fbpx

Tibetan Royal Year of 2150 | Year of the Water Rabbit

རྒྱ་ནག་ནི་འཛམ་གླིང་ནང་གི་གསར་འགོད་རང་དབང་གི་གནས་སྟངས་ཆེས་ཞན་ཤོས་ཡིན་པར་འཐེར་འདོན།

Tibetan News Headlines

 • བཞུགས་སྒར་དུ་༸རྒྱལ་ཡུམ་ཆེན་མོའི་དྲན་རྟེན་རྐང་སྤོལ་རྩེད་འགྲེན་ཐེངས་ ༢༨ པ་དབུ་འཛུགས།
 • མོན་གྷོ་འདོད་རྒུ་གླིང་གི་གཞིས་གྲོང་བཅུ་པ་ཕན་བདེ་གཞིས་གྲོང་དབུ་འབྱེད།
 • རྒྱ་གཞུང་ནས་གནམ་སྡེ་སྒོ་མོ་ཆེའི་མི་གསོད་ཁྲག་སྦྱོར་གྱི་དོན་རྐྱེན་ཐོག་འགན་ལེན་དགོས་པ།
 • རྒྱལ་ཚོགས་ཀྱི་ཆེད་མཁས་མི་སྣས་ Jimmy Lai གི་གནས་བབ་ཐད་ཐུགས་འཚབ་མངོན་གསལ།
 • ཁེ་ན་ཌའི་གྲོས་ཚོགས་འཐུས་མི་ཞིག་རྒྱ་ནག་གི་གཏན་འཇག་མིང་གཞུང་ནག་པོའི་ནང་ཡོད་པ་མངོན་གསལ།
 • གཞན་ཕན་ཁྱིམ་གསར་གྱི་གློག་བརྙན་ནང་ Nawazuddin མཉམ་ཞུགས་བྱ་རྒྱུ་ཡིན་འདུག

Thursday 01/06/2023

 • 28th GCM Football tournament begins in Dharamsala
 • CTA inaugurates new camp for Tibetans from Tibet in Mundgod
 • Right group urges China to acknowledge Tiananmen Massacre
 • UN experts express ‘grave concern’ over detention of Jimmy Lai in Hong Kong
 • Canadian MP under China evergreen blacklist, former Conservative leader targeted
 • Bollywood actor Nawazuddin teams up with Tibetan Director for ‘Karma’
(Visited 4 times, 1 visits today)

དེ་རིང་ཕྱི་ཟླ་ ༥ ཚེས་ ༣ ཉིན་འཛམ་གླིང་གསར་འགོད་རང་དབང་ཉིན་མོ་དང་བསྟུན། Reporters without Borders ཞེས་རྒྱལ་མཚམས་མེད་པའི་གསར་འགོད་པའི་ཚོགས་པས་ཕྱི་ལོ་ ༢༠༢༢༌༢༣ བར་གྱི་རྒྱལ་སྤྱིའི་གསར་འགོད་རང་དབང་གི་གནས་བབ་དང་འབྲེལ་བའི་ལོ་འཁོར་སྙན་ཐོ་འདོན་སྤེལ་གནང་བར་རྒྱ་ནག་ནི་འཛམ་གླིང་ནང་གི་གསར་འགོད་རང་དབང་གི་གནས་སྟངས་ཆེས་ཞན་ཤོས་གཤམ་ནས་རྩིས་པའི་ཨང་གཉིས་པ་ཡིན་པར་མངོན་གསལ་གནང་བ་མ་ཚད་པར་རྒྱ་ནག་དེ་ཉིད་གསར་འགོད་པ་འཛིན་བཟུང་བཙོན་འཇུག་བྱེད་མཁན་གྱི་རྒྱལ་ཁབ་ཆེས་སྡུག་ཤོས་ཡིན་པར་གསལ་འདོན་གནང་ཡོད།

