fbpx

Tibetan Royal Year of 2150 | Year of the Water Rabbit

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐོག་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་པའི་གནད་དོན་གླེང་བ།

Tibetan News Headlines

 • བཙན་བྱོལ་བོད་མིའི་དང་བླངས་དཔྱ་དངུལ་དང་བསྡུ་དངུལ་སྤར་ཆ་གནང་སོང་།
 • འཕྲོད་བསྟེན་ལས་ཁུངས་ཀྱི་སྔོན་རྩིས་བགྲོ་གླེང་ཁྲོད་འགྲོ་ཕན་སྨན་རྩིས་ཁང་གི་གནད་དོན་སྐོར་འདྲི་རྩད།
 • རྒྱལ་ཚོགས་སུ་རྒྱ་ནག་ལ་བོད་ནང་གི་དྲག་གནོན་ཅན་གྱི་སྲིད་བྱུས་མཚམས་འཇོག་དགོས་པའི་ཞུ་སྐུལ།
 • ༸སྐྱབས་རྗེ་ཁལ་ཁ་རྗེ་བཙུན་དམ་པའི་ཡང་སྲིད་ངོས་འཛིན་དང་འབྲེལ་རྒྱ་ནག་ལ་ཁོང་ཁྲོ་སློང་ངེས་ཡིན་པའི་བློ་འཚབ།
 • རྒྱལ་ཚོགས་ཀྱི་ཆུའི་ལྷན་ཚོགས་ཐོག་བོད་ཀྱི་ཆུ་བོའི་གལ་གནད་སྐོར་གཏམ་བཤད་དང་འདྲི་རྩད།
 • འགྲོ་ཕན་སྨན་རྩིས་ཁང་དབུ་བརྙེས་ནས་ལོ་ངོ་ ༡༠༧ འཁོར་བའི་དུས་ཆེན་སྲུང་བརྩི།

Friday 24/03/2023

 • House hikes ‘Chatrel’, voluntary contribution made to CTA
 • Tibetan Parliamentarians question financial health of Mentsekhang
 • UK, EU raise Tibet at UNHRC, urges China to reverse repressive policies in Tibet
 • China on edge as Mongolian boy is hailed as new Buddhist lama
 • Tibet environmental activist take Tibet to UN-Water Conference
 • Mentskhang celebrates 107th founding anniversary
(Visited 5 times, 2 visits today)

སུད་སི་ Geneva གྲོང་ཁྱེར་ནང་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༥༢ འཚོགས་བཞིན་པ་དང་བསྟུན། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་སྐུ་ཚབ་ནས་ Helsinki Foundation ཞེས་པའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་ངོ་ཚབ་གནང་སྟེ། ལྷན་ཚོགས་དེར་བོད་དོན་བསྒྲགས་གཏམ་གཉིས་སྒྲོགས་སྦྱང་བརྒྱུད་རྒྱ་གཞུང་གིས་བོད་ནང་ཁོར་ཡུག་སྲུང་སྐྱོབ་པ་རྣམ་པར་སྡུག་སྦྱོང་དང་དམ་བསྒྲགས་བྱེད་བཞིན་ཡོད་པའི་གནད་དོན་ཐེར་འདོན་གནང་འདུག

