fbpx

Tibetan Royal Year of 2150 | Year of the Water Rabbit

རྒྱ་གཞུང་གིས་གློག་ཤུགས་འཐེན་མདའ་གསར་པ་ཡོངས་གྲགས་བྱས་འདུག

Tibetan News Headlines

  • བཞུགས་སྒར་དུ་༸རྒྱལ་ཡུམ་ཆེན་མོའི་དྲན་རྟེན་རྐང་སྤོལ་རྩེད་འགྲེན་ཐེངས་ ༢༨ པ་དབུ་འཛུགས།
  • མོན་གྷོ་འདོད་རྒུ་གླིང་གི་གཞིས་གྲོང་བཅུ་པ་ཕན་བདེ་གཞིས་གྲོང་དབུ་འབྱེད།
  • རྒྱ་གཞུང་ནས་གནམ་སྡེ་སྒོ་མོ་ཆེའི་མི་གསོད་ཁྲག་སྦྱོར་གྱི་དོན་རྐྱེན་ཐོག་འགན་ལེན་དགོས་པ།
  • རྒྱལ་ཚོགས་ཀྱི་ཆེད་མཁས་མི་སྣས་ Jimmy Lai གི་གནས་བབ་ཐད་ཐུགས་འཚབ་མངོན་གསལ།
  • ཁེ་ན་ཌའི་གྲོས་ཚོགས་འཐུས་མི་ཞིག་རྒྱ་ནག་གི་གཏན་འཇག་མིང་གཞུང་ནག་པོའི་ནང་ཡོད་པ་མངོན་གསལ།
  • གཞན་ཕན་ཁྱིམ་གསར་གྱི་གློག་བརྙན་ནང་ Nawazuddin མཉམ་ཞུགས་བྱ་རྒྱུ་ཡིན་འདུག

Thursday 01/06/2023

  • 28th GCM Football tournament begins in Dharamsala
  • CTA inaugurates new camp for Tibetans from Tibet in Mundgod
  • Right group urges China to acknowledge Tiananmen Massacre
  • UN experts express ‘grave concern’ over detention of Jimmy Lai in Hong Kong
  • Canadian MP under China evergreen blacklist, former Conservative leader targeted
  • Bollywood actor Nawazuddin teams up with Tibetan Director for ‘Karma’
(Visited 4 times, 1 visits today)

རྒྱ་ནག་ཏུ་སྔ་ལོར་ཏོག་དབྱིབས་ཀླད་ཀོར་གྱི་སྲིད་བྱུས་ཁྲོད་མང་ཚོགས་སྟོང་ཁྲག་མང་པོས་སྲིད་གཞུང་ལ་མི་འདོད་པའི་ངོ་རྒོལ་གྱི་ལས་འགུལ་ཇི་སྙེད་ཅིག་སྤེལ་ཡོད་པའི་ཁྲོད་ཉེ་ལམ་རྒྱ་ནག་གཞུང་གིས་མ་འོངས་པར་གཞུང་ལ་དེ་ལྟ་བུའི་ངོ་རྒོལ་གྱི་རིགས་སྤེལ་བར་འགོག་ཐབས་སུ་ CS/LW21 ཞེས་པའི་ electro magnetic gun འམ་གློག་ཤུགས་འཐེན་མདའ་གསར་བསྐྲུན་བྱས་པ་ཞིག་ཡོངས་གྲགས་བྱས་འདུག 

དེ་ཡང་། South China morning Post གསར་ཤོག་གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་ནག་གཞུང་གིས་ཕྱི་ཟླ་ ༣ ཚེས་ ༢༨ ཉིན་ CCTV གཞུང་འབྲེལ་བརྙན་འཕྲིན་ཐོག་དམག་དོན་འཕྲུལ་འཁོར་གསར་བཟོ་བྱས་པའི་བརྙན་འཕྲིན་ཞིག་ཐད་སྲིང་བྱས་པའི་ཁྲོད། China North Industries Group Corporation Limited ཞེས་པའི་བཟོ་ལས་ཁང་དང་འཕྲུལ་འཁོར་གི་སྡེ་ཚན་འགའ་ཟུང་སྦྲེལ་གྱིས་གློག་ཤུགས་འཐེན་མདའ་གསར་པ་ཞིག་འདོན་སྤེལ་བྱས་པ་བསྟན་འདུག