རྒྱལ་མཚམས་མེད་པའི་གསར་འགོད་པའི་ཚོགས་པས་སྙན་ཐོར་རྒྱལ་སྤྱིའི་རྒྱལ་ཁབ་ ༡༨༠ ལྷག་གི་གསར་འགོད་རང་དབང་གི་གནས་བབ་སྐོར་ཞིབ་བཀོད་གནང་འདུག་པ་དང་སྦྲགས་ཏེ་གསར་འགོད་པའི་རང་དབང་གི་གནས་སྟངས་ཛ་དྲག་ཡོད་པའི་རྒྱལ་ཁབ་ ༣༡ དཀའ་རྙོག་ཕྲན་བུ་ཡོད་པའི་རྒྱལ་ཁབ་ ༥༥ དང་གསར་འགོད་པའི་རང་དབང་འདོད་བློ་ཁེངས་པའི་རྒྱལ་ཁབ་ ༥༢ ཡོད་པ་སོགས་གསལ་བཀོད་གནང་འདུག།

རྒྱ་ནག་དང་འབྲེལ་བའི་ཚན་པའི་ཁོངས་སུ་སྤྱིར་རྒྱ་ནག་གི་རྩ་ཁྲིམས་ནང་སྨྲ་བརྗོད་རང་དབང་དང་གསར་འགོད་པའི་རང་དབང་ལ་གུས་བརྩི་བྱེད་མཁན་གྱི་རྒྱལ་ཁབ་ཅིག་ཡིན་པར་བཤད་ཀྱང་། དོན་དངོས་ཐོག་རྒྱ་ནག་ནང་གསར་འགོད་རང་དབང་ལ་དམ་བསྒྲགས་བྱས་དང་བྱེད་བཞིན་པའི་གནས་སྟངས་ཡོད་པར་འགྲེལ་བརྗོད་གནང་འདུག་པར་མཟད། རྒྱ་ནག་སྲིད་གཞུང་གིས་འདས་པའི་དུས་ཡུན་ནང་ཕྱི་ཕྱོགས་ཀྱི་གསར་འགོད་པ་ཕྱིར་འབུད་བཏང་བ་གཙོས་འཛིན་བཟུང་བཀག་ཉར་བྱས་པའི་གནད་དོན་སོགས་ཐེར་འདོན་གནང་འདུག

དེ་བཞིན་སྲིད་འཛིན་ཞི་ཅིན་ཕིང་གིས་སྣེ་ཁྲིད་པའི་རྒྱ་གཞུང་གིས་ཕྱི་ཕྱོགས་ལ་དྲ་རྒྱ་བརྒྱུད་ནས་གནས་ཚུལ་ཁྱབ་སྤེལ་ལ་དམ་བསྒྲགས་ཤུགས་ཆེ་བྱས་པ་དང་གསར་འགོད་ཀྱི་ལས་རིགས་ཡོངས་རྫོགས་ལ་སྔར་ལྷག་ཞིབ་བཤེར་ནན་པོ་བྱེད་ཀྱི་ཡོད་སྐོར་འགྲེལ་བརྗོད་གནང་འདུག

རྒྱ་ནག་གཞུང་གིས་གཉེར་བའི་ CCTV བརྙན་འཕྲིན་དང་ CNR གཞུང་འབྲེལ་རླུང་འཕྲིན་ཁག་གིས་ལས་དོན་གཙོ་བོར་རྒྱ་ནག་རྒྱལ་ནང་གཙོས་རྒྱལ་སྤྱིའི་ཁྲོད་རྒྱ་ནག་གི་འཁྱོག་བཤད་དྲིལ་བསྒྲགས་ཁྱབ་སྤེལ་དང་རྒྱ་ནག་དམར་ཤོག་ཚོགས་པའི་ལྟ་སྤྱོད་སོགས་དྲིལ་བསྒྲགས་བྱེད་ཀྱི་ཡོད་པར་མངོན་གསལ་གནང་འདུག།ལྷག་དོན་རྒྱ་གཞུང་དང་ལྟ་སྤྱོད་མི་མཐུན་མཁན་གྱི་གསར་འགོད་པ་རྣམས་ལ་རྒྱ་ནག་གི་ཕྱི་ཕྱོགས་སུ་བསྐྱོད་པར་དམ་བསྒྲགས་སྔར་ལྷག་བྱེད་མུས་ཡིན་པ་གསལ་བཀོད་བྱས་ཏེ་ཁོང་རྣམ་པའི་སྡོད་ཁང་ལའང་གསང་མྱུལ་བྱེད་བཞིན་ཡོད་པའང་བཀོད་འདུག

