fbpx

Tibetan Royal Year of 2150 | Year of the Water Rabbit

རྒྱ་གར་ནང་ཆིབས་བསྒྱུར་མཛད་པ་དེ་རྐྱེན་ངན་གྲོགས་སུ་ཤར་བ་ལྟ་བུ་བྱུང་ཡོད།

Tibetan News Headlines

  • ༸གོང་ས་མཆོག་གིས་བོད་དང་ཁ་ཆེ་དབར་དམིགས་བསལ་འབྲེལ་བ་ཡོད་པར་བཀའ་སྩལ་བ།
  • གྲོས་ཚོགས་ཀྱི་ལས་ཉིན་ལྔ་པ་ཆ་ཚང་མང་ཚོགས་རྩིས་ཁྲ་ཚོགས་ཆུང་གི་སྙན་ཐོར་བཏང་ཡོད།
  • སུད་སིར་བོད་མི་གཙོས་སྐྱབས་བཅོལ་ཞུ་མི་རྣམས་ཀྱི་དཀའ་ངལ་སེལ་ཆེད་གྲོས་ཆོད་གཏན་འབེབས།
  • རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་དུ་བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༦ དབུ་འཛུགས།
  • སྦེལ་འཇམ་གཞུང་གིས་ནང་ཆོས་དེ་ཉིད་གཞུང་འབྲེལ་ཆོས་བརྒྱུད་གྲས་སུ་ངོས་འཛིན།
  • བྱང་ཨ་རིའི་གཟའ་མཇུག་སློབ་གྲྭའི་དགེ་རྒན་རྣམས་ལ་སཱི་ཤེས་ཡོན་ཟབ་ཁྲིད།

Monday 20/03/2023

  • Dalai Lama meets with Muslim scholars, speaks on common values between Islam and Buddhism
  • 11th Public Accounts Committee presents report to Parliament
  • Swiss National Council approves motion seeking relief for asylum seekers
  • Tibetan Opera ‘Shoton’ festival begins in Mundgod Tibetan settlement
  • Belgium officially recognises Buddhism as a non-denominational religion
  • SEE Learning conducts workshop for North America’s weekend Tibetan language and culture teachers
(Visited 8 times, 1 visits today)

                        

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུ་དུས་དྲན་ཐེངས་ ༦༤ པ་བསླེབ་ལ་ཉེ་བའི་དུས་མཚམས་སུ་ཨ་རིར་རྟེན་གཞི་བྱས་པའི་ TIME དུས་དེབ་ཐོག་ལྗགས་རྩོམ་མཛད་པའི་དམིགས་བསལ་དཔྱད་རྩོམ་ནང་། སྤྱིར་བོད་དོན་བདེན་མཐའ་ནི་དུས་ད་ལྟའང་སེལ་མ་ཐུབ་པར་ལུས་ཡོད་ཀྱང་། ཕྱོགས་གཞན་ཞིག་ནས་བོད་ལ་དུས་ལོག་བྱུང་བའི་རྐྱེན་གྱིས་༸གོང་ས་མཆོག་རྒྱ་གར་ནང་ཆིབས་བསྒྱུར་མཛད་དགོས་བྱུང་བ་དེ་རྐྱེན་ངན་གྲོགས་སུ་ཤར་བ་ལྟ་བུ་བྱུང་ཡོད་པ་དང་། མགོན་པོ་༸གང་ཉིད་མཆོག་ནས་ད་བར་འཛམ་གླིང་སྤྱིའི་བདེ་ཐབས་ལ་དགོངས་བཞེས་ཀྱིས་གཞན་ཕན་མཛད་པའི་བརྒྱུད་༸སྐུ་ཚེ་དོན་དང་ལྡན་པ་བྱུང་ཡོད་པ་བཀའ་མཛད་འདུག

དེ་ཡང་ཕྱི་ལོ་ ༡༩༥༩ ལོའི་ཟླ་ ༣ པའི་ཚེས་ ༡༧ ཉིན་གྱི་དགོང་དྲོ་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནོར་བུ་གླིང་ཁ་ནས་རྒྱ་གར་འཕགས་པའི་ཡུལ་དུ་ཆིབས་ཞལ་བསྒྱུར་ཏེ་བཙན་བྱོལ་དུ་ཕེབས་རྗེས་ལོ་དེའི་ཟླ་ ༤ ཚེས་ ༢༠ ཉིན་སྙན་གྲགས་ཆེ་བའི་ TIME དུས་དེབ་ཐོག་སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་པར་དང་བཅས་མགོན་པོ་༸གང་ཉིད་མཆོག་བཙན་བྱོལ་དུ་ཕེབས་པའི་གནས་ཚུལ་ཞིག་སྤེལ་ཡོད་པ་དང་། སྐབས་དེའི་གནས་ཚུལ་དེ་ཉིད་རྒྱལ་སྤྱིའི་བརྒྱུད་ལམ་ཁག་གི་ནང་དུ་ཁྱབ་སྤེལ་ཤུགས་ཆེ་བྱུང་ཡོད་པ་རེད།

