Tibetan Royal Year of 2151 | Year of the Wood Dragon

རྒྱ་ནག་ལས་ཆུ་དམག་ཡོང་བའི་ཞེད་སྣང་འོག་རྒྱ་གར་གྱིས་ཆུ་མཛོད་ཆེ་ཤོས་གསར་རྒྱག་གི་ལས་གཞི་དབུ་འཛུགས།

Tibetan News Headlines

  • 14th General body meeting of TWA concludes with Tsering Dolma as the new President
  • Abbot of Tashi Lhunpo urges active support on Panchen Lama issue ahead of rinpoche’s35th birthday
  • Dalai Lama grants audience to members of Indian journalist fraternity
  • Long time president of SOS Children’s village Helmut Kutin passes away at 82
  • US Senate passes bill to force sale of TikTok, sending it to Biden
  • Launch of Shivdham Kailash Mansarovar Tibet freedom association marks global initiative for religious freedom

རེས་གཟའ་ལྷག་པ། ༢༠༢༤།༠༤།༢༤

  • བུད་མེད་ལྷན་ཚོགས་སྐབས་ ༡༤ པའི་དབུས་སྤྱི་ཁྱབ་རྒྱུན་ལས་གསར་བསྐོ་དང་འབྲེལ་ཚོགས་ཆེན་ཐེངས་ ༡༤ པ་མཇུག་སྒྲིལ།
  • ༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་གནད་དོན་ཐོག་མི་མང་ནས་གོ་རྟོགས་ཀྱི་ལས་འགུལ་སྤེལ་གནང་ཡོང་བའི་སྐུལ་འདེབས།
  • འཛམ་གླིང་གི་ཡང་དག་པའི་བསམ་བློ་བ་ཕལ་མོ་ཆེས་སྐུའི་ཡང་སྲིད་ཀྱི་སྐུ་དབང་༸གོང་ས་མཆོག་༸གང་ཉིད་ལ་ཡོད་པ་ངོས་འཛིན་གནང་འདུག
  • རྒྱལ་སྤྱིའི་ SOS བུ་ཕྲུག་ཁྱིམ་སྡེའི་ཚོགས་གཙོ་ཟུར་པ་ Helmut Kutin མཆོག་འདས་གྲོངས་སུ་གྱུར་འདུག
  • རྒྱ་ནག་གི་ཊིག་ཊོག་མཉེན་ཆས་བཀག་སྡོམ་དང་འབྲེལ་བའི་ཁྲིམས་འཆར་ལ་གྲོས་ཚོགས་གོང་མའི་རྒྱབ་སྐྱོར་ཐོབ་འདུག
  • གངས་རིན་པོ་ཆེའི་གནས་མཆོག་དེ་ཉིད་རྒྱའི་དབང་སྒྱུར་ནས་བཅིངས་གྲོལ་ཐུབ་ཆེད་ཚོགས་པ་གསར་འཛུགས།

རྒྱ་གར་དབུས་གཞུང་གིས་རྒྱ་ནག་གིས་རྒྱ་གར་ལ་ཆུ་དམག་བརྒྱབ་པའི་ཞེད་སྣང་འོག་ནས་བྱང་ཤར་ཨ་རུ་ནཱ་ཅལ་མངའ་སྡེའི་ Upper Subansiri ཞེས་པའི་རྫོང་ཁོངས་སུ་གློག་ཤུགས་ ༡༡༠༠༠ ཅན་ཆུ་མཛོད་ཆེ་ཤོས་གསར་རྒྱག་གི་ལས་གཞི་ཞིག་དབུ་འཛུགས་གནང་འདུག་པ་མ་ཟདདེ་སྔོན་མཇུག་སྐྱོང་གནང་མ་ཐུབ་པ་དེ་མུར་ལུས་པའི་འབྲེལ་ཡོད་ལས་གཞི་གཞན་ཁག་གསུམ་ཙམ་རྒྱ་གར་རྒྱལ་ཡོངས་ཆུ་མཛོད་ལས་ཁང་ལ་རྩིས་སྤྲོད་ཀྱིས་གང་མགྱོགས་ལས་གཞི་དེ་ལག་བསྟར་གནང་རྒྱུའི་གྲ་སྒྲིག་གནང་བཞིན་པ་རེད་འདུག

དེའང་རྒྱ་གར་གྱི་དུས་བབ་གསར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་ནག་གི་ངོས་ནས་སྔ་རྗེས་སུ་འཕགས་བོད་གཉིས་ཀྱི་ས་མཚམས་ཁུལ་དུ་ཆུ་མཛོད་གསར་རྒྱག་གི་ལས་གཞི་མང་དག་ཅིག་སྤེལ་བའི་ཁོངས་ནས་མེ་ཏོག་རྫོང་གི་ཉེ་འཁྲིསུ་ཆགས་པའི་ཡར་ཀླུངས་གཙང་པོའི་ཐོག་གློག་ཤུགས་ ༦༠༠༠༠ ཅན་གྱི་ཆུ་མཛོད་གསར་བསྐྲུན་མཚོན་པའི་ལས་གཞི་མང་དག་ཅིག་རྒྱ་སྐྱེད་གཏོང་བཞིན་ཡོད་སྟབས་དེར་གདོང་ལེན་ཚུལ་དུ་ད་རེས་ཀྱི་ལས་གཞི་དེ་སྤེལ་བ་ཞིག་ཆགས་ཀྱི་འདུག

