Tibetan Royal Year of 2151 | Year of the Wood Dragon

རྒྱ་ནག་གསང་ཉུལ་བས་དྲྭ་ལམ་བརྒྱུད་དབྱིན་ཇིའི་མང་ཚོགས་ཉིས་ཁྲི་ལྷག་ལ་གསང་འབྲེལ་བྱས་པར་ར་འཕྲོད།

Tibetan News Headlines

  • ༸གོང་ས་མཆོག་གིས་བོད་མི་ཚོ་སེམས་རྒྱུད་བཟང་པོ་བྱ་དགོས་གལ་ཡིན་པའི་བཀའ་ནན་སྩལ་སོང་།
  • རྒྱ་གར་ཚེའི་རིག་འབྱེད་ཀྱི་གཞུང་ཕྱི་མོར་གྲགས་པ་ཙ་ར་ཀའི་བསྡུ་བའི་སྐོར་བཅར་འདྲི།

Saturday 24/02/2024

  • Being a good human being is our responsibility as a Tibetan: Dalai Lama confers Jataka teaching at Tsuklakhang
  • In conversation with Prof. Rakdo Lobsang Tenzin Rinpoche on Tibetan translation of Charaka Samhita

དབྱིན་ཡུལ་གྱི་ MI5 ཞེས་པའི་གསང་བའི་ལས་ཁུངས་ཀྱིས་རྒྱ་ནག་གསང་ཉུལ་བས་དྲྭ་ལམ་བརྒྱུད་དབྱིན་ཇིའི་མི་མང་ཁྲི་གཉིས་ལྷག་ལ་གསང་འབྲེལ་བྱས་ཡོད་པར་ར་འཕྲོད་གནང་འདུག

ཟླ་བ་འདིའི་ཚེས་ ༡༦ ཉིན་ཨ་རིའི་ California གྲོང་ཁྱེར་ Palo Alto ནང་ཨ་རི་དང་དབྱིན་ཡུལ། ཁེ་ན་ཌ་དང་Australia དེ་བཞིན Newzealand བཅས་ཡུལ་གྲུ་ལྔའི་བདེ་འཇགས་ཐད་ཀྱི་འགན་ཁུར་བ་རྣམས་མཉམ་འཛོམས་ཀྱིས་ལྷན་ཚོགས་གནང་ཡོད་པ་ལྟར་ལྷན་ཚོགས་སུ་ཕེབས་པའི་དབྱིན་ཇིའི་གསང་བའི་ལས་ཁུངས་ཀྱི་འགན་འཛིན་སྐུ་ཞབས་ Ken McCallum ལགས་ཀྱིས་རྒྱ་ནག་གི་གསང་ཉུལ་བས་ཨ་རིའི་སྤྱི་ཚོགས་དྲ་རྒྱའི་གླེང་སྟེགས་ LinkedIn ཞེས་པ་ལ་སོགས་པའི་ཆེད་ལས་ཀྱི་འབྲེལ་མཐུད་དྲྭ་ལམ་བརྒྱུད་དབྱིན་ཇིའི་མི་མང་ཁྲི་གཉིས་བརྒལ་བར་གསང་འབྲེལ་བྱས་པ་མ་ཚད་པར་དབྱིན་ཇིའི་ཚོང་ལས་ཁང་སྟོང་ཕྲག་མང་པོའི་འཕྲུལ་རིགས་ལག་རྩལ་གསར་གཏོད་ཀྱི་ཡིག་ཆ་ཁག་རྐུ་འཁྱེར་གྱི་ཉེན་ཁ་འཕྲད་བཞིན་པའི་ཉེན་བརྡ་བཏང་འདུག

