Tibetan Royal Year of 2151 | Year of the Wood Dragon

རྒྱལ་ཚོགས་ངོས་ནས་དུས་བཀག་བསྐྱར་ཞིབ་ཀྱི་རྒྱབ་གཉེར་ཐད་རྒྱ་ནག་ལ་གནོན་ཤུགས་ཇེ་ཆེར་སྤྲད་དགོས།

Tibetan News Headlines

  • Organic Research and Training Centre: Inculcating sustainable farming with modern approach among Tibetans in exile

རེས་གཟའ་ཉི་མ། ༢༠༢༤།༠༧།༡༤

  • སྦེལ་ཀོབ་སྐྱེ་ལྡན་སོ་ནམ་ཉམས་ཞིབ་སྦྱོང་བརྡར་ཁང་གི་སྐོར་གླེང་མོལ།

རྒྱ་ནག་གི་དུས་བཀག་བསྐྱར་ཞིབ་ཐེངས་ ༤ པ་དང་འབྲེལ་ནས་རྒྱལ་ཚོགས་ཀྱི་རྒྱབ་གཉེར་དགོངས་འཆར་མང་ཆེ་བར་རྒྱ་ནག་གཞུང་གིས་ངོས་ལེན་བྱས་མེད་པ་མ་ཟད། དེ་སྔ་ཕྱི་ལོ་ ༢༠༢༢ ལོར་ཤིན་ཅང་ནང་གི་གནད་དོན་དང་འབྲེལ་བའི་རྒྱལ་ཚོགས་ཀྱི་སྐུལ་འདེབས་གནང་བ་ཁག་ལ་ཡོངས་སུ་ངོས་ལེན་བྱས་མེད་པ་ལྟར། ཨ་རིའི་ནང་དུ་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས། རྒྱ་ནག་གཞུང་གིས་རྒྱལ་ཚོགས་གི་རྒྱབ་གཉེར་སྐུལ་འདེབས་ཁག་ལ་སྣང་མེད་སྐྱུར་འཇོག་བྱས་པ་དེ་གནད་དོན་གསར་པ་གང་ཡང་མིན་ཀྱང་སེམས་འཚབ་ཀྱི་གནད་དོན་ཞིག་ཆགས་ཀྱི་ཡོད་སྐོར་གསུངས་བ་དང་ཆབས་གཅིག ཚོགས་མི་རྒྱལ་ཁབ་ཁག་ནས་རྒྱ་ནག་གཞུང་ལ་རྒྱལ་ཚོགས་ཀྱི་སྐུལ་འདེབས་ཁག་ལ་དང་ལེན་དང་ལག་བསྟར་དོན་འཁྱོལ་དགོས་པའི་གནོན་ཤུགས་ཇེ་ཆེར་སྤྲད་དགོས་པ་གསུངས་འདུག

