Tibetan Royal Year of 2151 | Year of the Wood Dragon

རྒྱ་ནག་ནང་སོག་པོའི་སྐད་ཡིག་ཐོག་ཡོད་པའི་བཻ་ནུ་ཞེས་པའི་སྤྱི་ཚོགས་དྲྭ་ཚིགས་སྒོ་བརྒྱབ་པ།

Tibetan News Headlines

  • In conversation with 3 former bodyguards of the Dalai Lama

རེས་གཟའ་ཉི་མ། ༢༠༢༤།༠༦།༡༦

  • ༸གོང་ས་མཆོག་གི་༸སྐུའི་སྲུང་བྱའི་ཐོག་ཞབས་ཞུ་བསྒྲུབས་མྱོང་མཁན་སྐུ་སྲུང་ཟུར་པ་གསུམ་དང་གླེང་མོལ།

རྒྱ་ནག་གཞུང་གིས་དབང་སྒྱུར་འོག་ཡོད་པའི་མི་རིགས་དག་གི་སྐད་ཡིག་དང་རིག་གཞུང་རྩ་མེད་གཏོང་བའི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་དང་སྦྲགས། གཟའ་འཁོར་སྔོན་མར་རྒྱ་ནག་གཞུང་གིས་ཁུལ་དེའི་ནང་སོག་སྐད་རང་གི་ཐོག་ཡོད་པའི་ Bainu ཞེས་པའི་སྤྱི་ཚོགས་དྲ་ལམ་གཅིག་པོ་དེ་སྒོ་བརྒྱབ་འདུག

ཨ་རིར་རྟེན་གཞི་བྱས་པའི་ Southern Mongolian Human Rights Information Center ཞེས་ལྷོ་སོག་གི་འགྲོ་བ་མིའི་ཐོབ་ཐང་དྲིལ་བསྒྲགས་ཀྱི་བསྟི་གནས་ཁང་གིས་རྒྱ་ནག་གཞུང་གིས་ཉེ་ལམ་ཟླ་ ༨ ཚེས་ ༢༣ ཉིན་ནང་སོག་གི་མི་གྲངས་འབུམ་བཞི་ལྷག་གིས་ལོངས་སུ་སྤྱོད་བཞིན་པའི་སོག་པོ་རང་གི་སྐད་ཡིག་ཐོག་ཡོད་པའི་ Bainu ཞེས་པའི་དྲྭ་ཚིགས་གཅིག་པོ་དེ་སྒོ་བརྒྱབ་ཡོད་པ་སྤེལ་འདུག  འོན་ཀྱང་ད་ཆ་དྲྭ་ཚིགས་དེའི་དྲྭ་སྣེར་སྣོན་ཐུབ་ཀྱང་དྲྭ་ཚིགས་དེ་བརྒྱུད་ཞིབ་གནས་གང་ཡང་མངོན་རྒྱུ་མེད་སྟབས་དྲྭ་ཚིགས་དེ་གཏན་འཇགས་དང་ཡང་ན་རེ་ཞིག་སྒོ་བརྒྱབ་པ་གང་ཡིན་ཤེས་རྟོགས་ཐུབ་དཀའ་སྐོར་གསུངས་འདུག 

གཞི་རྩའི་ཉེ་ཆར་རྒྱ་གཞུང་གིས་ནང་སོག་ནང་སོག་པོའི་སྐད་ཡིག་གཞི་རྩར་བཞག་ནས་ཤེས་ཡོན་དག་མེད་པ་བཟོ་རྒྱུའི་གནད་དོན་ཕྱིར་འགྱར་བྱུང་བ་དང་འབྲེལ། སོག་པོ་མང་ཚོགས་རྣམས་ནས་གནད་དོན་དེའི་ཐད་བཻ་ནུ་དྲྭ་ཚིགས་སུ་གླེང་སློང་གིས་དགག་པ་དང་མི་འདོད་པའི་རྣམ་པ་བསྟན་ཡོད་པ་རེད། ལྷག་པར་དུ་སྐད་འཕྲིན་བརྙན་འཕྲིན་ཐོག་ཏུའང་མང་ཚོགས་ཀྱིས་དེ་འབྲེལ་བརྗོད་གཞིའི་ཐོག་གླེང་མོལ་དང་གོ་བསྡུར་དུ་མ་གནང་བ་དང་སྦྲགས། གནད་དོན་དེའི་ཐད་བགྲོ་གླེང་གནང་བ་རྣམས་རྒྱ་གཞུང་གིས་བཀག་སྡོམ་དང་ཕྱིར་འཐེན་བྱས་པ་མ་ཟད་མང་ཚོགས་ཁག་ཅིག་ལ་རྒྱ་གཞུང་གི་སྤྱི་དམངས་བདེ་འཇགས་མི་སྣས་འདྲི་རྩད་དང་། དེ་བཞིན་སྐད་གཉིས་སློབ་གསོའི་སྲིད་བྱུས་དང་འབྲེལ་བའི་གནད་དོན་དྲིལ་བསྒྲགས་གནང་ཆོག་གི་མེད་པའི་ཉེན་བརྡ་བཏང་འདུག

