Tibetan Royal Year of 2150 | Year of the Water Rabbit

རྒྱ་གཞུང་གིས་གཉེར་བའི་ཚན་རིག་བརྟག་དཔྱད་ཁང་ཁག་ཅིག་གིས་ཨ་རིའི་བདེ་འཇགས་ལ་ཉེན་ཚབས་བཟོ་བཞིན་པར་མངོན་གསལ།

Tibetan News Headlines

  • རྒྱལ་ཚོགས་ཀྱིས་རྒྱ་གཞུང་ལ་དྲག་གནོན་གྱི་སྲིད་བྱུས་མཚམས་འཇོག་ཆེད་གནོད་ཤུགས་སྤྲོད་དགོས།
  • ཨ་རིས་རྒྱ་ནག་གིས་བརྡ་འཕྲིན་དམག་འཐབ་སྣེ་ཁྲིད་བྱེད་བཞིན་པར་ཉེན་བརྡ།
  • བོད་མིའི་མདུན་ལམ་སློབ་གཉེར་ཁང་གིས་ལྷོ་ཕྱོགས་གཞིས་མིར་གོ་རྟོགས་ལས་གཞི་སྤེལ་བ།
  • བཀྲ་ཤིས་ལྗོངས་གདན་ས་ཁམས་པ་སྒར་གྱི་བཤད་གྲྭ་ཁམས་སྒར་འབྲུག་མཐོ་སློབ་དྷརྨ་ཀཱ་རའི་དེ་བྱུང་སྐོར་མཁན་པོ་འཇིགས་མེད་བློ་གྲོས་ལགས་སུ་བཅར་འདྲི།

Friday 29/09/2023

  • UN Human Rights Council told: ‘End repression in Tibet; reject China’s membership bid’
  • China uses ‘deceptive ’methods to sow disinformation, US says
  • CTA carries out a career awareness program in South India
  • History of Khamgar Druk Shedra/College

ཨ་རིའི་གྲོས་ཚོགས་འོག་མའི་ཨ་རི་དང་རྒྱ་ནག་ཐོག་གི་ཐབས་བྱུས་ཚོགས་ཆུང་གིས་ཁེལ་ལི་ཕོ་ནི་ཡར་རྟེན་གཞི་བྱས་པའི་རྒྱ་ནག་གི་ཚན་རིག་བརྟག་དཔྱད་ཁང་ཁག་ཅིག་གིས་ཨ་རིའི་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཚབས་བཟོ་བཞིན་ཡོད་མེད་དང་འབྲེལ་བའི་འབོད་འགུག་གི་བཀའ་ཤོག་བཏང་འདུག

ཁ་སང་ South China Morning Post གསར་ཤོག་ཐོག་དེ་འབྲེལ་གནས་ཚུལ་སྤེལ་བར་གཟའ་འཁོར་སྔོན་མར་ཨ་རིའི་གྲོས་ཚོགས་འོག་མའི་ཨ་རི་དང་རྒྱ་ནག་ཐོག་གི་ཐབས་བྱུས་ཚོགས་ཆུང་གིས་ཁེལ་ལི་ཕོ་ནི་ཡ་མངའ་སྡེའི་ Reedley གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་ Prestige Biotech དང་ Universal meditech Inc ཞེས་བརྟག་དཔྱད་ཁང་གཉིས་ཀྱིས་ཨ་རིའི་མང་ཚོགས་ཀྱི་བདེ་འཇགས་ལ་ཉེན་ཚབས་བཟོ་བཞིན་ཡོད་མེད་རྟོག་ཞིབ་ཆེད་འབོད་འགུག་གི་བཀའ་ཤོག་བཏང་བ་དང་འབྲེལ་ཏེ། བརྟག་དཔྱད་ཁང་གཉིས་པོ་དང་འབྲེལ་ཡོད་ཡིག་ཆ་སྟོང་ཕྲག་ལྷག་དང་དཔར་བརྒྱ་ལྷག།དེ་བཞིན་འཕྲིན་ཐུང་ཕོན་ཆེ་ལག་སོན་བྱུང་འདུག་པ་དང་། ཚོགས་ཆུང་ལ་རག་སོན་བྱུང་བའི་ཡིག་ཆ་དེ་དག་ལ་རྟོག་ཞིབ་ནན་པོ་གནང་མཐར་ཨ་རིར་ཁྲིམས་མཐུན་གྱི་ལག་འཁྱེར་གང་ཡང་མེད་པར་བཙུགས་པ་ཞིག་ཡིན་པར་མངོན་གསལ་གནང་འདུག