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་དྲ་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། རྒྱལ་ཚོགས་སུ་ལས་འགུལ་ཁང་གི་སྐུ་ཚབ་སྐུ་ཞབས་ Vincent Metten ལགས་ཀྱིས་རྒྱལ་ཚོགས་ཀྱི་མི་སྤྱོད་ལས་འདས་པའི་དྲག་གནོན་མནར་གཅོད་སོགས་ཀྱི་གནད་དོན་ཐད་དམིགས་བསལ་ཆེད་མཁས་པ་ལྕམ་སྐུ་ Alice Jill Edwards ལགས་དང་གྲོས་བསྡུར་གྱི་ལས་རིམ་ཞིག་གི་ཐོག་བོད་དོན་བསྒྲགས་གཏམ་དང་པོ་དེ་སྒྲོགས་སྦྱང་གནང་ཡོད་པ་དང་ཆབས་ཅིག འདི་ཚེས་ ༡༥ ཉིན་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཐོག་གི་དམིགས་བསལ་ཆེད་མཁས་པ་ལྕམ་སྐུ་ Mary Lawlor ལགས་དང་གྲོས་བསྡུར་གྱི་ལས་རིམ་ཐོག་བོད་དོན་བསྒྲགས་གཏམ་གཉིས་པ་དེ་སྒྲོགས་སྦྱང་གནང་སྟེ། རྒྱ་གཞུང་གིས་བོད་ནང་བོད་མི་ཚོར་སྡུག་སྦྱོང་མནར་གཅོད་མུ་མཐུད་གཏོང་བཞིན་ཡོད་པ་དང་། ལྷག་པར་དུ་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་པ་རྣམས་ལ་དམ་བསྒྲགས་ཧ་ཅང་བྱེད་བཞིན་པའི་གནད་དོན་འཐེར་འདོན་དང་འབྲེལ། རྒྱལ་ཚོགས་ནས་བོད་ནང་དམ་བསྒྲགས་དེ་དག་མཚམས་འཇོག་དགོས་པ་མ་ཟད། བོད་ཀྱི་ཆབ་སྲིད་བཙོན་པ་གཙོས་ཁོར་ཡུག་སྲུང་སྐྱོབ་པ་རྣམས་འཕྲལ་མར་གློད་བཀྲོལ་དགོས་པའི་དགོས་འདུག་བཏོན་འདུག

བསྒྲགས་གཏམ་དང་པོའི་ནང་། སྐུ་ཞབས་ Metten ལགས་ཀྱིས་རྒྱལ་ཚོགས་ཀྱི་དམིགས་བསལ་ཆེད་མཁས་པ་ལྕམ་སྐུ་ Alice Jill Edwards ལགས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་ཞིབ་འཇུག་སྙན་ཐོ་འདོན་སྤེལ་གནང་བར་བཀའ་དྲིན་ཆེ་ཞུ་དང་འབྲེལ། བོད་མི་རྣམས་ཀྱིས་ཞི་བའི་ཐོག་ཆོས་ཕྱོགས་ཀྱི་བྱ་བ་སྒྲུབ་པར་རྒྱ་གཞུང་གིས་བཙན་དབང་དང་མནར་གཅོད་ཚད་མེད་བཏང་སྟེ། བོད་མི་འགའ་མེ་ཚེ་གང་རྨས་སྐྱོན་ཕོག་པ་དང་། འགའ་ཤིག་འདས་གྲོངས་སུ་ཕྱིན་པའི་གནས་ཚུལ་རྣམས་འཐེར་འདོན་གནང་བའི་ཐོག ཉེ་ལམ་རང་ལོ་ ༡༩ སོན་པའི་དམ་པ་གྲྭ་བ་བསྟན་འཛིན་ཉི་མ་དང་། རང་ལོ་ ༥༡ ལ་སོན་པའི་དམ་པ་དཀོན་མཆོག་སྦྱིན་པ་རྣམ་གཉིས་གཙོས་པའི་རྒྱ་གཞུང་གི་དེ་ལྟར་མནར་གཅོད་འོག་འདས་གྲོངས་སུ་གྱུར་མང་པོ་ཡོད་སྐོར་གསལ་བཏོན་གནང་བ་དང་འབྲེལ།  རྒྱ་གཞུང་གི་དེ་འབྲེལ་དཔོན་རིགས་རྣམས་ནས་བཙོན་ཁང་ནང་དོ་དམ་དང་སྡུག་སྦྱོང་མནར་གཅོད་འོག་འདས་གྲོངས་ཕྱིན་པའི་གནད་དོན་ལ་ཞིབ་འཇུག་བྱས་མེད་པའི་སྐྱོན་བརྗོད་ནན་པོ་གནང་འདུག

