Tibetan Royal Year of 2151 | Year of the Wood Dragon

རྒྱ་ནག་ཐོག་དུས་བཀག་བསྐྱར་ཞིབ་འཚོགས་འཆར་དང་བསྟུན་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་སྙན་ཐོ་འགོད་འབུལ།

Tibetan News Headlines

  • Wronged, Tried, and Killed: The Custodial Death of Tibetan Political Prisoners in Chinese Prisons

རེས་གཟའ་སྤེན་པ། ༢༠༢༤།༠༧།༡༣

  • རྒྱ་གཞུང་གི་དོ་དམ་མནར་གཅོད་འོག་ཚེ་སྲོག་ཤོར་བའི་བོད་མི་ཆབ་སྲིད་བཙོན་པའི་གནད་དོན་གླེང་བ།

ཕྱི་ལོ་ ༢༠༢༤ འགོ་སྟོད་དུ་སུད་སི་ཇི་ནི་ཝར་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་རྒྱ་ནག་ཐོག་དུས་བཀག་བསྐྱར་ཞིབ་ཐེངས་ ༤ འཚོགས་འཆར་ཡོད་པ་དང་བསྟུན་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་བསྟི་གནས་ཁང་གིས་བོད་ནང་གི་ཛ་དྲག་གནས་སྟངས་དང་འབྲེལ་བའི་རང་དབང་ལྡན་པའི་དཔྱད་གཞིའི་སྙན་ཐོ་འགོད་འབུལ་གནང་འདུག

བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕལ་རྒྱས་བསྟི་གནས་ཁང་གིས་འགོད་འབུལ་གནང་བའི་དཔྱད་གཞིའི་སྙན་ཐོར་རྒྱ་ནག་གཞུང་གིས་བོད་ནང་གི་ཆོས་དད་རང་དབང་ལ་བཀག་སྡོམ་བྱས་པའི་གནས་ཚུལ་དང་། བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པ། བོད་ནང་དུ་སྨྲ་བརྗོད་དང་འདུ་འཛོམས་ཀྱི་རང་དབང་སོགས་མེད་པ། དེ་བཞིན་བོད་ཀྱི་ཆབ་སྲིད་བཙོན་པ་དང་བཀག་ཉར་འོག་ཚུད་མཁན་ཚོར་དྲང་བདེན་ཁྲིམས་བཤེར་གྱི་ཐོབ་ཐང་རག་གི་མེད་པའི་གནད་དོན་སོགས་གསལ་འདོན་གནང་འདུག

ལྷག་པར་སྙན་ཐོའི་མཐའ་མཇུག་ཏུ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ལ་བོད་མིར་རང་གི་སྐད་ཡིག་དང་ཤེས་ཡོན། ལོ་རྒྱུས་སོགས་སྲུང་སྐྱོབ་དར་སྤེལ་བྱ་རྒྱུའི་ཐོབ་ཐང་དང་ཆོས་ལུགས་དད་མོས་རང་དབང་ཚུལ་བཞིན་སྤྲོད་དགོས་པ། རྒྱ་གཞུང་གིས་བོད་ཀྱི་དགོན་སྡེ་ཁག་ལ་དམ་དྲག་དང་ལྷ་སྐུ་རྟེན་གསུམ་དང་ལྷ་ཁང་གྲྭ་ཤག་སོགས་གཏོར་བཤིག་གཏོང་བ་མཚམས་འཇོག་དགོས་པ། དེ་བཞིན་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དངོས་ཡོད་རྒྱུས་ལོན་ཆེད་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་སྤྱི་ཁྱབ་འགན་འཛིན་དང་། རྒྱལ་སྤྱིའི་དོན་དངོས་ལྟ་ཞིབ་སྐུ་ཚབ་ཚོགས་པ་བཅས་བོད་ནང་གི་ས་ཁུལ་གང་སར་གཏོང་དགོས་པའི་དགོས་འདུན་དོན་ཚན་བཅིུག་ཆེད་བཏོན་གནང་འདུག

