Tibetan Royal Year of 2151 | Year of the Wood Dragon

རྒྱ་ནག་གི་སྲིད་བློན་ Li Qiang ནིའུ་ཛི་ལེནྜ་དང་ཨོ་གླིང་དུ་སྐོར་བསྐྱོད་འགོ་བཙུགས།

Tibetan News Headlines

  • Wronged, Tried, and Killed: The Custodial Death of Tibetan Political Prisoners in Chinese Prisons

རེས་གཟའ་སྤེན་པ། ༢༠༢༤།༠༧།༡༣

  • རྒྱ་གཞུང་གི་དོ་དམ་མནར་གཅོད་འོག་ཚེ་སྲོག་ཤོར་བའི་བོད་མི་ཆབ་སྲིད་བཙོན་པའི་གནད་དོན་གླེང་བ།

དེ་རིང་རེས་གཟའ་ཕུར་བུ་སྤྱི་ཚེས་ ༡༣ ཉིན་རྒྱ་ནག་གི་སྲིད་བློན་ Li Qiang ནིའུ་ཛི་ལེནྚ་དང་ཨོ་གླིང་གི་སྐོར་བསྐྱོད་འགོ་བཙུགས་ཏེ་ སྔ་དྲོར་ New Zealand གྱི་རྒྱལ་ས་ Wellington དུ་འབྱོར་འདུག་པ་དང་། ད་རེས་ཀྱི་སྐོར་བསྐྱོད་དེ་ཉིད་རྒྱ་ནག་གི་སྲིད་བློན་ཁུལ་དེར་སླེབས་པ་ལོ་བདུན་གྱི་རྗེས་སུ་ཐེངས་དང་པོ་དེ་ཆགས་ཀྱི་ཡོད་པ་རེད།

Li Qiang meets Luxon

དེ་ཡང་རྒྱ་ནག་གི་སྲིད་བློན་ Wellington གནམ་ཐང་དུ་འབྱོར་མ་ཐག་ས་གནས་སྲིད་གཞུང་ནས་སྣེ་ལེན་ཟབ་རྒྱས་རྗེས་སུ། ནིའུ་ཛི་ལེནྜ་གྱི་སྲིད་གཞུང་ཚོགས་ཁང་ནང་དུ་གཞུང་འབྲེལ་གྱི་མཛད་སྒོ་དང་འབྲེལ་སྲིད་བློན་རྣམ་གཉིས་དབར་ནང་ཁུལ་ཐུག་འཕྲད་གནང་ཡོད་པ་རེད། ཐུག་འཕྲད་རྗེས་གསར་འགོད་ལྷན་ཚོགས་ཞིག་སྐོང་ཚོགས་ཁྲོད་རྒྱ་ནག་གི་སྲིད་བློན་ Li Qiang གིས་སྤྱིར་བཏང་ནས་ང་ཚོས་གནད་དོན་ཚང་མའི་ཐད་ཕན་ཚུན་བར་ཁ་གཏད་བྱ་དགོས་ཀྱི་མེད་པ་ནི་རང་བཞིན་གྱི་གནས་སྟངས་ཞིག་ཡིན་པ་དེ་ལྟར་ཡང་འགལ་ཟླ་ཡོད་པའི་རྒྱུ་མཚན་གྱིས་ཕན་ཚུན་མཉམ་ལས་དང་བརྗེ་རེ་མཚམས་འཇོག་བྱ་རྒྱུ་མེད་པ་བཤད་འདུག་ལ། རྒྱ་ནག་ངོས་ནས་ New Zealand གྱི་མི་སེར་རྣམས་ལ་ཡུལ་དེའི་ནང་མཐོང་མཆན་མེད་པར་བསྐྱོད་ཆོག་པའི་ཆོག་མཆན་ཕུལ་རྒྱུ་དང་། དེ་བཞིན་New Zealand ངོས་ནས་ཁུང་རྩི་སློབ་གླིང་བརྒྱུད་ཡུལ་དེའི་ནང་རྒྱ་ནག་གི་སྐད་དང་རིག་གནས་སྤེལ་རྒྱུའི་ལས་འཆར་ལ་རྒྱབ་སྐྱོར་སྔར་ལྷག་བྱ་རྒྱུའི་ཁས་ལེན་བྱས་ཡོད་པ་རེད་འདུག

Christopher Luxon

དེ་བཞིན་དུ་ནིའུ་ཛི་ལེནྜ་གྱི་སྲིད་བློན་ Luxon མཆོག་ནས་ཐུག་འཕྲད་དེའི་སྐབས་རྒྱལ་ཁབ་ཕན་ཚུན་གཉིས་དབར་གྱི་ཚོང་འབྲེལ་གོང་འཕེལ་དང་འབྲེལ་བའི་གལ་ཆེའི་གནད་དོན་ཁག་གཅིག་གི་ཐད་གྲོས་བསྡུར་དང་། འབྲེལ་ཡོད་ཚོང་གི་གན་རྒྱ་བཞག་པ་མ་ཟད། ཉེ་ཆར་ལྷོ་རྒྱ་ནག་མཚོ་ནང་གི་རྙོག་གླེང་དང་ཕྱི་རྒྱལ་ཁབ་ཀྱི་གནོན་ཤུགས་སྐོར་གླེང་སློང་བྱས་པ་ཡིན་ཞེས་དང་། ཁོང་ནས་རྒྱ་ནག་སྲིད་བློན་དང་ལྷན་དུ་རང་རེའི་རྒྱལ་ཁབ་ཀྱི་བཟང་པོའི་རིན་ཐང་གཙོས་ནིའུ་ཛི་ལེནྜ་མང་ཚོགས་ཁྲོད་ཀྱི་གནད་དོན་གལ་ཆེན་ཁག་དང་དེ་བཞིན་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སྐོར་གླེང་སློང་གནང་ཡིན་པའི་འགྲེལ་བརྗོད་གནང་འདུག