རྒྱ་ནག་གི་གློག་ཤུགས་ ༦༠༠༠༠ ཅན་གྱི་ཆུ་མཛོད་གསར་བསྐྲུན་ལས་གཞི་དེ་སྤེལ་བའི་དབང་གིས་རྒྱ་གར་ལ་དོ་ཕོག་འགྲོ་ཉེན་ཆེ་བའི་རྒྱུ་མཚན་ཁག་གཅིག་ཡོད་པ་ལསགལ་སྟེ་རྒྱ་ནག་གིས་ཆུ་མཛོད་ཀྱི་ལས་གཞི་དེའི་ཁྲོད་གཙང་པོའི་ཁ་ཕྱོགས་བསྒྱུར་ཚེ་ཆུ་དཀོན་པོའི་རང་བཞིན་དང་ཆུ་ལོག་རྒྱུག་པ་སོགས་ཀྱི་རྐྱེན་གྱིས་ཨ་རུ་ནཱ་ཅལ་གྱི་མང་ཚོགས་དུ་མའི་འཚོ་རྟེན་ལ་དོ་ཕོག་འགྲོ་བ་མ་ཚད་པར་རྒྱ་ནག་གིས་གློ་བུར་དུ་ཆུ་གློད་ན་ཨ་སམ་ནང་གི་མང་ཚོགས་རྣམས་ལའང་དེ་མཚུངས་སུ་ངལ་བ་འཕྲད་རྒྱུ་དང་ལྷག་དོན་ཁུལ་དེའི་ཁོར་ཡུག་བཅས་པར་དཀའ་ངལ་འཕྲད་གཞི་ལས་མ་འདས་སོ་ཞེས་སོགས་བཀོད་འདུག

རྒྱ་གར་དབུས་གཞུང་གི་འབྲེལ་ཡོད་ལས་བྱེད་ཀྱིས་ཐེངས་འདིའི་རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་མངའ་སྡེའི་ Upper Subansiri ཞེས་པའི་རྫོང་ཁོངས་སུ་གློག་ཤུགས་ ༡༡༠༠༠ ཅན་ཆུ་མཛོད་ཆེ་ཤོས་གསར་རྒྱག་གི་ལས་གཞི་དབུ་འཛུགས་གནང་བ་ལས་ Lower Subansiri རྫོང་ཁོངས་སུ་གློག་ཤུགས་ ༢༠༠༠ ཅན་ཆུ་མཛོད་ཀྱི་ལས་གཞི་དེ་ཉིད་འདི་ལོའི་ལོ་དཀྱིལ་ཙམ་ལ་ལེགས་གྲུབ་ཐུབ་ཀྱི་ཡོད་པ་དང་། ལས་གཞི་དེའི་བརྒྱུད་རྒྱ་གར་ལ་ཆུ་སྐམ་ཉེན་ལས་ཉེན་ཚབས་ཆུང་དུ་བཏང་བ་མ་ཟད། རྒྱ་ནག་གིས་གཙང་ཆུ་ཁ་སྒྱུར། དེ་བཞིན་གློ་བུར་དུ་གཙང་ཆུ་གློད་པ་སོགས་ཀྱི་གནད་ཚུལ་རིགས་བྱུང་སྐབས་རམ་འདེགས་ཞུ་ཐུབ་རྒྱུ་ཡོད་པ་གསུངས་འདུག་པ་དང་ཆབས་ཅིག ལས་གཞི་དེ་དག་ནི་རྒྱ་དཀར་ནག་གཉིས་དབར་ཐབས་བྱུས་དང་འབྲེལ་བའི་ལས་དོན་གཙོ་ཆེ་ཞིག་ཆགས་ཡོད་ཅེས་གསུངས་ཡོད།

མ་ཟད། ནད་དོན་དེ་ནི་རྒྱ་གར་བྱང་ཤར་ཁོ་ནའི་གནད་དོན་ཙམ་མིན་པར་རྒྱལ་ཁབ་ཀྱི་གནད་དོན་ཞིག་ཡིན་པར་གསུངས་འདུག