རྒྱ་གཞུང་གི་བྱེད་བབ་དེ་ལྟར་ལ་གཞིགས་ནས། རྒྱ་ནག་གིས་བུ་ལོ་གཡོ་ལེན་བྱས་པར་བསྙད་འདོགས་ཏེ་ཚེ་བཙོན་ཁྲིམས་ཆད་འོག་གནས་མུས་ཡིན་པའི་གཞིས་བཞུགས་ཚོང་པ་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་བདེ་ཐབས་གནས་སྟངས་ཐད་སེམས་འཚབ་མངོན་གསལ་གནང་བའི་ཐོག རྡོ་རྗེ་བཀྲ་ཤིས་ལགས་ཀྱིས་སྡུག་སྦྱོང་མནར་གཅོད་མྱོང་བའི་བདེན་དཔང་ཚིག་ཐོར་གཞིགས་ན་རྒྱ་ནག་བཙོན་ཁང་ནང་ཁྲིམས་མེད་ལུགས་མེད་ཀྱི་གནས་སྟངས་ཁ་གསལ་བཏོན་ཡོད་པ་འགྲེལ་བརྗོད་དང་འབྲེལ། གནད་དོན་དེའི་ཐོག་རྒྱལ་ཚོགས་ཀྱི་དེ་འབྲེལ་དམིགས་བསལ་ཆེད་མཁས་པས་ཞིབ་འཇུག་མཐིལ་ཕྱིན་པ་གནང་སྟེ། རྒྱལ་སྤྱིའི་སྤྱི་ཚོགས་ནས་རྒྱ་ནག་དེ་ཉིད་འགན་ལེན་ཡོད་པ་ཞིག་བཟོ་དགོས་པ་མ་ཟད། རྒྱལ་ཚོགས་ཀྱི་ཚོགས་མི་རྣམས་ནས་རྒྱ་ནག་སོགས་ཀྱི་ནང་མནར་གཅོད་མཚམས་འཇོག་ཆེད་ནུས་པ་གཏོན་དགོས་པའི་དགོས་འདུན་བཏོན་འདུག

བསྒྲགས་གཏམ་གཉིས་པའི་ནང་། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཐད་དམིགས་བསལ་ཆེད་མཁས་པ་ལྕམ་སྐུ་ Mary Lawlor ལགས་ལ་བོད་ནང་གི་ཁོར་ཡུག་སྲུང་སྐྱོབ་པ་རྣམས་ཀྱི་གནས་དོན་ཐོག་ཞིབ་འཇུག་སྙན་ཐོ་བཏོན་གནང་བར་ཐུགས་རྗེ་ཆེ་ཞུ་དང་འབྲེལ། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ངོས་ནས་ཕྱི་ལོ་ ༢༠༠༨ ནས་བཟུང་ད་བར་བོད་ནང་ཁོར་ཡུག་སྲུང་སྐྱོབ་པ་བོད་མི་ ༥༠ ཙམ་རྒྱ་ནག་གཞུང་གིས་བཙན་བཟུང་བཙོན་བཅུག་དང་། ཁྲིམས་མེད་ལུགས་མེད་ཀྱི་ཉེས་ཆད་བཏང་བའི་ཁྲོད། ཁོར་ཡུག་སྲུང་སྐྱོབ་པ་བོད་མི་ ༢༡ ད་ལྟའི་ཆར་མི་ལོ་ ༨ ཙམ་གྱི་བཙོན་འཇུག་ཁྲིམས་ཆད་འོག་གནས་མུས་ཡིན་པ་དང་། བོད་མི་ ༥ བཙོན་འཇུག་ཁྲིམས་ཆད་ཀྱི་དུས་ཡུན་ཟིན་ཀྱང་གྲོད་བཀྲོལ་ཀྱི་གནས་ཚུལ་ཁ་གསལ་མེད་པ། དེ་བཞིན་བོད་མི་ ༢༠ གར་སོང་ཆ་མེད་དུ་གྱུར་ཡོད་པ་དང་། བོད་མི་ ༤ འདས་གྲོངས་སུ་ཕྱིན་ཏེ་དེའི་ཁྲོད། ༡ རྒྱ་གཞུང་ལ་ངོ་རྒོལ་སྐབས་མེ་མདའ་རྒྱབ་སྟེ་དམར་གསོད་བཏང་ཡོད་པ་དང་། ༣ བཙོན་འཇུག་དོ་དམ་འོག་འདས་གྲོངས་སུ་གྱུར་བ་འཁོད་འདུག