རྒྱ་གཞུང་གིས་གློག་ཤུགས་མེ་མདའ་གསར་པ་དེས་མིའི་ཚེ་སྲོག་ལ་གནོད་པའི་ཉེན་ཁ་མེད་སྐོར་འགྲེལ་བརྗོད་བྱས་ཡོད་ཀྱང་བརྙན་འཕྲིན་ནང་འཕྲུལ་ལས་དེའི་སྐོར་རྒྱང་སྲིང་བྱས་པར་མེ་མདའ་དེས་ཤིང་དང་ཤེལ་དམ་སོགས་རྟོལ་ཐུབ་པའི་ནུས་པ་ལྡན་ཡོད་ཅེས་བཀོད་འདུག

འདས་ལོའི་ཕྱི་ཟླ་ ༡༡ ནས་བཟུང་རྒྱ་ནག་ནང་ཏོག་དབྱིབས་གཉན་རིམས་ ༡༩ ཁྱབ་གདལ་ཆེས་ཆེར་སོང་བའི་གནད་དོན་དང་འབྲེལ། རྒྱ་གཞུང་གིས་གཉམ་རིམས་ཀླད་ཀོར་གྱི་སྲིད་བྱུས་ལ་ཁག་དཀྲིས་བྱས་ཏེ་བོད་མི་གཙོས་རྒྱ་རིགས་རྣམས་ལ་དཀའ་ངལ་མང་དག་ཅིག་བཟོས་ཡོད་རྐྱེན་བོད་མི་དང་རྒྱ་རིགས་རྣམས་ཀྱིས་སྲིད་བྱུས་དེ་ཉིད་དོན་འཁྱོལ་དང་ཕན་འབྲས་གང་ཡང་མེད་སྐོར་གཞི་རྒྱ་ཆེ་བའི་ངོ་རྒོལ་གྱི་ལས་འགུལ་གཅིག་རྗེས་གཉིས་མཐུད་ཀྱིས་སྤེལ་ཡོད་པ་དེ་དག་འགོག་ཐབས་སུ་མེ་མདའ་གསར་པ་དེ་གསར་བསྐྲུན་བྱས་པ་ཞིག་ཆགས་ཀྱི་འདུག

མེ་མདའ་བཟོ་བཀོད་བྱེད་མཁན་རྒྱ་རིགས་ Lei Fengqiao ཟེར་བས་བརྗོད་དོན་ལྟར་ན། གློག་ཤུགས་མེ་མདའ་དེ་ནི་རྒྱུན་ལྡན་གྱི་མེ་མདའ་དང་མི་འདྲ་བ་གློག་གསོག་ཐུབ་པ་དང་དེའང་ལི་ཐིམ་ཡམ་གྱི་རྒྱུ་ཆ་ལས་གྲུབ་པ་ཞིག་ཡིན་སྟབས་མེ་མདའ་དེ་འཁྱེར་བདེ་ཞིང་སྤྱོད་བདེ་བ་སོགས་ཀྱི་ཁྱད་ཆོས་ལྡན་ཡོད་པར་བཤད་འདུག་ལ། སྒོར་དབྱིབས་ལྟ་བུའི་མདེའུ་སྤྱོད་ཀྱི་ཡོད་པ་དང་སྐར་མ་གཅིག་ལ་མདེའུ་སྟོང་ཕྲག་མང་པོ་རྒྱག་ཐུབ་པའི་དམིགས་བསལ་ཁྱད་ཆོས་ལྡན་འདུག

ད་ལྟའི་ཆར་རྒྱ་གཞུང་གིས་མེ་མདའ་དེ་ཉིད་ལས་སྒོར་དབྱིབས་ལྟ་བུའི་མདེའུ་སྤྱོད་པ་དེས་མིའི་ལུས་པོ་རྟོལ་མ་ཐུབ་སྟབས་ཚེ་སྲོག་ལ་གནོད་ཀྱི་མེད་པའི་གསལ་བསྒྲགས་སྤེལ་ཡོད་པ་དེ་ལྟར་ནའང་། རྒྱལ་སྤྱིའི་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་མི་ཉུང་བས་ད་ལྟའི་བཟོ་བཀོད་ལ་གཞིགས་ན་སླད་མར་མེ་འདའ་དེའི་ཐོག་རྒྱུན་ལྡན་གྱི་མདེའུ་བཅོས་ཚེ་མེ་མདའ་དེས་མིའི་ཚེ་སྲོག་ལ་གནོད་ངེས་ཡིན་སྐོར་གསུངས་འདུག

(Visited 183 times, 1 visits today)

འབྲེལ་ཡོད་གསར་གནས།

གསར་གནས།