Tibetan Royal Year of 2151 | Year of the Wood Dragon

རྒྱ་ནག་གི་དམ་དྲག་ལ་གདོང་ལེན་གྱིས་བོད་མི་དང་གཞོན་སྐྱེས་འཐབ་རྩོད་ཀྱི་བགྲོ་གླེང་ཚོགས་འདུ་ཞིག་ཚོགས་འདུག

Tibetan News Headlines

  • Wronged, Tried, and Killed: The Custodial Death of Tibetan Political Prisoners in Chinese Prisons

རེས་གཟའ་སྤེན་པ། ༢༠༢༤།༠༧།༡༣

  • རྒྱ་གཞུང་གི་དོ་དམ་མནར་གཅོད་འོག་ཚེ་སྲོག་ཤོར་བའི་བོད་མི་ཆབ་སྲིད་བཙོན་པའི་གནད་དོན་གླེང་བ།

ཁ་སང་སྤྱི་ཚེས་ ༣༠ ཉིན་ཐེ་ཝན་གྱི་རྒྱལ་ས་ Taipei ནང་དུ་རྟེན་གཞི་བྱས་ཡོད་པའི་ Soochow མཐོ་སློབ་ཁང་དུ་ Dissent in China ཞེས་རྒྱ་ནག་ནང་གཞུང་དང་ལྟ་སྤྱོད་མི་མཐུན་པའི་ངོ་རྒོལ་སྐོར་ལ་བཞུགས་གྲལ་སྒོར་མོའི་ཚོགས་འདུ་ཞིག་ཚོགས་པའི་ཐོག བོད་མིའི་སྐུ་ཚབ་ནས་རྒྱ་ནག་གི་དྲ་རྒྱའི་དམ་དྲག་ལ་གདོང་ལེན་གྱིས་བོད་མི་དང་གཞོན་སྐྱེས་འཐབ་རྩོད་དང་འབྲེལ་བའི་ཚོགས་འདུའི་ཐོག་གཏམ་བཤད་གནང་འདུག

TCHRD China Dissent

ཚོགས་འདུ་དེ་ཉིད་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་གི་གནས་བབ་སོགས་ལ་ཞིབ་འཇུག་གནང་མཁན་ Freedom House ཞེས་ཨ་རིའི་རང་དབང་ཁང་པ་དང་ཐེ་ཝན་ Soochow གཙུག་ལག་སློབ་ཁང་གིས་གོ་སྒྲིག་བྱས་པའི་ཐོག ཐེ་ཝན་མང་གཙོ་ཐེབས་རྩ་ཁང་གིས་དཔལ་འབྱོར་མཐུན་འགྱུར་གནང་བ་ཞིག་ཡིན་པ་དང་། ཚོགས་འདུ་དེའང་གཙོ་བོ་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ནང་གཞུང་གི་ཆེས་དམ་དྲག་ལ་ལྟོས་མེད་མང་ཚོགས་ཀྱི་ཐབས་ལམ་འདྲ་མིན་ཐོག་གཞུང་གི་ལས་དོན་ལ་ངོ་རྒོལ་ཇི་ལྟར་གནང་བཞིན་པའི་ཐོག་གོ་བསྡུར་གནང་ཆེད་གོ་སྒྲིག་གནང་བ་ཞིག་རེད་འདུག

ཚོགས་འདུ་དེའི་ནང་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་བསྟན་འཛིན་ཟླ་བ་ལགས་ནས་མཉམ་ཞུགས་ཀྱིས་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་གསལ་བཤད་གནང་འདུག་པ་དང་། ཁོང་དང་ལྷན་དུ་ཚོགས་འདུའི་ནང་ China Dissent Network ཞེས་པའི་ཚོགས་པའི་འགན་འཛིན་ Apple Ni ལགས་དང་། ཨ་རིའི་རང་དབང་ཁང་པའི་རྒྱ་ནག་ཐོག་ཉམས་ཞིབ་པའི་འགན་འཛིན་ Yaqui Wang ལགས། China Dissent Monitor ཞེས་པའི་ལས་གཞིའི་ཉམས་ཞིབ་པ་ Kevin Slaten ལགས། China Digital Times གྱི་རྩོམ་སྒྲིག་པ་གཞོན་པ་ Cindy Carter ལགས། རྒྱ་ནག་བུད་མེད་ནུས་སྟོབས་གོང་འཕེལ་གྱི་ལས་འགུལ་བ་ Lü Pin ལགས་སོགས་ལས་འགུལ་བ་དང་ཆེད་ལས་མི་སྣ་མང་དག་ཞིག་ནས་མཉམ་ཞུགས་གནང་འདུག

