Tibetan Royal Year of 2150 | Year of the Water Rabbit

རྒྱལ་ཚོགས་སུ་རྒྱལ་ཁབ་བཅུ་གཉིས་ཀྱིས་བོད་ནང་གི་གནས་སྟངས་ལ་ཐུགས་འཚབ་ཀྱི་རྣམ་པ་མངོན་གསལ།

Tibetan News Headlines

  • ༸གོང་ས་མཆོག་གིས་ཧི་མཱ་ཅལ་མངའ་སྡེའི་ཉེན་རྟོག་པའི་སྡེ་ཁག་གཅིག་ལ་མཇལ་ཁ་སྩལ་བ།
  • རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་གཞུང་ནས་བོད་ནང་ཆོས་དད་རང་དབང་ལ་རྡོག་རོལ་གཏོང་བཞིན་པ་མཚམས་འཇོག་ཡོང་ཐབས་སུ་གནོན་ཤུགས་སྤྲོད་དགོས།
  • སྤྱི་འཐུས་སྐུ་ཚབ་ཚོགས་ཁག་གསུམ་རྒྱ་གར་བྱང་ཕྱོགས་ཁུལ་དུ་བོད་དོན་ཞུ་སྐུལ་གནང་བཞིན་པ།
  • སྲིད་སྐྱོང་མཆོག་གིས་ཡོ་རོབ་སེ་པེན་གྲོང་ཁྱེར་སྦར་སེ་ལོ་ནའི་བོད་མིར་གསུང་བཤད།
  • རྒྱ་གཞུང་གིས་བཅའ་སྡོད་སློབ་གྲྭའི་བརྒྱུད་བོད་ནག་སུབ་གཏོང་བཞིན་པར་འགོག་རྒོལ་གནང་དགོས་པའི་ཞུ་སྐུལ།
  • རྒྱ་ནག་གིས་རྒྱ་རིགས་བྱིས་པ་རྣམས་ལ་བཅིངས་གྲོལ་དམག་སྦྱོང་སྤྲོད་བཞིན་པར་མངོན་གསལ།

Wednesday 29/11/2023

  • Dalai Lama meets head of Himachal police officer and other ranks
  • Telo Rinpoche urges end to religious persecution in Tibet at IRFBA Ministerial in Prague
  • Tibetan MPs embark on advocacy programs in northern India
  • Sikyong Penpa Tsering addresses Tibetan community in Barcelona, Spain
  • China’s chief weapon in quashing identity of Tibetan people is not dystopian camps, but residential schools
  • In China, athletes as young as 7 in military training to ‘create iron army’

ཁ་སང་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་བཅུ་གཉིས་ཀྱིས་བོད་དང་ཤིན་ཅང་ནང་གི་གནས་སྟངས་ལ་ཐུགས་འཚབ་ཀྱི་རྣམ་པ་མངོན་གསལ་དང་འབྲེལ། རྒྱ་ནག་གཞུང་ནས་རྒྱལ་སྤྱིའི་ཁྲིམས་ཀྱི་གྲོས་མཐུན་ལ་གུས་བརྩི་ཞུ་དགོས་པའི་ཞུ་སྐུལ་གནང་འདུག

ཕྱི་ཟླ་ ༩ ཚེས་ ༡༡ ནས་ཕྱི་ཟླ་ ༡༠ ཚེས་ ༡༣ བར་སུད་སིའི་གྲོང་ཁྱེར་ཇི་ནི་ཝར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་༥༤ འཚོགས་བཞིན་པ་དང་། ཚེས་ ༢༦ ཉིན་ཡོ་རོབ་མཐུན་ཚོགས་གཙོས་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་བཅུ་གཉིས་ཀྱིས་བོད་ནང་གི་ཆེས་ཞན་པའི་གནས་སྟངས་ལ་ཐུགས་ཚབ་ཀྱིས་རྒྱ་གཞུང་ལ་དེ་ལྟ་བུའི་དྲག་གནོན་གྱི་ལས་དོན་རྣམས་མཚམས་འཇོག་དགོས་པའི་དགོས་འདུན་ཆེད་འབུལ་ཞུས་འདུག