ད་དུང་འབྲེལ་ཡོད་ལས་བྱེད་ཀྱིས་དཔྱད་ཞིབ་པ་མཁས་པ་ཚོས་ཀྱང་རྒྱ་ནག་གིས་མེ་ཏོག་ཁུལ་གྱི་ཆུ་མཛོད་དེ་ཉིད་སྲིད་དོན་ཀྱི་ལག་ཆར་སྤྱོད་སྲིད་སྟབས་དེས་རྒྱ་གར་དང་བྷང་ལ་དེ་ཤ་བཅས་པར་ཤུགས་རྐྱེན་ཐེབས་ངེས་ཡིན་སྐོར་གསུངས་པ་ལུང་འདྲེན་དང་འབྲེལརྒྱ་གར་གྱི་ངོས་ནས་དེ་ལྟར་བློ་འཚབ་ཆེས་ཆེར་གནང་དོན་ནི་རྒྱ་གར་ལྟ་བུར་ཆ་མཚོན་ན། ཡར་ཀླུངས་གཙང་པོ་ལས་འཐུང་ཆུ་གཙང་མ་བརྒྱ་ཆ་ ༣༠ རག་པ་དང་རྒྱལ་ཁབ་ཀྱི་ཆུ་ཤུགས་གློག་འདོན་ལ་བརྒྱ་ཆ་ ༤༠ ཕན་ནུས་ལྡན་པ་ཡོང་ཐུབ་ཀྱི་ཡོད་པ་དང་། བརྒྱ་ཆ་ ༥༠ རྒྱ་ནག་གི་མངའ་ཁོངས་ལ་ཡོད་པ་བཅས་ཀྱི་གནས་བབ་ཐོག་ནས་དེ་ལྟར་གནང་གི་ཡོད་ཅེས་གསུངས་འདུག

དེ་བཞིན་ཁོང་གིས་རྒྱ་གར་གྱི་ཕྱོགས་ནས་རྒྱ་ནག་གིས་ཆུ་མཛོད་གསར་རྒྱག་བྱས་ནས་ཡར་ཀླུངས་གཙང་པོའི་ཁ་ཕྱོགས་བསྒྱུར་བའི་ལས་གཞི་སྤེལ་བ་དེ་ཁོ་ནར་བློ་འཚབ་གནང་བ་ཞིག་མིན་པར་རྒྱ་ནག་གི་ངོས་ནས་དུས་ནམ་ཞིག་ལ་ཆུ་དེ་དག་གློད་སྲིད་པ་དང་དེའི་དབང་གིས་ཨ་རུ་ནཱ་ཅལ་མངའ་སྡེ་དང་ཨ་སམ་བཅས་ལ་ཆུ་ལོག་སོགས་ཀྱི་ངལ་བ་ཆེས་ཆེར་འཕྲད་ཉེན་ཡོད་སྟབས། རྒྱ་གར་གྱིས་རྒྱ་ནག་གི་ཅི་བྱ་གཏོལ་མེད་ཀྱི་ལས་དོན་ལ་གདོང་ལེན་གནང་ཕྱིར་དེ་འབྲེལ་ལས་གཞི་མགྱོགས་སུ་གཏོང་གནད་ཆགས་ཡོད་ཅེས་གསུངས་འདུག

ཆུ་ཤུགས་གློག་འདོན་གྱི་ལས་གཞི་དེ་ནི་ཨུ་ར་ནཱ་ཅལ་མངའ་སྡེ་དང་ཨ་སམ་གཉིས་ཀྱི་ནང་འཐུང་ཆུ་དཀོན་པ་དང་སྐམ་ཉེན་གྱི་ཉེན་འཚབ་ཆུང་དུ་གཏོང་རྒྱུ་གཙོས་དེ་བཞིན་ཆུ་ལོག་བཅས་ཀྱི་ཉེན་སེལ་ལ་དམིགས་པ་ཞིག་ཆགས་ཡོད་པ་དང་། རྒྱ་གར་གྱི་ཆུ་མཛོད་ཆེ་ཤོས་གསར་རྒྱག་གི་ལས་གཞི་དེས་རྒྱ་ནག་གིས་བསྐྲུན་པའི་གློག་ཤུགས་ཆེ་བའི་གཙང་ཆུ་ཁ་སྒྱུར་ལས་ཉེན་སྲུང་དང་དེ་བཞིན་ཨ་རུ་ནཱ་ཅལ་མངའ་སྡེའི་གཞི་རིམ་མང་ཚོགས་ཀྱི་འཚོ་རྟེན་དང་ལས་ཀའི་གོ་སྐབས་བསྐྲུན་རྒྱུ་ལ་སོགས་པའི་དགེ་མཚན་ལྡན་ཡོད་སྐོར་གསུངས་འདུག་ལ། རྒྱ་གར་གྱི་ཕྱོགས་ནས་ཆུ་མཛོད་དེ་ལེགས་གྲུབ་ཐུབ་ཚེ་རྒྱ་གར་རང་ཉིད་ཀྱིས་ཀྱང་ཆུ་གསོག་འཇོག་མང་བ་ཐུབ་པ་མ་ཚད་པར་ཆུ་ལོག་གི་ངལ་འཕྲད་ལས་རྣམ་པར་རྒྱལ་བར་ཉེན་ཁ་ཆུང་དུ་འགྲོ་ངེས་ཡིན་པར་གསུངས་འདུག

འབྲེལ་ཡོད་གསར་གནས།

གསར་གནས།