TCHRD China Dissent

འདི་ག་རླུང་འཕྲིན་ཁང་ནས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་བསྟན་འཛིན་ཟླ་བ་ལགས་སུ་ཚོགས་འདུ་དེའི་སྐོར་དང་ལྷག་པར་ཁོང་གིས་ཚོགས་འདུའི་ཐོག་བོད་ནང་གི་གནད་དོན་གཙོ་བོ་གང་གླེང་ཡོད་མེད་ཐོག་བཀའ་འདྲི་ཞུས་པ་ཡིན།

རྩ་བའི་རྒྱ་ནག་གཞུང་གིས་ཉེ་ལམ་ནས་དར་ཁྱབ་འབྱུང་བཞིན་པའི་ AI མི་བཟོས་རིག་ནུས་ཀྱི་འཕྲུལ་རིགས་བེད་སྤྱོད་ཀྱིས་མང་ཚོགས་ཀྱི་སྨྲ་བརྗོད་རང་དབང་ལ་དམ་བསྒྲགས་བྱེད་བཞིན་པ་དང་། འདས་པའི་ལོ་དུས་ནང་དྲ་རྒྱའི་བདེ་འཇགས་དང་རྒྱལ་ཁབ་ཀྱི་བདེ་འཇགས་སོགས་ཀྱི་མིང་བྱང་འོག་ཁྲིམས་སྒྲིག་སྣ་ཚོགས་བཟོས་ཏེ་རྒྱ་ནག་ཁྱོན་ཡོངས་སུ་རྒྱལ་སྤྱིའི་ཐོག་དར་སོ་ཆེ་བའི་སྤྱི་ཚོགས་དྲ་ལམ་ཁག་སྒོ་རྒྱག་པ་དང་། རྒྱ་གཞུང་གི་ལྟ་སྤྱོད་དང་མི་མཐུན་པའི་ཐ་སྙད་ཁག་དྲ་ཐོག་ནས་བཀག་སྡོམ་བྱས་པ་སོགས་ཀྱི་ལས་གཞི་སྣ་མང་སྤེལ་བཞིན་ཡོད་ཀྱང་། ཡུལ་དེའི་ནང་མང་ཚོགས་ནས་གཞུང་གི་ལས་དོན་ལ་ངོ་རྒོལ་གྱི་ལས་འགུལ་རབ་དང་རིམ་པ་སྤེལ་བཞིན་ཡོད་པ་རེད།

TCHRD China Dissent

ཨ་རིའི་རང་དབང་ཁང་པས་དེ་སྔོན་ China Dissent Monitor 2024 ཞེས་རྒྱ་ནག་ནང་སྲིད་གཞུང་དང་ལྟ་སྤྱོད་མི་མཐུན་པའི་རྣམ་པ་རིགས་ལ་རྟོག་ཞིབ་ཀྱི་སྙན་ཐོ་འདོན་སྤེལ་གནང་བའི་ནང་། ཕྱི་ལོ་ ༢༠༢༣ ལོ་མཇུག་ཏུ་རྒྱ་ནག་ནང་གཞུང་ལ་ངོ་རྒོལ་གྱི་རྣམ་པ་འདྲ་མིན་ ༩༥༠ ལྷག་ཙམ་བྱུང་ཡོད་པ་མ་ཟད། བོད་དང་། པེ་ཅིང་། ཧྲང་ཧའེ། དེ་བཞིན་ Shaanxi ཧྲང་ཤིའ་བཅས་ནི་མི་འབོར་ལ་གཞིགས་པས་དམ་བསྒྲགས་ཆེ་ཤོས་བྱས་སའི་ས་ཁུལ་ཆགས་ཡོད་པ་མངོན་གསལ་གནང་ཡོད། སྙན་ཐོ་དེའི་ནང་ཕྱི་ལོ་ ༢༠༢༣ ལོ་མཇུག་ཟླ་བ་གསུམ་གྱི་ནང་དུ་རྒྱ་ནག་ནང་གཞུང་ལ་ངོ་རྒོལ་གྱི་རྣམ་པ་ཁྱོན་ ༩༥༠ ཙམ་བྱུང་བ་ནི་ལོ་དེའི་ཟླ་བ་དྲུག་སྟེ་ཕྱི་ཟླ་ ༤ ནས་ ༩ བར་གྱི་གནད་དོན་དང་བསྡུར་ན་བརྒྱ་ཆ་ ༥༠ ཙམ་གྱི་མང་དུ་སོང་བ་ཞིག་ཆགས་ཀྱི་ཡོད་པ་དང་། གྲངས་འབོར་དེའི་ཁོངས་ནས་ ༢༠༠ ཙམ་ཞིག་བོད་བརྒྱུད་ནང་བསྟན་དང་། Falun Gong ཧྥ་ལུང་གོང་། དེ་བཞིན་ཡེ་ཤུ་དང་ཁ་ཆེ་བཅས་ཀྱི་ཆོས་ལུགས་ལ་དམ་བསྒྲགས་བྱས་པའི་གནད་དོན་ཆགས་ཀྱི་ཡོད་སྐོར་བཀོད་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།