ཡོ་རོབ་མཐུན་ཚོགས་ཀྱི་སྐུ་ཚབ་ནས་སྐབས་དེར་ལྷན་ཚོགས་ཐོག་བསྒྲགས་གཏམ་ཞིག་འདོན་སྤེལ་གནང་བའི་ནང་རྒྱལ་ཚོགས་ཀྱི་དམིགས་བསལ་ཆེད་མཁས་པས་རྒྱ་ནག་གཞུང་གིས་བོད་ནང་བཅའ་སྡོད་སློབ་གྲྭ་བརྒྱུད་བོད་པའི་བུ་ཕྲུག་རྣམས་རང་ཉིད་ཀྱི་ཁྱིམ་ཚང་ནས་ཁ་བྲལ་བཏང་སྟེ་རྒྱ་ནག་ཅན་དུ་བསྒྱུར་ཐབས་བྱེད་བཞིན་པའི་གནད་དོན་ལ་ཐུགས་འཚབ་ཀྱི་རྣམ་པ་བསྟན་པ་ལུང་འདྲེན་གྱིས་དེ་ལྟ་བུའི་བོད་མིའི་ངོ་བོ་རྩ་མེད་བཟོ་ཐབས་བྱེད་བཞིན་པའི་ལས་གཞི་དག་འཕྲལ་མར་མཚམས་འཇོག་དགོས་པའི་སྐུལ་མ་བཏང་འདུག་བར་མ་ཟད། རྒྱ་གཞུང་གིས་བོད་མིའི་རིགས་རྫས་བསྡུ་རུབ་བྱས་ཏེ་བོད་མིར་དམ་བསྒྲགས་སྔར་ལྷག་བྱེད་བཞིན་པ་རྣམས་ཐེར་འདོན་གྱིས་སྔ་ལོར་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གིས་བོད་དང་ཤིན་ཅང་ནང་གི་གནས་སྟངས་དང་འབྲེལ་བའི་ལམ་སྟོན་ ཁག་ལག་བསྟར་དོན་འཁྱོལ་དགོས་པའི་ནན་སྐུལ་གནང་ཡོད།

རྒྱ་གཞུང་གིས་བོད་དང་ཤིན་ཅང་གཙོས་གྲངས་ཉུང་མི་རིགས་རྣམས་ཀྱི་ཐུན་མོང་མ་ཡིན་པའི་ཆོས་རིག་དང་སྐད་ཡིག་ཐོག་དམ་དྲག་ཆེས་ཆེར་བྱེད་བཞིན་ཡོད་པ་དང་། ལྷག་དོན་མང་གཙོ་དོན་གཉེར་བ། གསར་འགོད་པ། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་བཅས་ལ་ལྟ་སྲུང་ནན་པོ་དང་གང་བྱུང་དུ་འཛིན་བཟུང་བཙོན་འཇུག་བྱེད་ཀྱི་ཡོད་སྐོར་གསལ་བཀོད་དང་ཆབས་ཅིག རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་གྲོས་མཐུན་སྤྱི་དང་སྒོས་རང་ཉིད་ཀྱི་རྩ་ཁྲིམས་ལ་གུས་བརྩི་ཞུས་ཏེ་སྒོ་ཤེས་རབ་རྒྱ་མཚོ་ལགས་ཀྱིས་གཙོས་པའི་བོད་མི་ཆབ་སྲིད་བཙོན་པ་རྣམས་ཆ་རྐྱེན་གང་ཡང་མེད་པར་འཕྲལ་མར་གློད་བཀྲོལ་དགོས་པ་སོགས་བཀོད་འདུག

གཞི་རྩའི་བོད་ནང་གི་ཆེས་ཞན་པའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་འབྲེལ་ནས་རྒྱ་གཞུང་ལ་སྐྱོན་བརྗོད་གནང་མཁན་ཁོངས་སུ་ཨོ་སི་ཊོ་ལི་ཡ། ཁེ་ན་ཌ། སྦེལ་ཇམ། ཅེཀ་སྤྱི་མཐུན་རྒྱལ་ཁབ། ཌེན་མག ཧྥི་ལན་ཌི། ཇར་མ་ནི། ཨ་ཡིས་ལན་ཌི། དེ་བཞིན་ཨ་ལན་ཌི། སུད་ཌེན་བཅས་ཡིན་པ་རེད། 

འབྲེལ་ཡོད་གསར་གནས།

གསར་གནས།