དེ་བཞིན་སྐུ་ཞབས་ Ken McCallum ལགས་ཀྱིས་རྒྱ་ནག་གི་ཚོང་ལས་ཁང་ནས་དེ་སྔ་དབྱིན་ཇིའི་གཙུག་ལག་སློབ་ཆེན་ཞིག་གིས་བཟོས་པའི་འཕྲུལ་རིགས་ལ་ཞིབ་འཇུག་གནང་འབྲས་གལ་ཆེ་རྐུ་འཁྱེར་བྱས་ཡོད་པར་སྐྱོན་བརྗོད་དང་འབྲེལ། བྱ་སྤྱོད་དེ་ནི་ཚོང་ལས་ཁང་དེ་དག་གི་ཁེ་ཕན་ལ་དོ་ཕོག་བཏང་བ་ཙམ་མིན་པར་ནུབ་ཕྱོགས་རྒྱལ་ཁབ་ཀྱི་མ་འོངས་ལས་དོན་ལའང་ཤུགས་རྐྱེན་ཐེབས་པའི་ཉེན་ཁ་ཆེན་པོ་བཟོ་ངེས་ཡིན་པར་གསུངས་འདུག

དབྱིན་ཇིའི་གསང་བ་ལས་ཁུངས་ཀྱིས་སྔ་ལོར་རྒྱ་ནག་གི་ཚོང་ལས་ཁང་ཁག་གིས་ཆེད་མངགས་ཐབས་ལམ་སྣ་ཚོགས་བརྒྱུད་དབྱིན་ཇིའི་ཚོང་ལས་དང་གཙུག་ལག་སློབ་ཆེན་ཁག་གིས་གསར་གཏོད་གནང་བའི་འཕྲུལ་རིགས་ལག་རྩལ་རྐུ་འཁྱེར་བྱས་པའི་གནད་དོན་ཉི་ཤུ་ལྷག་རྩད་གཅོད་ཐུབ་ཡོད་པ་དང་དེ་ནི་རྒྱ་གཞུང་གི་འཆར་གཞི་ལྡན་པའི་ཐོག་ནས་སྤེལ་བའི་ལས་འགུལ་ཞིག་ཡིན་པར་མངོན་གསལ་གནང་འདུག

ཐེངས་འདིར་ཨ་རི་དང་དབྱིན་ཡུལ། ཁེ་ན་ཌ་དང་ Australia དེ་བཞིན་ Newzealand བཅས་ཡུལ་གྲུ་ལྔའི་བདེ་འཇགས་འགན་ཁུར་མི་སྣ་རྣམས་ཀྱིས་ཀྱང་རྒྱ་ནག་གི་གསང་ཉུལ་ལས་དོན་ལ་བློ་འཚབ་ཡོད་པའི་རྣམ་པ་མངོན་གསལ་གནང་ཡོད་པ་དང་ཆབས་ཅིག FBI ཞེས་ཨ་རིའི་དབུས་གསང་བ་ལས་ཁུངས་ཀྱི་འགན་འཛིན་ Christopher A. Wray ལགས་ཀྱིས་རྒྱ་ནག་གི་དཔལ་འབྱོར་གསང་ཉུལ་ལས་དོན་དང་གཞན་གྱི་བསམ་བློ་དང་ཉམས་ཞིབ་འབྲས་བུ་སོགས་རྐུ་འཁྱེར་བྱས་པ་ནི་རྒྱལ་ཁབ་ཀྱི་ཐབས་བྱུས་ཀྱི་ཆ་ཤས་གཙོ་བོ་ཞིག་ཏུ་བཞག་ཡོད་ཀྱང་གསང་ཉུལ་ལས་དོན་དེ་ནི་རྒྱལ་ཁབ་ལྔའི་གསར་གཏོད་གནང་མཁན་ཚོའི་རེ་འདུན་བློས་བཏང་ལས་ཐོབ་པ་ཞིག་རེད་ཅེས་ཟུར་ཟ་གནང་སྟེ་རྒྱ་ནག་གི་གསལ་ཉུལ་གྱི་ཉེན་ཁ་དེ་ཉེ་བའི་ལོ་ཤས་ནང་ཉེན་ཚབས་ཆེ་རུ་ཕྱིན་ཡོད་པར་གསུངས་འདུག

འབྲེལ་ཡོད་གསར་གནས།

གསར་གནས།