བརྟག་དཔྱད་ཁང་གི་ནང་ཡོད་པའི་སྨན་གྱི་མཁོ་ཆས་གཙོས་དེ་དག་གི་འབྱུང་ཁུངས་ལ་ཞིབ་བཤེར་ནན་པོ་གནང་འབྲས་སུ་བརྟག་དཔྱད་ཁང་གཉིས་པོ་རྒྱ་གཞུང་དང་འབྲེལ་བ་ཡོད་པར་གསལ་རྟོགས་ཐུབ་འདུག་པར་མ་ཟད། ལྟེ་གནས་ཁང་གཉིས་པོས་ཨ་རིའི་མང་ཚོགས་ཀྱི་བདེ་འཇགས་ལ་གནོད་འཚེ་བཟོ་བཞིན་ཡོད་སྐོར་འགྲེལ་བརྗོད་གནང་འདུག

རྩ་བའི་ཚན་རིག་གི་བརྟག་དཔྱད་ཁང་དེ་གཉིས་འདི་ལོའི་ཕྱི་ཟླ་ ༣ ནང་ཉེན་རྟོག་པས་ཨ་རིའི་བདེ་སྲུང་ཀྱི་གནད་དོན་ལ་གཞིགས་ནས་སྒོ་བརྒྱབ་པ་དང་། བརྟག་དཔྱད་ཁང་གཉིས་པོར་སྔོག་གཤེར་གྱི་བརྒྱུད་རིམ་ཁྲོད་ཏོག་དབྱིབས་གཉན་རིམས་དང་གཉན་ནད་རེག་དུག དེ་བཞིན་མཆིན་པའི་གཉན་ཚད་སོགས་འགོས་ནད་རིགས་ཉི་ཤུ་ལྷག་ཤེས་རྟོགས་ཐུབ་ཡོད་པ་དང་།བརྟག་དཔྱད་ཁང་དུ་བྱི་བ་ཉིས་བརྒྱ་ལྷག་རྙེད་འདུག

རྒྱ་གཞུང་དང་འབྲེལ་ཡོད་བརྟག་དཔྱད་ཁང་དེ་དག་གིས་རྒྱལ་སྤྱིའི་འཕྲོད་བསྟེན་གྱི་ཁྲིམས་སྒྲིག་ཁག་ལ་བརྩི་མེད་བཏང་བར་ཨ་རིའི་གཞུང་མང་གཉིས་ནས་སྐྱོན་བརྗོད་གནང་བ་དང་ཆབས་ཅིག་ཞིབ་འཇུག་མཐིལ་ཕྱིན་གནང་རྒྱུ་ཡིན་ཞེས་ཡོངས་གྲགས་གནང་ཡོད།

གནད་དོན་དེ་དང་འབྲེལ་ཨ་རིའི་གྲོས་ཚོགས་འོག་མའི་ཨ་རི་དང་རྒྱ་ནག་ཐོག་གི་ཐབས་བྱུས་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་Mike Gallagher ལགས་ཀྱིས་ཨ་རི་ནང་རྒྱ་གཞུང་གིས་གཉེར་བའི་བརྟག་དཔྱད་ཁང་གཉིས་པོ་ལས་འགོས་ནད་མྱུར་བའི་ནད་རིགས་ཉི་ཤུ་ལྷག་ཤེས་རྟོགས་བྱུང་བར་ཐུགས་འཚབ་གནང་བ་དང་སྦྲགས། རྒྱ་གཞུང་དང་འབྲེལ་ཡོད་བརྟག་དཔྱད་ཁང་དེ་དག་གིས་ཨ་རིའི་མང་ཚོགས་ཀྱི་བདེ་འཇགས་དང་བརྟན་ལྷིང་ལ་གནོད་འཚེ་ཤུགས་ཆེར་བཟོས་ཡོད་སྟབས་འབད་རྩོན་ལྷོད་མེད་ཀྱིས་ཞིབ་འཇུག་གནང་རྒྱུ་དང་དེར་གདོང་ལེན་གནང་རྒྱུའི་ཆོད་སེམས་བརྟན་པོ་ཡོད་ཅེས་གསུངས་འདུག པར་སྤྱི་ཚོགས་དྲ་རྒྱ་ལས་བཏུས།

འབྲེལ་ཡོད་གསར་གནས།

གསར་གནས།