fbpx

Tibetan Royal Year of 2150 | Year of the Water Rabbit

རྒྱ་རིགས་དམག་མི་ཞིག་བསད་པའི་ཉེས་མིང་འོག་འཛིན་བཟུང་བྱས་པ།

Tibetan News Headlines

  • བཞུགས་སྒར་དུ་༸རྒྱལ་ཡུམ་ཆེན་མོའི་དྲན་རྟེན་རྐང་སྤོལ་རྩེད་འགྲེན་ཐེངས་ ༢༨ པ་དབུ་འཛུགས།
  • མོན་གྷོ་འདོད་རྒུ་གླིང་གི་གཞིས་གྲོང་བཅུ་པ་ཕན་བདེ་གཞིས་གྲོང་དབུ་འབྱེད།
  • རྒྱ་གཞུང་ནས་གནམ་སྡེ་སྒོ་མོ་ཆེའི་མི་གསོད་ཁྲག་སྦྱོར་གྱི་དོན་རྐྱེན་ཐོག་འགན་ལེན་དགོས་པ།
  • རྒྱལ་ཚོགས་ཀྱི་ཆེད་མཁས་མི་སྣས་ Jimmy Lai གི་གནས་བབ་ཐད་ཐུགས་འཚབ་མངོན་གསལ།
  • ཁེ་ན་ཌའི་གྲོས་ཚོགས་འཐུས་མི་ཞིག་རྒྱ་ནག་གི་གཏན་འཇག་མིང་གཞུང་ནག་པོའི་ནང་ཡོད་པ་མངོན་གསལ།
  • གཞན་ཕན་ཁྱིམ་གསར་གྱི་གློག་བརྙན་ནང་ Nawazuddin མཉམ་ཞུགས་བྱ་རྒྱུ་ཡིན་འདུག

Thursday 01/06/2023

  • 28th GCM Football tournament begins in Dharamsala
  • CTA inaugurates new camp for Tibetans from Tibet in Mundgod
  • Right group urges China to acknowledge Tiananmen Massacre
  • UN experts express ‘grave concern’ over detention of Jimmy Lai in Hong Kong
  • Canadian MP under China evergreen blacklist, former Conservative leader targeted
  • Bollywood actor Nawazuddin teams up with Tibetan Director for ‘Karma’
(Visited 4 times, 1 visits today)

བོད་སེར་ཤུལ་རྫོང་ནས་ཡིན་པའི་བོད་པའི་དམག་མི་ཚེ་དཔལ་ལགས་ཀྱིས་རྒྱ་རིགས་དམག་མི་ཞིག་བསད་པའི་ཉེས་མིང་འོག་འཛིན་བཟུང་བྱས་འདུག

བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་དུས་བབ་གསར་ཁང་གིས་གནས་ཚུལ་སྤེལ་བར་སྔ་ལོའི་ཕྱི་ཟླ་ ༩ ནང་བོད་སེར་ཤུལ་རྫོང་ཁོངས་ནས་ཡིན་པའི་བོད་མི་ཚེ་དཔལ་ལགས་དམག་ཁོངས་ནས་ཕྱིར་རང་ཁྱིམ་དུ་གུང་སེང་ལ་ཡོང་ཡོད་པ་དང་། ཉིན་ཞིག་ཁོང་ཁྲོམ་གཞུང་དུ་ཅ་ལག་ཉོ་བར་སྐྱོད་སྐབས་ཤ་སྲེག་ཚོང་ཁང་ཞིག་ཏུ་རྒྱའི་དམག་མི་གཉིས་ཀྱིས་བོད་མི་སློང་མོ་བ་ཞིག་ལ་ཕར་རྒྱུག་ཟེར་ནས་ཕུག་རྒྱག་བཏང་སྟབས་སློང་མོ་དེ་ས་ལ་འགྱེལ་བ་སོགས་བརྙས་བཅོས་བྱེད་བཞིན་པ་གཟིགས་པར་བརྟེན་ཁོང་གིས་རྒྱ་རིགས་དམག་མི་གཉིས་ལ་ཉམ་ཆུང་ཞིག་ལ་བརྙས་བཅོས་བྱེད་དགོས་དོན་གང་ཡིན་ནམ་ཞེས་དྲིས་དྲིས་པར་དམག་མི་དེ་ཚོས་བོད་པ་འདི་ཚོ་སེམས་ཅན་དང་གཅིག་པ་རེད་འདུག་ཅེས་བཤད་ནས་སླར་སློང་མོ་བར་རྡུང་རྩིས་བྱས་འདུག

