Tibetan Royal Year of 2151 | Year of the Wood Dragon

རིམས་ནད་ཞི་ཕྱིར་འཇིགས་བྱེད་ལྷ་བཅུ་གསུམ་གྱི་སྒྲུབ་མཆོད་ཆེན་མོ་འཚོགས་བཞིན་པ།

Tibetan News Headlines

  • In conversation with 3 former bodyguards of the Dalai Lama

རེས་གཟའ་ཉི་མ། ༢༠༢༤།༠༦།༡༦

  • ༸གོང་ས་མཆོག་གི་༸སྐུའི་སྲུང་བྱའི་ཐོག་ཞབས་ཞུ་བསྒྲུབས་མྱོང་མཁན་སྐུ་སྲུང་ཟུར་པ་གསུམ་དང་གླེང་མོལ།

རྒྱ་ནག་ཝུ་ཧན་གྲོང་ཁྱེར་ནས་ཐོག་མར་མཆེད་པའི་ཏོག་དབྱིབས་གཉན་རིམས་དེ་ད་ལྟའི་ཆར་འཛམ་གླིང་ཁྱོན་ལ་ཁྱབ་གདལ་ཉིན་རེ་བཞིན་ཆེར་འགྲོ་བཞིན་པ་དང་བསྟུན། རྒྱ་གར་ལྷོ་ཕྱོགས་གདན་ས་ཆེན་པོ་བཀྲ་ཤིས་ལྷུན་པོར་གཉན་རིམས་དེ་མགྱོགས་མྱུར་ཞི་བའི་སླད་དུ་རྡོ་ཚོན་དཀྱིལ་འཁོར་དང་འབྲེལ་བའི་སྒོ་ནས་འཇིགས་བྱེད་ལྷ་བཅུ་གསུམ་གྱི་སྒྲུབ་མཆོད་ཆེན་མོ་འཚོགས་བཞིན་འདུག

རྩ་བའི་རྒྱ་ནག་ཝུ་ཧན་གྲོང་ཁྱེར་ནས་ཐོག་མར་ཏོག་དབྱིབས་གཉན་རིམས་མཆེད་པ་ནས་བཟུང་འཛམ་གླིང་ཁྱོན་ལ་ཉིན་རེ་བཞིན་ཁྱབ་གདལ་ཇེ་ཆེར་འགྲོ་བཞིན་པའི་ཁྲོད་འདིར། བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས་ཕྱི་དྲོ་ཕྱག་ཚོད་ ༦:༠༠ པའི་ཐོག་བདུན་ཕྲག་རེ་རེར་འཆར་འགོད་ཀྱིས་བཞུགས་སྒར་ཁུལ་དུ་རྟེན་གཞི་བྱས་པའི་རྣམ་པར་རྒྱས་པ་ཕན་བདེ་ལེགས་བཤད་གླིང་གྲྭ་ཚང་དང་གནས་ཆུང་གྲྭ་ཚང་། ཀིརྟི་བྱེས་པ་གྲྭ་ཚང་། ལྷུན་གྲུབ་འཆི་མེད་དགའ་ཚལ་གླིང་། རིགས་ལམ་སློབ་གཉེར་ཁང་། བཙུན་དགོན་སྔ་འགྱུར་མཐོ་སློབ་ཤུག་གསེབ་ཨྱོན་རྫོང་ལ་སོགས་པའི་དགོན་སྡེ་ཁག་ཏུ་རང་རིགས་བོད་མིའི་ཁྲོད་དུ་ཏོག་དབྱིབས་གཉན་རིམས་ ༡༩ རྐྱེན་ངན་འོག་འདས་གྲོངས་སུ་གྱུར་པའམ། ནད་ཀྱིས་མནར་བཞིན་པ་རྣམས་མྱུར་གྲོལ་ཆེད་སྨོན་ལམ་གསུང་འདོན་དང་། རྐྱེན་སེལ་རིམ་གྲོ་སྔ་རྗེས་གོ་སྒྲིག་གནང་བ་མ་ཟད། དེ་བཞིན་ཏོག་དབྱིབས་གཉན་རིམས་ཀྱི་ཛ་དྲག་དུས་སྐབས་དེར་ནང་ཆོས་ཀྱི་ལམ་ནས་སེམས་ཞི་བདེ་གནས་ཐབས་སྐོར་ལ་མཁན་པོ་དང་དགེ་བཤེས། དགེ་བཤེས་མ་སོགས་ལ་ལམ་སྟོན་ཞུས་ཡོད་པ་རེད།