HRW Report

རྩ་བའི་འདི་ལོའི་ཕྱི་ཟླ་དང་པོའི་ནང་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་ནས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་འབྲེལ་བའི་དུས་བཀག་བསྐྱར་ཞིབ་ཐེངས་བཞི་པ་དེ་གནང་བའི་རྗེས་ཀྱི་བརྒྱུད་རིམ་ཁྲོད། རྒྱལ་ཚོགས་ནས་དུས་བཀག་བསྐྱར་ཞིབ་སྐབས་འབུར་དུ་ཐོན་པའི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཁག་གཅིག་གི་ཐད་རྒྱ་ནག་གཞུང་ལ་རྒྱབ་གཉེར་སྐུལ་འདེབས་དོན་ཚན་ ༤༢༨ ཙམ་ཆེད་འདོན་གནང་ཡོད་ཀྱང་། ཉེ་ཆར་རྒྱ་ནག་གཞུང་གིས་ལན་འདེབས་སྙན་ཐོའི་ནང་དུ་དོན་ཚན་ ༢༩༠ ལ་མ་གཏོགས་ངོས་ལེན་བྱ་རྒྱུ་མིན་ཞེས་རྒྱལ་ཚོགས་ཀྱི་དགོངས་འཆར་རྣམས་ལ་རྩིས་མེད་ཀྱི་རྣམ་པ་ཤུགས་ཆེ་བཏོན་ཡོད་པ་རེདཁ་སང་རྒྱལ་ཚོགས་ནང་དུ་རྒྱ་ནག་གི་ UPR འམ་དུས་བཀག་བསྐྱར་ཞིབ་ཐེངས་བཞི་པ་དང་འབྲེལ་བའི་རྒྱལ་ཚོགས་ཀྱི་སྐུལ་འདེབས་སྙན་ཐོ་དང་རྒྱ་ནག་གི་ལན་འདེབས་སྙན་ཐོ་བཅས་ཀྱི་ལས་རིམ་ཡོངས་སུ་མཇུག་སྒྲིལ་དང་འབྲེལ། རྒྱ་ནག་གཞུང་གིས་བོད་དང་ཤིན་ཅང་། ཧོང་ཀོང་གྱི་གཙོས་པའི་རྒྱ་ནག་ཁྱོན་ཡོངས་ནང་དུ་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གྱི་གནད་དོན་ལ་ཕྱོགས་ཡོངས་ནས་ངོས་ལེན་མེད་སྐོར་བརྗོད་པ་མ་ཟད། རྒྱ་ནག་ནང་དུ་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་རྣམས་ཀྱི་ཐོག་ལ་དྲག་གནོན་དང་། ཧོང་ཀོང་ནང་དུ་ལག་བསྟར་བྱེད་བཞིན་པའི་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གཞི་ཕྱིར་བསྡུ་བྱ་རྒྱུ། དེ་བཞིན་ལས་འགུལ་བ་གང་བྱུང་འཛིན་བཟུང་དང་གར་སོང་ཆ་མེད་དུ་གཏོང་བ། མ་ཟད་ལྟ་སྲུང་དམ་དྲག་སོགས་དང་འབྲེལ་བའི་རྒྱལ་ཚོགས་དང་ཚོགས་མི་རྒྱལ་ཁབ་རྣམ་པས་སེམས་འཚབ་བཏོན་པ་རྣམས་ལ་ངོས་ལེན་བྱས་མེད་པ་རེད་འདུག

Volker Turk
Volker Turk

དེ་དོན་ཁ་སང་ཨ་རིའི་ནང་དུ་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་དྲ་གནས་ཐོག་བསྒྲགས་གཏམ་ཞིག་སྤེལ་བའི་ནང་དུ། ད་ཆ་རྒྱ་ནག་གི་དུས་བཀག་བསྐྱར་ཞིབ་ཀྱི་ལས་རིམ་མཇུག་སྒྲིལ་དང་འབྲེལ། རྒྱལ་ཚོགས་གཙོས་པའི་རྒྱལ་སྤྱིའི་གཞུང་ཚོགས་ཁག་ཡོངས་ནས་དེ་གའི་རྒྱབ་གཉེར་སྐུལ་འདེབས་ཁག་གི་ཐད་ལས་དོན་མཇུག་སྐྱོང་གིས་རྒྱ་ནག་ལ་གནོན་ཤུགས་ཇེ་ཆེར་སྤྲད་དགོས་པ་མ་ཟད། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གཙོ་འཛིན་ Volker Turk མཆོག་གིས་ཤིན་ཅང་ནང་གི་གནས་སྟངས་དང་འབྲེལ་བའི་དེ་སྔའི་སྙན་ཐོ་དང་བསྟུན་ནས་ཁུལ་དེའི་ནང་གི་ད་ལྟའི་གནས་སྟངས་དངོས་ཀྱི་ཐོག་ལ་གནས་ཚུལ་ཡོངས་བསྒྲགས་གནང་དགོས་པ། དེ་བཞིན་བོད་ནང་དུ་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པ་མངོན་གསལ་གནང་རྒྱུའི་ཐད་ལ་འབད་བརྩོན་སྔར་ལྷག་གནང་དགོས་་པ་གསུངས་འདུག