བསྟི་གནས་ཁང་གིས་ད་དུང་རྒྱ་ནག་ཐོག་གི་དུས་བཀག་བསྐྱར་ཞིབ་ཀྱི་ཟླ་བ་དེའི་ནང་གོང་གསལ་གནད་དོན་ཁག་གི་ཐོག་གླེང་སློང་དང་དོ་སྣང་ཡོང་སླད་མུ་མཐུད་རྒྱལ་ས་ལྡི་ལིར་རྒྱལ་ཁབ་སོ་སོའི་གཞུང་ཚབ་ཁང་དང་དོན་གཅོད་ལས་ཁུངས། དེ་བཞིན་སུད་སི་ཇི་ནི་ཝའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཏན་འཇགས་དོན་གཅོད་མི་སྣ་སོགས་ལ་བཅར་ཏེ་རེ་ཞུའི་ལས་འགུལ་སྤེལ་འཆར་ཡོད་པ་གསུངས་ཡོད།   

རྒྱལ་ཚོགས་ཀྱིས་རྒྱ་ནག་ཐོག་དུས་བཀག་བསྐྱར་ཞིབ་འཚོགས་འཆར་དང་བསྟུན་ཉེ་ཆར་ཨ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་ཅིག་མཉམ་སྦྲེལ་ཐོག་རྒྱ་ནག་གིས་བོད་གཙོས་ཀོམ་བྷོ་ཌི་ཡ་དང་བྱང་ཀོ་རི་ཡའི་སྐྱབས་བཅོལ་བར་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱི་གནད་དོན་ཐེར་འདོན་དང་འབྲེལ་བའི་སྙན་ཐོ་ཁག་གསུམ་འགོད་འབུལ་གནང་ཡོད།

གཞི་རྩའི་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ནང་རྒྱ་ནག་ཐོག་དུས་བཀའ་བསྐྱར་ཞིབ་རིམ་པའི་ཁྲོད་རྒྱ་ནག་ལ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱི་གནད་དོན་ཐད་འདྲི་རྩད་ནན་པོ་བྱས་ཡོད་ཀྱང་། རྒྱ་གཞུང་གི་ངོ་ཚབ་རྣམས་ནས་དེ་འབྲེལ་ལན་འདེབས་ཞུ་ཐུབ་ཀྱི་མེད་པ་དང་། ཁ་གསལ་མེད་པ་སོགས་ཀྱི་གནད་དོན་རིམ་པ་བྱུང་ཡོད། ལྷག་པར་འདི་ལོའི་ཕྱི་ཟླ་ ༤ ནང་ཇི་ནི་ཝར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཆེད་ལས་མི་སྣ་ ༢༣ ལས་གྲུབ་པའི་རྒྱལ་ཚོགས་ཀྱི་བུད་མེད་དབྱེ་འབྱེད་འགོག་ཐབས་ཚོགས་ཆུང་གི་ཚོགས་ཐེངས་ ༨༥ སྐབས་ཚོགས་ཆུང་གི་ངོས་ནས་རྒྱ་གཞུང་གིས་ཁས་ལེན་བྱས་པའི་རྒྱལ་ཚོགས་ཀྱི་རྒྱལ་སྤྱིའི་བུད་མེད་དབྱེ་འབྱེད་འགོག་ཐབས་ཀྱི་ཁྲིམས་སྒྲིག་ཁག་ལ་དོན་འཁྱོལ་ལག་བསྟར་བྱེད་ཀྱི་ཡོད་མེད་པ་དང་བོད་གཙོ་བོར་གྱུར་པའི་མངའ་འོག་ས་ཁུལ་ཁག་ཏུ་བེུད་ཀྱི་གནས་སྟངས་སྐོར་འདྲི་རྩད་ནན་པོ་བྱས་ཡོད་ཀྱང་རྒྱ་གཞུང་ནས་དེ་འབྲེལ་ལན་འདེབས་ཁ་གསལ་ཞུ་ཐུབ་མེད་པའི་གནས་སྟངས་བྱུང་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།