ཁ་སང་ཕྱི་ཚེས་ ༢༨ ཉིན་ TIME དུས་དེབ་ཀྱི་འདོན་ཐེངས་གསར་ཤོས་ཐོག་༸གོང་ས་མཆོག་གིས་སྐབས་དེའི་དུས་ཀྱི་གནས་ཚུལ་རྣམས་ཐུགས་དྲན་གསོ་མཛད་ཅིང་། མགོན་པོ་༸གང་ཉིད་མཆོག་སྐབས་དེར་དགུང་ལོ་ ༢༤ ཡིན་པ་དང་། ཡ་ང་བའི་གནས་ཚུལ་དེ་དག་གི་ཁྲོད་ནས་རྒྱ་ནག་དང་ལྷན་དུ་ཞི་འགྲིག་ཡོང་ཐབས་སུ་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་གནང་ཡོད་ཀྱང་རྒྱ་ནག་གི་ཕྱོགས་ནས་དྲག་གནོན་ཇེ་ཆེར་སོང་སྟབས། བོད་ཀྱི་ངོ་བོ་དེ་བཞིན་ཉེན་ཚབས་ཆེ་བའི་རང་བཞིན་དུ་གྱུར་ཡོད་པ་དང་ཆབས་ཅིག སྐབས་དེར་མགོན་པོ་༸གང་ཉིད་མཆོག་བོད་ནས་བྲོས་བྱོལ་དུ་ཕེབས་པར་ཐོག་མའི་ཆར་ཐུགས་འཚབ་བྱུང་ཡོད་པ་དེ་ལྟར་ཡང་། བོད་དང་གངས་ཅན་པ་ཡོངས་ཀྱི་བདེ་རྩར་དགོངས་བཞེས་ཀྱིས་བཙན་བྱོལ་དུ་ཕེབས་པའི་སྐོར་བཀའ་སྩལ་དང་འབྲེལ། ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༣༡ ཉིན་༸གོང་ས་མཆོག་རྒྱ་གར་དུ་ཞབས་སོར་བདེ་བར་འཁོད་སྐབས་རྒྱ་གར་འདི་བཞིན་མང་གཙོ་རྒྱལ་ཁབ་ཡིན་པར་བརྟེན། རང་དབང་གི་རིན་ཐང་དེ་ཐུགས་ཚོར་ཆེན་པོ་བྱུང་ཡོད་པ་བཀའ་སྩལ་མཛད་འདུག

དཔྱད་རྩོམ་དེའི་ནང་དུས་ད་ལྟའང་བོད་དོན་བདེན་མཐའ་སེལ་མ་ཐུབ་པར་ལུས་ཡོད་ཀྱང་། ཕྱོགས་གཞན་ཞིག་ནས་མགོན་པོ་༸གང་ཉིད་མཆོག་རྒྱ་གར་ནང་ཆིབས་བསྒྱུར་མཛད་པ་དེ་རྐྱེན་ངན་གྲོགས་སུ་ཤར་བ་ལྟ་བུ་བྱུང་ཡོད་པ་དང་འབྲེལ། བཙན་བྱོལ་དུ་ཕེབས་འབྱོར་མཛད་རྗེས་རྒྱ་གར་གཞུང་དམངས་གཉིས་ནས་༸རྒྱལ་བ་རིན་པོ་ཆེ་༸གང་ཉིད་དང་བོད་མི་རྣམས་ལ་རྒྱབ་སྐྱོར་བརྒྱུད་བོད་ཀྱི་རང་དབང་སྲུང་སྐྱོབ་དང་བོད་ཀྱི་ངོ་བོ། དེ་བཞིན་བོད་ཀྱི་ཞི་བདེ་དང་སྙིང་རྗེའི་རིག་གཞུང་དེ་ཉིད་གོང་འཕེལ་ཙམ་མ་ཚད་འཛམ་གླིང་སྤྱི་ལ་ཕན་ནུས་འདྲེན་པ་ཞིག་བྱུང་ཡོད་པ་བཀའ་སྩལ་མཛད་འདུག

