Tibetan Royal Year of 2151 | Year of the Wood Dragon

རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་བགྲོ་གླེང་ཐེངས་དྲུག་པ་མངོན་པ་ཀུན་བཏུས་ཐོག་ལ་གནང་བ།

Tibetan News Headlines

  • Wronged, Tried, and Killed: The Custodial Death of Tibetan Political Prisoners in Chinese Prisons

རེས་གཟའ་སྤེན་པ། ༢༠༢༤།༠༧།༡༣

  • རྒྱ་གཞུང་གི་དོ་དམ་མནར་གཅོད་འོག་ཚེ་སྲོག་ཤོར་བའི་བོད་མི་ཆབ་སྲིད་བཙོན་པའི་གནད་དོན་གླེང་བ།

དེའང་དེ་རིང་ཕྱི་ཟླ་ ༡༡ ཚེས་ ༢༤ ཉིན་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་༸སྐྱབས་རྗེ་དགའ་ལྡན་ཁྲི་རིན་པོ་༸རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་དབུ་བཞུགས་ཐོག ཤར་བྱང་གི་ཆོས་རྗེ་རྣམ་གཉིས་གཙོས་གདན་ས་ཁག་གི་མཁན་རིན་པོ་ཆེ་རྣམ་པ། བགྲོ་གླེང་གི་གསུང་བཤད་གནང་མཁན་བཅས་དྲ་ཐོག་བརྒྱུད་ནས་ལྷན་ཞུགས་ཀྱིས་མངོན་པ་ཀུན་བཏུས་ཀྱི་བགྲོ་གླེང་ཆེན་མོ་དབུ་འཛུགས་གནང་ཡོད་པ་རེད།བགྲོ་གླེང་དེའི་ཐོག་མར་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་སྐྱབས་རྗེ་དགའ་ལྡན་ཁྲི་རིན་པོ་རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་གིས་དབུ་འབྱེད་ཀྱི་མཛད་སྐོར་ད་རེས་བགྲོ་གླེང་གི་ཆ་ཤས་བཞེས་མཁན་ཚོའི་ངོས་ནས་རང་ཉིད་ཀྱི་དཔྱད་རྩོམ་དེའི་ཐོག་ནས་གསན་གཟིགས་གནང་མཁན་ཚོར་ཐུགས་ཕན་སོས་པ་ཞིག་དང་ལྷག་པར་དུ་ནང་པའི་གཞུང་ཆེན་དག་ལ་བློ་ལྷག་པར་སྐྱེ་ཐབས་ཐོག་བགྲོ་གླེང་ལྷུག་པོ་གནང་རོགས་ཞེས་གཞེན་སྐུལ་གནང་བ་དང་། ལྷག་པར་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆོས་བརྒྱུད་རིས་མེད་ཀྱི་གཞུང་ཆེན་དག་ལ་བགྲོ་གླེང་ལྷུག་པོ་གནང་གལ་ཡིན་པར་ལམ་སྟོན་བཀའ་སྩལ་ཕེབས་དོན་བཞིན་གནང་དགོས་པར་ལམ་སྟོན་གནང་འདུག རྩ་བའི་ཐེངས་འདིའི་དྲ་ཐོག་བརྒྱུད་ནས་མངོན་པ་ཀུན་བཏུས་ཀྱི་བགྲོ་གླེང་ཆེན་མོའི་ཐོག་ལ་རྒྱལ་སྤྱིའི་ཙོང་ཁ་པའི་ལོར་རྩོམ་རྩལ་འགྲན་བསྡུར་གྱི་དཔྱད་རྩོམ་དང་སྙན་རྩོམ་ཕྱོགས་བསྒྲིགས་ཕྱག་དེབ་གཉིས་དབུ་འབྱེད་གནང་བ་དང་། དེ་རྗེས་རིམ་བཞིན་གསུང་བཤད་གནང་མཁན་ཚོས་བགྲོ་གླེང་གི་ཆ་ཤས་བཞེས་ཡོད་པ་རེད།གསར་འགོད་པས་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་བགྲོ་གླེང་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་༸དཔལ་ལྡན་འབྲས་སྤུངས་སྒོ་མང་མཁན་རིན་པོ་ཆེ་བློ་བཟང་རྒྱལ་མཚན་མཆོག་ལ་སྤྱིར་ད་བར་བགྲོ་གླེང་ཐེངས་ ༦ ཚོགས་པའི་དགོས་དམིགས་དང་ད་རེས་མངོན་པ་ཀུན་བཏུས་ཀྱི་བགྲོ་གླེང་ཆེན་མོ་དེ་གནང་བའི་དགོས་དམིགས་གང་ཡིན་དང་བསྟན་བྱ་གཙོ་བོ་ཇི་ཆགས་སོགས་ཀྱི་སྐོར་ལ་བཀའ་འདྲི་ཁག་ཅིག་ཞུས་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།