འདི་ག་རླུང་འཕྲིན་ཁང་གིས་རྒྱ་གར་ལྷོ་ཕྱོགས་གདན་ས་ཆེན་པོ་བཀྲ་ཤིས་ལྷུན་པོའི་དྲུང་ཆེ་བསྟན་འཛིན་ཀུན་དགའ་ལགས་སུ་གཉན་རིམས་མགྱོགས་མྱུར་ཞི་བའི་རྡོ་ཚོན་དཀྱིལ་འཁོར་དང་འབྲེལ་བའི་སྒོ་ནས་འཇིགས་བྱེད་ལྷ་བཅུ་གསུམ་གྱི་སྒྲུབ་མཆོད་ཆེན་མོ་འཚོགས་བཞིན་པ་དེའི་དགེ་མཚན་ཇི་ཡོད་སྐོར་ལ་བཅར་འདྲི་ཞུས་པར་ཁོང་གི་སྒྲུབ་མཆོད་འདི་ལ་ཁྱད་ནུས་དམིགས་བ་ལྡན་ཡོད་པ་སོགས་གསུངས་སོང་།

ཐེངས་འདིའི་བདུན་གཅིག་གི་རིང་ལ་རྡོ་ཚོན་དཀྱིལ་འཁོར་དང་འབྲེལ་བའི་སྒོ་ནས་འཇིགས་བྱེད་ལྷ་བཅུ་གསུམ་གྱི་སྒྲུབ་མཆོད་ཆེན་མོ་ཚོགས་སྐབས་དགོན་པའི་དགེ་འདུན་པ་ཉི་ཤུ་ཙམ་ནས་ཚོགས་གནང་གི་ཡོད་པ་དང་མང་ཚོགས་ནས་དྲྭ་ཐོག་ཐད་སྲིང་ལ་གཟིགས་ནས་མཉམ་ཞུགས་གནང་རྒྱུའི་གོ་སྐབས་ཡོད་པ་རེད་འདུག

གཞི་རྩའི་གཉན་རིམས་ཁྱབ་གདལ་གྱི་ངལ་བ་དུ་མ་འཕྲད་བཞིན་པའི་དུས་སྐབས་འདིར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེང་སྐབས་རིམས་ནད་ཀྱི་གནས་སྟངས་ཁྲོད་འཇིགས་སྣང་དངངས་སྐྲག་ཀྱི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་སྟབས་གཙོ་བོ་སེམས་ཞི་བདེར་གནས་དགོས་རྒྱུ་གལ་ཆེན་པོ་ཡིན་པ་སོགས་ཀྱི་ལམ་སྟོན་སྔ་རྗེས་སུ་ལན་མང་བསྩལ་ཡོད་པ་དང་། དེ་བཞིན་༸དཔལ་རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གིས་ཏོག་དབྱིབས་རིམས་ནད་རྐྱེན་པས་འགྲོ་བ་ཀུན་གྱི་འཚོ་བ་དང་བདེ་ཐང་ལ་བསམ་ཡུལ་ལས་འདས་བའི་གོད་ཆག་ཆེན་པོ་བྱུང་ཡོད་པ་མ་ཟད། འབྱུང་འགྱུར་གྱི་གནས་སྟང་ལ་ངེས་གཏན་མེད་སྟབས། ཚང་མས་དངངས་སྐྲག་མི་བྱེད་པར་ཁ་ནང་དུ་ཕྱོགས་ནས་བསམ་བློ་གཏང་ཨེ་ཐུབ་བལྟ་དགོས་གལ་དང་། རྐྱེན་ངན་ལ་བལྟས་ནས་སོ་སོ་ཡར་རྒྱས་དང་སློབ་གསོ་གསར་པ་ཐེབས་ཐབས་ལ་འབད་བརྩོན་གནང་ཚེ་ཕན་ཐོགས་ཆེན་པོ་ཡོང་ངེས་ཡིན་པ་སོགས་ཀྱི་ལམ་སྟོན་བསྩལ་ཡོད།  ཉེ་ཆར་ཟླ་བ་འདིའི་ཚེས་ ༡༣ ཉིན་ཐེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པའི་གོ་སྒྲིག་འོག་ཛམ་གླིང་སྤྱི་དང་བྱེ་བྲག་ལ་འཕྲད་བཞིན་པའི་དཀའ་ངལ་རིགས་དང་ཁྱད་པར་ཏོག་དབྱིབས་གཉན་རིམས་ཀྱི་གནོད་འཚེ་ལས་མྱུར་དུ་ཐར་ཆེད་གསོལ་འདེབས་སྨོན་ལམ་སོགས་གནང་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།