འདི་ལོའི་སྙན་ཐོ་ནང་ད་ཆ་རྒྱ་གཞུང་གིས་གསར་འགོད་ཀྱི་ལས་རིགས་དང་འབྲེལ་གསར་འགོད་པ་ ༡༠༠ ལྷག་འཛིན་བཟུང་བཀག་བྱས་ཡོད་པ་དང་། རྒྱ་ནག་ནང་གི་ཆེས་ཞན་པའི་འགྲོ་བ་མིའི་ཐོབ་ཐང་དང་ཏོག་དབྱིབས་གཉན་རིམས་ ༡༩ དང་འབྲེལ་དངོས་ཡོད་གནས་ཚུལ་ཕྱི་ཕྱོགས་སུ་སྤེལ་མཁན་རྣམས་ལ་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་བཟོ་བའི་ཉེས་འཛུགས་ཀྱིས་འཛིན་བཟུང་བཀག་ཉར་དང་གསང་ཉུལ་བའི་ཉེས་མིང་འོག་མི་སྤྱོད་ལས་འདས་པའི་བཟོད་གླགས་བྲལ་བའི་གནར་གཅོད་བཏང་དང་གཏོང་བཞིན་ཡོད་པའི་རྣམ་པ་མངོན་གསལ་དང་ཆགས་ཅིག་ཏུ་ཁྲིམས་མཐུན་ཞིབ་དཔྱོད་ཀྱི་ཐོབ་ཐང་གང་ཡང་མེད་སྐོར་ཐེར་འདོན་གནང་འདུག

གཞི་རྩའི་རྒྱལ་མཚམས་མེད་པའི་གསར་འགོད་པའི་ཚོགས་པས་ཕྱི་ལོ་ ༢༠༢༢ ལོའི་སྙན་ཐོ་ནང་རྒྱ་ནག་ནི་འཛམ་གླིང་ནང་གི་གསར་འགོད་རང་དབང་གི་གནས་སྟངས་ཆེས་ཞན་ཤོས་གཤམ་ནས་རྩིས་པའི་ཨང་ལྔ་པར་མངོན་གསལ་དང་འདི་ལོའི་སྙན་ཐོ་ནང་གསར་འགོད་རང་དབང་གི་གནས་སྟངས་ཆེས་ཞན་ཤོས་རྒྱལ་ཁབ་ ༣༡ མིང་འདོན་གནང་བ་ལས་རྒྱ་ནག་དེ་གཤམ་ནས་རྩིས་པའི་ཨང་གཉིས་པ་དེ་ཆགས་ཀྱི་འདུག།ཐེངས་འདིའི་སྙན་ཐོ་ནང་ནོར་ཝེ་རྒྱལ་ཁབ་དེ་ཉིད་ལོ་བདུན་བསྟུད་མར་གསར་འགོད་རང་དབང་གི་གནས་སྟངས་ཡག་ཤོས་སུ་ངོས་འཛིན་གནང་འདུག་ལ། བྱང་ཀོ་རི་ཡ་དེ་གསར་འགོད་རང་དབང་གི་གནས་སྟངས་ཆེས་ཞན་ཤོས་རྒྱལ་ཁབ་སུ་ངོས་འཛིན་གནང་ཡོད། འབྲེལ་ཡོད་པར་བདག་དབང་། unmissions.org

(Visited 88 times, 1 visits today)

འབྲེལ་ཡོད་གསར་གནས།

གསར་གནས།