡོད་བོད་མི་ཚོར་རྒྱལ་མཚམས་བརྒལ་ཏེ་དྲག་གནོན་དང་མང་གཙོའི་ལམ་ལུགས་ལ་ཐེ་བྱུས་དང་བདེ་འཇགས་ལ་ཉེན་ཁ་བཟོ་བར་སྲུང་སྐྱོབ་བྱེད་དགོས་ཞེས་པའི་གནད་དོན་གྱི་གཙོས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་། ཁྲིམས་ཀྱི་དབང་སྒྱུར། མང་གཙོ། རིག་གཞུང་སྣ་མང་བཅས་ཚུད་པའི་ཡོ་རོབ་མཐུན་ཚོགས་ཀྱི་གཞི་རྩར་གྱུར་པའི་རྩ་དོན་དང་རིན་ཐང་རྣམས་དར་སྤེལ་གཏོང་དགོས་པ། དེ་བཞིན་བོད་མིས་རྒྱ་ནག་གི་བཙན་གནོན་ལ་ཞི་བའི་འཐབ་རྩོད་བྱེད་བཞིན་པར་རྒྱབ་སྐྱོར་བྱེད་དགོས་པ་སོགས་ཀྱི་དོན་ཚན་གསུམ་བཀོདའདུག་པ་དང་། ད་བར་ཁྱོན་རྒྱལ་ཁབ་ ༡༦ ནས་གྲོས་ཚོགས་འཐུས་མིའི་འོས་མི་ ༡༡༥ ནས་དམ་ཡིག་དེར་དྭང་ལེན་གྱི་མཚན་རྟགས་བསྐྱོན་ཡོད་པ་རེད་འདུག

wangpo tethong

ལས་འགུལ་འདི་དང་འབྲེལ་ནས་རྒྱལ་སྤྱི་བོད་དོན་ལས་འགུལ་ཁང་གི་ཡོ་རོབ་ཚན་པའི་འགན་འཛིན་བཀྲས་མཐོང་དབང་པོ་ལགས་སུ་ཞལ་པར་བརྒྱུད་བཀའ་འདྲི་ཞུས་སྐབས་གྲོས་ཚོགས་འཐུས་མིའི་འོས་མི་རྣམས་ལ་བོད་དོན་ཆེད་དམ་བཅའ་འཇོག་རྒྱུའི་འབོད་སྐུལ་གྱི་ལས་འགུལ་དེ་བཞིན་རྒྱ་ཁྱབ་ཆེན་པོར་སྤེལ་བའི་ལས་འགུལ་གྱི་རྣམ་པ་གསར་པ་ཞིག་ཡིན་སྐོར་གསུངས་པ་དང་འབྲེལ། ཡོ་རོབ་ཁུལ་དུ་གནས་སྡོད་བོད་མི་ཚོས་འོས་བསྡུའི་ནང་མཉམ་བཞུགས་མ་གནང་གོང་ eu4tibet.org གྱི་དྲྭ་ཚིགས་སུ་ཕེབས་ཏེ་གཟིགས་ཞིབ་གནང་དགོས་པ་གསུངས་སོང་།

འབྲེལ་ཡོད་གསར་གནས།

གསར་གནས།