Tibetan Royal Year of 2151 | Year of the Wood Dragon

རྒྱ་དཀར་ནག་གཉིས་ཀྱིས་བོད་ཀྱི་གསོ་རིག་དེ་རྒྱལ་ཚོགས་ཀྱི་སྲུང་སྐྱོབ་འོག་གཅེས་ནོར་རིག་གཞུང་གི་ཁོངས་སུ་ངོས་འཛིན་ཡོང་བའི་གྲོས་འཆར་བཏོན་པ།

Tibetan News Headlines

  • Wronged, Tried, and Killed: The Custodial Death of Tibetan Political Prisoners in Chinese Prisons

རེས་གཟའ་སྤེན་པ། ༢༠༢༤།༠༧།༡༣

  • རྒྱ་གཞུང་གི་དོ་དམ་མནར་གཅོད་འོག་ཚེ་སྲོག་ཤོར་བའི་བོད་མི་ཆབ་སྲིད་བཙོན་པའི་གནད་དོན་གླེང་བ།

ཉེ་ལམ་རྒྱ་གར་གྱིས་བོད་ཀྱི་གསོ་བ་རིག་པ་དེ་ UNESCO འམ་རྒྱལ་ཚོགས་ཀྱི་ཤེས་ཡོན་དང་ཚན་རིག རིག་གཞུང་སྡེ་ཚན་གྱི་སྲུང་སྐྱོབ་འོག་ཏུ་ཡོད་པའི་ Intangible Cultural Heritage ཞེས་མངོན་མེད་གཅེས་ནོར་རིག་གནས་ཁོངས་སུ་ངོས་འཛིན་ཡོང་ཐབས་ཀྱི་གྲོས་འཆར་ཞིག་བཏོན་གནང་པ་ལྟར། པེ་ཅིང་གིས་ཀྱང་རྒྱལ་ཚོགས་ཀྱི་ཚན་པ་དེར་བོད་ཀྱི་གསོ་རིག་དང་འབྲེལ་བའི་གྲོས་འཆར་ཞིག་མངོན་བཏོན་བྱས་འདུག

དེའང་རྒྱ་གར་དབུས་གཞུང་གི་རིག་གཞུང་བློན་ཆེན་ལས་ཁུངས་ཀྱི་ལས་བྱེད་རྒན་གྲས་ཤིག་གིས་བརྒྱུད་ལམ་ཁག་ལ་འགྲེལ་བརྗོད་གནང་པར་གཞིགས་ཚེ། རྒྱ་གར་གྱིས་ལོ་མང་གོང་ནས་བོད་ཀྱི་གསོ་བ་རིག་པ་དེ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཅེས་ནོར་རིག་གཞུང་ཁོངས་སུ་ཚུད་ཐབས་གནང་བཞིན་ཡོད་པ་དང་། ལྷག་དོན་འདི་ལོའི་ཟླ་ ༣  ནང་རྒྱ་གར་གྱིས་གསོ་བ་རིག་པའི་མིང་གཞུང་ཐོ་འགོད་ཡོངས་ཐབས་སུ་ UNESCO སྒྲིག་འཛུགས་ཀྱི་ཚན་པ་དེར་ཞུ་སྙན་ཞིག་ཕུལ་འདུག་པ་དང་། དེ་བཞིན་རྒྱ་གཞུང་གི་ངོས་ནས་ཀྱང་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་ཀྱི་ཐོག་ནས་ནད་བཅོས་ཐབས་ཀྱི་གནས་ལུགས་ཁག་གསལ་བཤད་གཙོ་འདོན་གྱིས་ཞུ་སྙན་དེ་ཞིག་ཕུལ་ཡོད་པ་རེད། ད་ལན་རྒྱ་དཀར་ནག་གཉིས་ཀྱིས་བོད་ཀྱི་གསོ་རིག་དེ་རྒྱལ་ཚོགས་ཀྱི་སྲུང་སྐྱོབ་འོག་གཅེས་ནོར་རིག་གཞུང་གི་ཁོངས་སུ་ངོས་འཛིན་ཡོང་བའི་གྲོས་འཆར་གྱི་ཞུ་སྙན་ཞིག་ཕུལ་ཟིན་ལ་གཞིགས་ཚེ། དེའི་ཐག་གཅོད་དེ་ཕྱི་ལོ་ ༢༠༡༨ ལོའི་ནང་ UNESCO ལྷན་ཚོགས་སྐབས་སུ་གནང་རྒྱུ་ཡིན་འདུག

རྒྱ་གར་གཞུང་གིས་ UNESCO སྒྲིག་འཛུགས་ལ་ཕུལ་ཟིན་པའི་ཞུ་སྙན་དེའི་ནང་བོད་ཀྱི་གསོ་བ་རིག་པ་ཙམ་མིན་པར་འབྲས་ལྗོངས་ཁུལ་གྱི་གར་འཆམ་དང་། མངའ་སྡེ་གཞན་ཁག་གི་ Qawwali གླུ་གཞས་དང་Nautanki གཏམ་བརྗོད་འཁྲབ་སྟོན། དེ་བཞིན་རྒྱ་གར་གྱི་ Kalamkari རི་མོའི་སྒྱུ་སྩལ་སོགས་ཀྱང་འཁོད་ཡོད་པ་རེད་འདུག

རྩ་བའི་རྒྱ་གར་གཞུང་གི་ངོས་ནས་ད་ལན་ UNESCO ཞེས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཤེས་ཡོན་དང་ཚན་རིག རིག་གཞུང་ཚན་པར་བོད་ཀྱི་གསོ་བ་རིག་པ་ངོས་འཛིན་ཞུ་དགོས་པའི་སྙན་ཞུ་ཕུལ་བ་དེའི་ཐོག་ལ་བོད་ཀྱི་གསོ་བ་རིག་པའི་སློབ་ཁྲིད་གནང་སའི་རྒྱ་གར་ནང་གི་མཐོ་སློབ་ཁག་ལས་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དང་ལ་དྭགས་མཐོ་སློབ། དེ་བཞིན་ལྕགས་པོ་རི་ལ་སོགས་པ་དེ་འབྲེལ་མཐོ་སློབ་ཁག་ཅིག་ནས་རྒྱབ་གཉེར་ཞུས་ཡོད་པ་རེད།

འདི་ག་རླུང་འཕྲིན་ཁང་གིས་གནད་དོན་དེ་དང་འབྲེལ་བའི་ཐོག་ལ་ཝཱ་རཱ་ཎ་སཱིི་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་དགེ་བཤེས་ངག་དབང་བསམ་གཏན་ལགས་སུ་བཀའ་འདྲི་ཁག་ཅིག་ཞུས་པ་ཡིན།

འབྲེལ་ཡོད་གསར་གནས།

གསར་གནས།