༸གོང་ས་མཆོག་གིས་ད་དུང་མགོན་པོ་༸གང་ཉིད་མཆོག་རྒྱ་གར་ནང་བཙན་བྱོལ་དུ་ཕེབས་རྗེས་བོད་ཀྱི་གནད་དོན་ཐོག་ཐུགས་འགན་བཞེས་མུས་དང་ལྷན་དུ་གསན་བསམ་སློབ་གཉེར་མུ་མཐུད་མཛད་རྒྱུ་བྱུང་ཡོད་སྐོར་བཀའ་སྩལ་ཅིང་། བརྒྱུད་རིམ་དེ་དག་གི་ཁྲོད་ནས་འཛམ་གླིང་ནང་གི་ཆོས་ལུགས་ཁག་གི་བླ་ཆེན་དབུ་ཁྲིད་རྣམ་པ་དང་། ཚན་རིག་པ། མཁས་དབང་སོགས་དང་ལྷན་དུ་བགྲོ་གླེང་བརྒྱུད་འཛམ་གླིང་དེའི་ཐོག་ལེགས་སྐྱེས་ཆེན་པོ་ཕུལ་ཐུབ་པ་བྱུང་སྐོར་བཀའ་སྩལ་འདུག

མ་ཟད་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་མགོན་པོ་༸གང་ཉིད་མཆོག་གི་ཐུག་བསྐྱེད་དམ་བཅའ་བཞི་སྟེ། འགྲོ་བ་མིའི་རིན་ཐང་གོང་སྤེལ་དང་། ཆོས་ལུགས་མཐུན་སྒྲིལ། དེ་བཞིན་སྙིང་རྗེ་དང་འཚེ་བ་མེད་པའི་ལྟ་གྲུབ་ལ་གཞི་བཞག་པའི་ཐོག་རྒྱ་གར་གྱི་གནའ་བོའི་རིག་གཞུང་བསྐྱར་གསོ་དང་། བོད་ཀྱི་ངོ་བོ་གཙོས་པའི་ཆོས་རིག་འཛིན་སྐྱོང་སྤེལ་གསུམ་མཛད་རྒྱུ་བཅས་འཛམ་གླིང་ཞི་བདེ་བསྐྲུན་པར་ཕན་ཐོག་ཡོད་པ་ཐུགས་གདེང་མཛད་ཀྱི་ཡོད་སྐོར་བཀའ་སྩལ་དང་འབྲེལ། མུ་མཐུད་ཐུག་བསྐྱེད་དམ་བཅའ་བཞི་པོ་དེ་དག་ལ་ཐུགས་དགོངས་མཛད་རྒྱུ་ཡིན་པ་བཀའ་སྩལ་མཛད་འདུག

ལྷག་པར་དུ་ད་ལྟའི་ཆར་༸གོང་ས་མཆོག་༸སྐུ་ཉིད་རྒྱལ་ཁབ་དང་ཞལ་བྲལ་ཏེ་བཞུགས་ཡོད་ཀྱང་བོད་ཀྱི་བཤད་སྲོལ་དུ་གནས་གང་དུ་སྐྱིད་ན་རང་ཁྱིམ་དང་། དྲིན་བྱམས་སྐྱོང་སུས་བྱེད་ཕ་མ་ཡིན་ཞེས་པ་ལྟར་རྒྱ་གར་གཙོས་པའི་རྒྱལ་སྤྱིའི་རྒྱལ་ཁབ་མང་པོས་༸གོང་ས་མཆོག་༸གང་ཉིད་ལ་རྒྱབ་སྐྱོར་དང་མཛའ་བརྩེ་ཡོད་པ་བཀའ་སྩལ་བ་དང་ཆབས་ཅིག ད་ཆ་ཕྱི་ལོ་ ༡༩༥༩ ལོའི་ TIME དུས་དེབ་ཀྱི་ཁ་ཤོག་དེར་གཟིགས་སྐབས། མགོན་པོ་༸གང་ཉིད་མཆོག་ནས་ད་བར་འཛམ་གླིང་སྤྱིའི་བདེ་ཐབས་ལ་དགོངས་བཞེས་ཀྱིས་གཞན་ཕན་མཛད་པའི་བརྒྱུད་༸སྐུ་ཚེ་དོན་དང་ལྡན་པ་ཞིག་བྱུང་ཡོད་བཀའ་སྩལ་དང་སྦྲགས། རྒྱ་གར་ལ་བཀྲིན་རྗེས་དྲན་མཛད་འདུག པར་དབར་ TIME

(Visited 75 times, 1 visits today)

འབྲེལ་ཡོད་གསར་གནས།

གསར་གནས།