དེ་བཞིན་རྒྱལ་སྤྱིའི་གཞུང་ཚོགས་ཁག་ནས་དེ་སྔ་རྒྱལ་ཚོགས་ཀྱི་ཆེད་ལས་མཁས་པ་མི་སྣ་ ༥༠ ལྷག་དང་འགྲོ་བ་མིིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པ་ཁག་གི་འདོན་སྤེལ་གནང་བའི་སྐུལ་འདེབས་ཀྱི་སྙན་ཐོ་ཁག་གི་ཐོག་ལའང་རྒྱ་གཞུང་ལ་གནོན་ཤུགས་ཇེ་ཆེར་སྤྲད་དེ་གནད་དོན་དེ་རང་ཐོག་རྒྱལ་ཚོགས་ནང་གྲོས་བསྡུར་ལས་རིམ་དང་ཚབས་ཆེ་བའི་གནད་དོན་ཐད་ཞིབ་འཇུག་ཀྱི་བརྒྱུད་རིམ་འགོ་འཛུགས་གནང་སྟེ་རྒྱ་ནག་གཞུང་སྟོབས་ཤུགས་ཇི་ཙམ་ཆེ་ཡང་རྒྱལ་སྤྱིའི་ཁྲིམས་ཀྱི་སྒང་ལ་སུའང་མེད་པའི་བརྡ་ལན་གསལ་པོ་ཞིག་སྤྲད་དགོས་པ་གསུངས་འདུག

Phuntsok Topgyal
Phuntsok Topgyal

འདི་གའི་གསར་འགོད་པས་ Geneva སྐུ་ཚབ་དོན་ཁང་གི་རྒྱལ་ཚོགས་འབྲེལ་མཐུད་པ་ཕུན་ཚོགས་སྟོབས་རྒྱལ་ལགས་སུ་ཁ་སའི་རྒྱལ་ཚོགས་ནང་གི་རྒྱ་ནག་གི་དུས་བཀག་བསྐྱར་ཞིབ་ཀྱི་ལས་རིམ་མཇུག་སྒྲིལ་དང་འབྲེལ་ནས་བཀའ་འདྲི་ཞུས་ཡོད།

ཁ་སང་རྒྱ་ནག་གི་དུས་བཀག་བསྐྱར་ཞིབ་ཀྱི་ལས་རིམ་མཇུག་སྒྲིལ་དང་འབྲེལ། རྒྱལ་ཚོགས་ནང་གི་དབྱིན་ཡུལ་གྱི་གཞུང་ཚབ་སྐུ་ཞབས་ Simon Manley ལགས་ཀྱིས་རྒྱ་ནག་གིས་རྒྱལ་ཚོགས་ཀྱི་རྒྱབ་གཉེར་ཁག་ལ་སྣང་མེད་སྐྱུར་འཇོག་བྱས་པར་སྐྱོན་བརྗོད་དང་འབྲེལ། རྒྱ་ནག་གཞུང་གིས་བོད་མི་དང་ཡུ་གུར་མང་ཚོགས་རྣམས་གང་བྱུང་འཛིན་བཟུང་བཙོན་འཇུག་བྱེད་རྒྱུ་མཚམས་འཇོག་གིས། ཁོང་རྣམས་ལ་དོན་དམ་གྱི་རང་དབང་དང་ཆོས་དད་རིག་གཞུང་གི་རང་དབང་སྤྲད་དགོས་སྐོར་གསུངས་པ་མ་ཟད། རྒྱ་ནག་གཞུང་གིས་སྤྱི་དམངས་ཚོགས་པ་ཁག་དང་རང་དབང་ཅན་གྱི་གསར་འགོད་བརྒྱུད་ལམ་ཐོག་དམ་དྲག་དང་བསུན་རྩེར། འཛིན་བཟུང་སོགས་མཚམས་འཇོག་བྱས་དགོས་པ་གསུངས་འདུག