AUKUS Security Pact

གཞི་རྩའི་ New Zealand ནི་རྒྱ་ནག་དང་ཚོང་འབྲེལ་མཉམ་ལས་བྱས་མཁན་རྒྱལ་ཁབ་ཆེ་གྲས་ཞིག་ཡིན་པ་དང་། རྒྱལ་ཁབ་དེ་གཉིས་དབར་སྔ་ལོ་གཅིག་པོའི་ནང་ཨ་སྒོར་ཐེར་འབུམ་ ༣༨ ལྷག་གི་ཚོང་འབྲེལ་བྱུང་ཡོད་པ་དེ་ལྟར་ཡང་ཉེ་བའི་ཆར་རྒྱ་ནག་གིས་ལྷོ་ཞི་བདེ་རྒྱ་མཚོའི་ནང་ཧམ་འཛུལ་གཙོས་པའི་བྱེད་སྒོ་རིགས་གཅིག་ལ་ New Zealand གྱིས་སྐྱོན་བརྗོད་རྗེས་ཕྱོགས་གཉིས་ཀྱི་འབྲེལ་ལམ་སྔར་བཞིན་དུ་གནས་མེད་པའི་གནས་སྟངས་ཡིན་པ་རེད། དེ་བསྟུན་ཡུལ་བབ་སྲིད་བྱུས་ཀྱི་དཔྱད་ཞིབ་པ་ Geoffrey Miller ལགས་ཀྱིས་ New Zealand སྲིད་གཞུང་ངོས་ནས་ད་ལྟའི་ཆར་ AUKUS Security Pact ཞེས་དམག་དོན་བདེ་འཇགས་ཆེད་དུ་རྒྱ་ནག་ལ་ཁ་གཏད་ཀྱིས་ཨོ་གླིང་དང་ཨ་རི་དབྱིན་ཡུལ་གསུམ་བར་མཉམ་ལས་ཀྱི་གྲོས་མཐུན་དེའི་ནང་ཆ་ཤས་གང་ཙམ་བླངས་དགོས་མིན་སྐོར་བསམ་ཞིབ་གནང་བཞིན་པའི་ཁྲོད། རྒྱ་ནག་གི་སྲིད་བློན་ནས་ཐེངས་འདིའི་སྐོར་བསྐྱོད་བརྒྱུད་ New Zealand ལ་དངུལ་གྱི་རོགས་རམ་བྱས་ཏེ་རྒྱ་ནག་ལ་ AUKUS བརྒྱུད་ཁ་གཏད་བྱ་ན་གྱོང་གུད་ཇི་ཙམ་བྱུང་གི་ཡོད་མིན་གྱི་སླུ་ཐབས་བྱ་ངེས་ཡིན་པ་ཐེར་འདོན་གནང་འདུག

Li Qiang New Zealand Protest

རྩ་བའི་རྒྱ་ནག་གི་སྲིད་བློན་ནས་དེ་རིང་འགོ་འཛུགས་ཀྱིས་ཉིན་གྲངས་དྲུག་རིང་ New Zealand དང་ཨོ་གླིང་ནང་གི་གྲོང་ཁྱེར་ཁག་ལྔའི་ནང་འགྲུལ་བཞུད་ཀྱིས་རྒྱལ་ཁབ་གཉིས་ཀྱི་སྲིད་བློན་དང་ཐུག་འཕྲད་བྱ་རྒྱུ་ཡིན་པ་མ་ཟད། དེ་རྗེས་ Malaysia ལ་བསྐྱོད་ཀྱི་ཡོད་པ་རེད། ས་གནས་ཀྱི་གསར་ཤོག་ཐོག་ཐོན་པའི་གནས་ཚུལ་ནང་གསལ་ལྟར་ན། Li Qiang དེ་རིང་ New Zealand གྱི་རྒྱལ་ས་ Wellington དུ་འབྱོར་སྐབས་རྒྱ་ནག་གི་རྒྱལ་དར་འཁྱེར་ནས་དགའ་བསུ་ཞུ་མཁན་མང་དག་ཞིག་ཡོད་པ་དེ་ལྟར་ཡང་། ཕྱོགས་གཞན་དུ་ཁུལ་དེའི་མང་ཚོགས་མི་ཉུང་བ་ཞིག་གིས་རྒྱ་ནག་ནང་དུས་ད་ལྟའང་ཉེས་མེད་མི་མང་མང་པོ་མནར་གཅོད་དང་དམར་བསོད་གཏོང་གི་ཡོད་པའི་འཕྲེད་དར་འཁྱེར་ནས་ངོ་རྒོལ་ལས་འགུལ་སྤེལ་མཁན་ཁག་གཅིག་ཀྱང་བྱུང་ཡོད་པ་རེད་འདུག

Tibetans protest Li Qiang

འབྲེལ་ཡོད་གསར་གནས།

གསར་གནས།