ཚེ་དཔལ་ལགས་ཁོང་ཁྲོ་ལངས་ནས་འཛིང་རེས་བྱས་པའི་ཁྲོད་དམག་མི་གཅིག་བསད་ཡོད་པ་དང་། གཞན་དེ་བྲོས་ཕྱིན་པའི་རྗེས་སུ་དེ་མ་ཐག་ཉེན་རྟོག་པ་བསླེབས་ནས་ཚེ་དཔལ་ལགས་འཛིན་བཟུང་བྱས་ཡོད་པ་དང་། སྐབས་དེར་ཁྲོམ་གཞུང་དུ་མི་མང་པོ་འཛོམས་ཡོད་པའི་ཁོངས་ནས་ཁ་ཤས་ཀྱི་ཚེ་དཔལ་ལགས་ཀྱིས་ཉམ་ཆུང་ལ་སྲུང་སྐྱོབ་གནང་བའི་བྱ་སྤྱོད་ལ་སྔགས་བརྗོད་ཀྱང་གནང་བ་བྱུང་འདུག

ཚེ་དཔལ་འཛིན་བཟུང་བྱས་ནས་ཉིན་གྲངས་གསུམ་གྱི་རྗེས་སུ་ཁོང་གི་ནང་མི་ཉེན་རྟོག་ཁང་དུ་བསྐོང་སྟེ་གང་ཟག་གཞན་སྐབས་དེའི་གནས་ཚུལ་སྐོར་བཤད་མི་ཆོག་པ་དང་། ཅི་སྟེ་བཤད་པ་ཡིན་ན་ཉེས་ཆད་ཕོག་རྒྱུ་ཡིན་ལུགས་ཀྱི་ཉེན་བརྡ་བཏང་འདུག

ཤེས་རྟོགས་བྱུང་བར། ཚེ་དཔལ་ལགས་ཀྱིས་བསད་པའི་མི་དེ་རྒྱ་མིའི་དམག་དཔོན་ཆུང་གྲས་ཤིག་ཡིན་སྟབས། ཁོང་ལ་ཁྲིམས་རྩོད་པ་གླ་རྒྱུའི་ཆོག་མཆན་མ་སྤྲད་པའི་ཐོག་ནས་ཐག་གཅོད་བྱ་སྲིད་ཉེན་ཡོད་པའི་ཁྲོད། ལོ་ ༡༦ ནས་ ༡༨ བར་གྱི་བཙོན་འཇུག་ཁྲིམས་ཆད་ཕོག་སྲིད་པ་རེད་འདུག ད་ལྟའི་ཆར་ཚེ་དཔལ་ལགས་དཀར་མཛེས་ཁུལ་གི་བཀག་ཉར་ཁང་ཞིག་ཏུ་བཞག་ཡོད་པ་དང་། ཁོང་ལ་རང་གི་ནང་མི་ཚོ་དང་འབྲེལ་གཏུག་གནང་མ་བཅུག་པར་ཟླ་བ་ལྔ་ལྷག་འགྲོ་བཞིན་ཡོད་པ་རེད།

ཚེ་དཔལ་ལགས་ད་ལྟ་རང་ལོ་ ༢༡ ཙམ་ཡིན་པ་དང་ཁོང་གི་ཨ་མ་ལགས་སྔ་མོ་ནས་འདས་གྲོངས་སུ་ཕྱིན་ཟིན་པ་དང་། རང་ལོ་ ༥ ཙམ་ནས་སེར་ཤུལ་རྫོང་དུ་པཱ་ལགས་པདྨ་རྡོ་རྗེ་ལགས་དང་ལྷན་དུ་བཞུགས་ཀྱི་ཡོད་པ་དང་། སྔ་ལོའི་ཕྱི་ལོ་ཕྱི་ཟླ་ ༣ པ་ཡས་མས་ལ་དམག་ཁོངས་སུ་ཞུགས་འདུག པར་བདག་དབང་བོད་ཀྱི་དུས་བབ།

(Visited 222 times, 1 visits today)

འབྲེལ་ཡོད་གསར་གནས།

གསར་གནས།