མ་ཟད་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ནས་བོད་ནང་ཁོར་ཡུག་སྲུང་སྐྱོབ་པའི་རང་དབང་དང་ཐོབ་ཐང་གོང་མཐོར་གཏོང་ཆེད་ངེས་པར་དུ་རྒྱ་ནག་ལ་གནོན་ཤུགས་སྤྲོད་དགོས་གལ་ཡིན་པ་དང་འབྲེལ། ཁྲིམས་བཟོའི་ལས་དོན་ནང་ཁོང་རྣམས་མཉམ་ཞུགས་གིས་བསམ་འཆར་སོགས་འདོན་རྒྱུའི་ཐོབ་ཐང་དགོས་པ་མ་ཟད། བོད་ཀྱི་ཁོར་ཡུག་སྐྱོབ་པ་ཨ་ཉག་སེང་སྒྲ་ལགས་དང་། ཀརྨ་བསམ་གྲུབ་ལགས་འཕྲལ་དུ་གློད་བཀྲོལ་དགོས་པའི་དགོས་འདུན་ཐོག་ནན་བརྗོད་གནང་འདུག

གཞི་རྩའི་ཟླ་བ་འདིའི་ཕྱི་ཚེས་ ༡༣ ཉིན་ Society for Threatened Peoples ཞེས་པའི་གཞུང་འབྲེལ་མིན་པའི་ཚོགས་པའི་གོ་སྒྲིག་འོག་སུད་སི་བོད་ཀྱི་དོན་ཁང་དང་། འཛམ་གླིང་ཡུ་གུར་ཚོགས་པ། དེ་བཞིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་བཅས་ཚོགས་ཁག་བཞི་མཉམ་རུབ་ཀྱི་ཐོག་ནས་རྒྱ་ནག་གིས་བོད་གཙོས་པའི་ཤིན་ཅང་སོགས་ཀྱི་ནང་གདུག་རྩུབ་ཅན་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད་པར་བརྟེན། རྒྱ་ནག་འདི་ཉིད་འགན་འཁུར་ཡོད་པ་ཞིག་བཟོ་དགོས་ཞེས་པའི་བརྗོད་གཞིའི་ཐོག་ཟུར་ཚོགས་ཤིག་ཚོགས་ཡོད་པ་མ་ཟད། འདི་ཚེས་ ༡༥ ཉིན་སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་ Society for Threatened Peoples ཞེས་གཞུང་འབྲེལ་མིན་པའི་ཚོགས་པའི་ངོ་ཚབ་གནང་སྟེ། བོད་ནང་གི་ཛ་དྲག་གནས་སྟངས་འཐེར་འདོན་གནང་སྐབས་རྒྱ་གཞུང་སྐུ་ཚབ་ཀྱིས་ཁོང་གི་གསུང་བཤད་ཁྲོད་བར་འཚང་འགོག་རྒོལ་ཐེངས་གཉིས་ཙམ་གནང་ཡོད་ཀྱང་བོད་དོན་གསུང་བཤད་མུ་མཐུད་མཇུག་སྐྱོང་གནང་ཡོད་པའི་གནས་ཚུལ་བྱུང་ཡོད། པར་དབང་ ICT དང་སྤྱི་ཚོགས་དྲ་རྒྱ།

(Visited 53 times, 1 visits today)

འབྲེལ་ཡོད་གསར་གནས།

གསར་གནས།