Tibetan Royal Year of 2151 | Year of the Wood Dragon

རྒྱལ་ཚོགས་ཀྱི་ལྷན་ཚོགས་དང་བསྟུན་ཁམས་སྡེ་དགེའི་གནད་དོན་ཐད་ཟུར་ཚོགས་ཞིག་ཚོགས་གནང་འདུག

Tibetan News Headlines

  • Organic Research and Training Centre: Inculcating sustainable farming with modern approach among Tibetans in exile

རེས་གཟའ་ཉི་མ། ༢༠༢༤།༠༧།༡༤

  • སྦེལ་ཀོབ་སྐྱེ་ལྡན་སོ་ནམ་ཉམས་ཞིབ་སྦྱོང་བརྡར་ཁང་གི་སྐོར་གླེང་མོལ།

སུད་སིའི་ Geneva གྲོང་ཁྱེར་ནང་དུ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༥༦ པ་ཚོགས་བཞིན་པ་དང་བསྟུན། བོད་ཁམས་སྡེ་དགེ་ནང་དུ་རྒྱ་གཞུང་གིས་ཆུ་མཛོད་གསར་རྒྱག་གི་ལས་གཞིར་བོད་མིའི་ངོ་རྒོལ་གནང་བའི་གནད་དོན་ཐད་ཟུར་ཚོགས་ཞིག་ཚོགས་གནང་འདུག

China's suppression of Tibetan protests over hydropower discussed

དེ་ཡང་རྒྱལ་ཚོགས་ནང་དུ་ Helsinki Foundation for Human Rights ཞེས་ཧེ་ལེན་སི་ཀི་འགྲོ་བ་མིའི་ཐོབ་ཐང་ཐེབས་རྩ་ཁང་གིས་གོ་སྒྲིག་འོག སྡེ་དགེ་ནང་གི་ཆུ་མཛོད་གསར་རྒྱག་གི་ལས་གཞིར་བོད་མིས་ངོ་རྒོལ་གནང་བའི་གནད་དོན་ཐོག་ཟུར་ཚོགས་དེ་ཚོགས་ཡོད་པའི་ཐོག་ལ། Tibet Action Institute འམ་བོད་དོན་ལས་འགུལ་ལྟེ་གནས་ཁང་གི་ངེས་སྟོན་པ་བོད་དོན་ལས་འགུལ་བ་ལྷ་སྒྲོན་བཀྲས་མཐོང་ལགས་དང་རི་མཐོ་ས་གཙང་གི་དྲ་གནས་གསར་བཙུགས་གནང་མཁན་བདེ་ཆེན་སྤེན་པ་ལགས། དེ་བཞིན་རྒྱལ་སྤྱི་བོད་དོན་ལས་འགུལ་ཁང་གི་ཞུ་གཏུགས་དང་ཉམས་ཞིབ་ལས་བྱེད་དཔལ་མོ་བསྟན་འཛིན་ལགས་བཅས་ Tibet Advocacy Coalition རྒྱལ་ཚོགས་ནང་བོད་དོན་རྒྱབ་སྐྱོར་ཚོགས་པ་འདྲ་མིན་གྱི་འཐུས་མི་ལས་གྲུབ་པའི་བོད་དོན་ཞུ་གཏུགས་ཚོགས་པས་ཚོགས་མི་གསུམ་ནས་ཁམས་སྡེ་དགེ་ས་གནས་ཀྱི་ཆགས་ཚུལ་དང་ཁོར་ཡུག དེ་བཞིན་རིག་གཞུང་གི་ཐད་ནས་གནད་དགག་དང་།  དེ་བཞིན་རྒྱལ་ཚོགས་ཀྱི་ཐུགས་འགན་བཞེས་ཕྱོགས་བཅས་ཀྱི་སྐོར་ལ་འགྲོ་གླེང་ལྷུག་པོ་གནང་འདུག

འདི་གའི་གསར་འགོད་པའི་དེ་རིང་བདེ་ཆེན་སྤེན་པ་ལགས་སུ་ཞལ་པར་བརྒྱུད་བཀའ་འདྲི་ཞུས་སྐབས། ཁོང་གིས་འདི་ལོ་རྒྱལ་ཚོགས་ནང་དུ་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་དུས་བཀག་བསྐྱར་ཞིབ་ཐེངས་བཞི་པའི་ཐོག་རྒྱལ་ཁབ་མང་དག་ཞིག་ནས་རྒྱ་ནག་ལ་སྐྱོན་བརྗོད་ཤུགས་ཆེ་བྱས་པ་དང་འབྲེལ། ད་ལྟའི་ཆར་རྒྱལ་ཚོགས་ནང་དུ་སྡེ་དགེ་གཙོས་པའི་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གླེང་སློང་གང་མང་གནང་དགོས་གལ་ཡིན་པ་ལྟར། ཁ་སའི་ཟུར་ཚོགས་ཐོག་ལ་རྒྱལ་ཁབ་འདྲ་མིན་ ༡༡ ཙམ་གྱི་སྐུ་ཚབ་ཆེད་ཕེབས་གནང་བ་མ་ཟད་རྒྱ་མིའི་ལས་བྱེད་པ་ཡང་མཉམ་ཞུགས་གནང་ཡོད་སྐོར་སོགས་གསུངས་སོང་།