ལྷོ་སོག་གི་འགྲོ་བ་མིའི་ཐོབ་ཐང་གི་བསྟི་གནས་ཁང་གི་འགན་འཛིན་ Enkhabtu ལགས་ཀྱིས་རྒྱ་གཞུང་ནས་དེ་སྔ་ཚུན་ཆད་ནས་རྒྱ་ནག་གི་སྐད་ཡིག་དང་འབྲེལ་ཤེས་ཡོན་སྲིད་བྱུས་གཏན་འབེབས་སླད་སོག་སྐད་རྩ་མེད་བཟོ་རྒྱུར་དམིགས་འབེན་བཟུང་ཡོད་པ་དང་། ང་ཚོས་རྒྱ་ནག་གི་ནང་སོག་གི་རིག་གཞུང་རྩ་མེད་བཟོ་ཐབས་ཀྱི་སྲིད་བྱུས་ལ་ཕྱོགས་ཡོངས་ནས་དགག་པ་ཡོད་ཅེས་གསུངས་འདུག་པ་དང་ཆབས་ཅིག རྒྱ་ནག་དམར་ཤོག་ཚོགས་པས་ནང་སོག་གི་སོག་པོ་རྣམས་ལ་དུས་ཡུན་རིང་པོ་ཞིག་ནས་དམ་དྲག་བྱས་པ་མ་ཟད་ད་ཆ་སྲིད་བྱུས་དེའི་འོག་སྐད་ཡིག་རྩ་མེད་བཟོ་ཚེ་སོག་པོའི་ངོ་བོ་མེད་པ་འགྱུར་ངེས་ཡིན་པ་གསུངས་འདུག

གཞི་རྩའི་རྒྱ་ནག་གི་ནང་སོག་གི་སློབ་གྲྭ་ཁག་དང་ཤེས་ཡོན་གྱི་བསྟི་གནས་ཁག་ཏུ་སོག་སྐད་མེད་པ་བཟོ་རྒྱུའི་སྲིད་བྱུས་དང་འབྲེལ། ཕྱི་ཟླ་ ༨ ཚེས་ ༣༠ ཉིན་སློབ་ཕྲུག་དང་མང་ཚོགས་རྣམས་ནས་ངོ་རྒོལ་གནང་ཡོད་པ་རེད། ལྷག་དོན་ལྷོ་སོག་གི་ས་ཁུལ་འདྲ་མིན་གྱི་Wrestler འམ་སྦེ་ག་རྩེད་རིགས་གཉེར་མཁན་རྣམས་ནས་དབྱར་དུས་ཀྱི་རྩེད་རིགས་དེར་མཉམ་ཞུགས་གནང་རྒྱུ་མིན་པའི་སྤྱི་བསྒྲགས་ཤིག་སྤེལ་འདུག 

རྩ་བའི་རྒྱ་ནག་གི་སྐད་གཉིས་སློབ་གསོའི་ཤེས་ཡོན་སྲིད་བྱུས་དེ་ནང་སོག་ཙམ་མིན་པར་ཤིན་ཅང་དང་བོད་པའི་སློབ་གྲྭ་ཁག་ཏུའང་རིམ་བཞིན་ལག་བསྟར་བྱེད་ཀྱི་ཡོད་པ་རེད།   ལྷག་པར་དུ་བོད་ཀྱི་སྐད་ཡིག་གི་གནད་དོན་དང་འབྲེལ་ཏེ་བོད་མིའི་སྐད་ཡིག་ལས་འགུལ་བ་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་དེ་སྔ་ཁམས་ཡུལ་ཤུལ་ཁུལ་དུ་རྒྱ་གཞུང་གིས་སློབ་གྲྭ་ཁག་ཏུ་བོད་ཡིག་སློབ་ཁྲིད་གནང་རྒྱུ་མེད་པ་བཟོས་པར་བརྟེན་ཁོང་གིས་ས་གནས་སྲིད་གཞུང་དང་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་ཕྱིན་ནས་ཁྲིམས་ཁང་དང་དབུས་བརྙན་འཕྲིན་ལས་ཁང་བཅས་ལ་དེ་འབྲེལ་ཞུ་གཏུག་ལན་མང་གནང་བ་མ་ཟད་རྗེས་སུ་ཁོང་གིས་ New York Times གསར་ཁང་ལ་དེའི་སྐོར་བཀའ་མོལ་གནང་སྟབས་རྒྱ་གཞུང་གིས་ཕྱི་ལོ་ ༢༠༡༦ ཟླ་ ༡ པོའི་ནང་ཁོང་འཛིན་བཟུང་དང་། དེ་བཞིན་ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས་ ༢༢ ཉིན་རྒྱལ་ཁབ་ཁ་བྲལ་གཏོང་རྒྱུའི་ཀུན་སློང་སྤེལ་བའི་ཉེས་མིང་འོག་ལོ་ལྔའི་ཁྲིམས་ཐག་བཅད་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།