simon manley
Simon Manley

ཁོང་གིས་ད་དུང་། རྒྱ་ནག་གཞུང་གིས་ཧོང་ཀོང་ནང་དུ་བདེ་འཇགས་ཀྱི་ཁྲིམས་གཞི་ལག་བསྟར་བྱེད་ཕྱོགས་ལ་བློ་ཕམ་ཆེན་པོ་ཡོད་པ་དང་། ཁྲིམས་གཞི་དེ་རྒྱལ་སྤྱིའི་ཁྲིམས་ཀྱི་འགྲོ་ལུགས་དང་ཡོངས་སུ་རྒྱབ་འགལ་འགྲོ་ཡི་ཡོད་པ། དེ་བཞིན་དེ་སྔ་ཧོང་ཀོང་མང་ཚོགས་ལ་ཁས་ལེན་བྱས་པ་རྣམས་དང་རྒྱབ་འགལ་འགྲོ་ཡི་ཡོད་སྟབས། ཧོང་ཀོང་ནང་གི་བདེ་འཇགས་ཀྱི་ཁྲིམས་གཞི་དེ་ཕྱིར་བསྡུ་བྱས་ཏེ་དེའི་འོག་ཉེས་ཆད་ཕོག་པའི་སྐུ་ཞབས་ Jimmy Lai ལགས་ཀྱི་གཙོས་པའི་ལས་འགུལ་བ་རྣམས་གློད་བཀྲོལ་བཏང་དགོས་སྐོར་གསུངས་ཏེ། རྒྱ་གཞུང་གིས་དེ་སྔ་ཧོང་ཀོང་རྩིས་སྤྲོད་སྐབས་དབྱིན་ཡུལ་ལྷན་དུ་འཇོག་པའི་གྲོས་མཐུན་གྱི་ནང་དུ་འཁོད་པའི་མང་ཚོགས་ཀྱི་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་ཁག་ལ་བརྩི་བཀུར་ཞུ་དགོས་པ་གསུངས་འདུག

གཞན་ཡང་ཁ་སང་ Federation for Human Rights ཞེས་པའི་འགྲོ་བ་མིའི་ཐོབ་ཐང་མཐུན་ཚོགས་ཀྱི་ངོས་ནས་ཀྱང་རྒྱལ་ཚོགས་ནང་དུ་གཏམ་བཤད་སྤེལ་བའི་ནང་དུ། རྒྱ་ནག་གཞུང་གིས་རྒྱལ་ཚོགས་ཀྱི་སྐུལ་འདེབས་དང་རྒྱ་ནག་གཞུང་གིས་ཆེས་ཞན་པའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་། བོད་མི་དང་ཡུ་གུར་མང་ཚོགས། དེ་བཞིན་ཧོང་ཀོང་དམངས་གཙོའི་ལས་འགུལ་བའི་ཐོག་ལ་དྲག་གནོན་གྱི་གནད་དོན་ཡོངས་ལ་ངོས་ལེན་མ་བྱས་པ་དེར་བློ་ཕམ་ཆེན་པོ་ཡོད་སྐོར་དང་འབྲེལ། རྒྱ་ནག་གཞུང་གི་ངོས་ནས་དེ་གའི་ནོར་འཁྲུལ་ལ་ཡོ་བསྲང་དང་འབྲེལ། རྒྱལ་ཚོགས་དང་ཚོགས་མི་རྒྱལ་ཁབ་རྣམས་ཀྱི་སྐུལ་འདེབས་རྣམས་ལ་དུས་འགྱངས་མེད་པར་དང་ལེན་གནང་སྟེ་རྒྱལ་སྤྱིའི་ཁྲིམས་ལུགས་གཞིར་བཟུང་ལག་བསྟར་དོན་འཁྱོལ་དགོས་པ་གསུངས་འདུག

Jimmy Lai
Jimmy Lai

འབྲེལ་ཡོད་གསར་གནས།

གསར་གནས།