China's suppression of Tibetan protests over hydropower discussed
Photo Credit: Kai Müller

གཞི་རྩའི་རྒྱ་གཞུང་གིས་ཕྱི་ལོ་ ༢༠༢༡ ནས་ ༢༠༢༥ བར་ལོ་ལྔ་ཚན་གྱི་འཆར་གཞི་ཐེངས་བཅུ་བཞི་པའི་ཁྲོད། བོད་ཀྱི་རྨ་བྱ་ཁ་འབབ་དང་ཡར་ཀླུང་གཙང་པོའི་ཆུ་རྒྱུན་སོགས་སུ་ཆུ་མཛོད་ཆེ་གྲས་ཞིག་གསར་རྒྱག་དང་། ལྷག་པར་དུ་སྡེ་དགེ་རྫོང་ནང་གློག་ཁང་ཆེ་གྲས་གསར་རྒྱག་གི་ལས་གཞི་སྤེལ་ཆེད་རྫོང་དེའི་ནང་གི་འབྲི་ཆུའི་བཞུར་རྒྱུན་དུ་སྐམ་ཐོག་ཆུ་ཤུགས་གློག་ཁང་ཟེར་བ་འཛུགས་སྐྲུན་བྱ་རྒྱུ་ལ་ཁ་གཡར་ཏེ། སྡེ་དགེ་རྫོང་ཁུལ་གྱི་དབོན་སྟོད་དགོན་དང་། ཡེ་ན་དགོན། མཁའ་མདོ་དགོན་པ། རབ་བསྟན་དགོན་པ། དགོན་སར་དགོན་པ། བཀྲ་ཤིས་དགོན་བཅས་དགོན་སྡེ་དྲུག་བཙན་གཏོར་དང་། གྲོང་ཚོ་གཉིས་བཙན་དབང་གི་གཞིས་སྤོ་བྱ་དགོས་པའི་བཙན་བཀའ་བཏང་བ་དང་འབྲེལ། འདི་ལོའི་ཕྱི་ཟླ་ ༢ པའི་ཚེས་ ༡༤ ཉིན་ས་ཁུལ་དའི་བོད་མི་ ༣༠༠ ཙམ་ནས་སྡེ་དགེ་རྫོང་མི་དམངས་སྲིད་གཞུང་ལ་ལས་གཞི་དེ་མཚམས་འཇོག་དགོས་པའི་ཞུ་གཏུགས་ཀྱི་ལས་འགུལ་སྤེལ་ཡོད་པ་མ་ཟད། ཟླ་བ་དེའི་ཚེས་ ༢༠ ནས་ ༢༢ བར་ཁུལ་དེའི་བོད་མི་སེར་སྐྱ་མང་ཚོགས་ཀྱིས་རྒྱ་གཞུང་ལ་མུ་མཐུད་རེ་སྐུལ་དང་ངུ་འབོད་སོགས་གནང་ཡོད་པ་དེ་ལྟར་ཡང་། སྐབས་དེར་རྒྱ་གཞུང་ཉེན་རྟོག་པ་ཕོན་ཆེན་སླེབས་ཏེ། དགེ་འདུན་པ་དང་མང་ཚོགས་བརྒྱ་ཕྲག་ཁ་ཤས་བསྡེབས་འཛིན་གྱིས་འདྲི་རྩད་དང་། ཉེས་རྡུང་བཏང་རྐྱེན་སྨན་ཁང་ནང་བསྐྱལ་དགོས་བྱུང་ཡོད་པ་རེད། དེ་བཞིན་སྐབས་དེར་རྒྱ་གཞུང་གིས་ས་གནས་མི་མང་གི་འགྲོ་འདུག་ལ་དམ་བསྒྲགས་ཤུགས་ཆེ་དང་སྦྲགས། ཕྱི་ཚེས་ ༢༣ ཉིན་བོད་མི་ ༡༠༠༠ ལྷག་འཛིན་བཟུང་བཙན་ཁྲིད་བྱས་པའི་གནས་ཚུལ་སོགས་བྱུང་ཡོད་པ་རེད།

China's suppression of Tibetan protests over hydropower discussed

འབྲེལ་ཡོད་གསར་གནས།

གསར་གནས།