Tibetan Royal Year of 2151 | Year of the Wood Dragon

རྒྱལ་སྤྱིའི་ནང་བོད་དོན་ལས་འགུལ་སྔར་ལྷག་སྤེལ་རྒྱུར་རེ་བ་དང་འབོད་སྐུལ་ཞུས་སོང་།

Tibetan News Headlines

  • Dalai Lama congratulates president Murmu on her 66th birthday
  • China places stringent restrictions on access to sacred Tibetan religious site in Golok
  • Tibetans worldwide hold prayer vigils for Dalai Lama’s successful knee surgery
  • Xi’s visit to Tibetan areas in Qinghai shows continuation of his Sinicization policy
  • Australian Tibetan protestor hospitalized after attack by China supporter during Li Qiang’s visit
  • US approves new $360 million arms sale to Taiwan for drones, related equipment

རེས་གཟའ་ཕུར་བུ། ༢༠༢༤།༠༦།༢༠

  • ༸གོང་ས་མཆོག་གིས་རྒྱ་གར་གྱི་སྲིད་འཛིན་ Murmu མཆོག་གི་སྐྱེས་སྐར་ཉིན་འཚམས་འདྲི་སྩལ་བ། མགོ་ལོག་ཁུལ་གྱི་གནས་ཆེན་གཉན་པོ་གཡུ་རྩེ་རུ་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་བསྒྲགས།
  • བོད་མི་ཚོས་༸གོང་ས་མཆོག་གི་ཞབས་པུས་སྨན་བཅོས་ལེགས་གྲུབ་ཡོང་བའི་གསོལ་འདེབས་སྨོན་ལམ་ཞུ་བཞིན་འདུག
  • ཞི་ཅིན་ཕིང་གི་མཚོ་སྔོན་ལྟ་སྐོར་དེ་ནི་རྒྱ་གཞུང་གིས་བོད་མིའི་ཐོག་རྒྱ་བསྒྱུར་གྱི་སྲིད་བྱུས་དེ་མུ་མཐུད་ལག་བསྟར་མཁྲེགས་འཛིན་བྱེད་བཞིན་པའི་རྣམ་པ་རེད།
  • ཨོ་གླིང་བོད་མི་ཞི་རྒོལ་བར་རྒྱ་ནག་རྒྱབ་སྐྱོར་བས་ཉེས་རྡུང་གིས་སྨན་ཁང་དུ་བསྐྱལ་དགོས་བྱུང་འདུག
  • ཨ་རིས་ཐའེ་ཝན་ལ་ཨ་སྒོར་ས་ཡ་ ༣༦༠ ལྷག་གི་གོ་ལག་ཚོང་འགྲེམས་བྱ་རྒྱུ།

དེ་རིང་ཕྱི་ཚེས་ ༧ ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་གི་གོ་སྒྲིག་འོག་བོད་གཞུང་ཟློས་གར་རྩེད་ཐང་དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་བརྙེས་ནས་ལོ་ངོ་ ༥༣ ཧྲིལ་པོ་འཁོར་བའི་དུས་ཆེན་མཛད་སྒོ་སྲུང་བརྩི་ཞུས་པ་དང་འབྲེལ། རྒྱལ་སྤྱིའི་ནང་བོད་དོན་ལས་འགུལ་སྔར་ལྷག་སྤེལ་རྒྱུར་རེ་བ་དང་འབོད་སྐུལ་ཞུས་སོང་།

མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གཙོས་པའི་བོད་མི་མང་སྤྱི་འཐུས་ཁག་ཅིག དེ་བཞིན་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་སྐུ་ཚབ་མི་མང་བཅས་ལྷན་ཞུགས་གནང་འདུག

སྐབས་དེར་བོད་ཀྱི་གཞོན་ནུའི་ལྷན་ཚོགས་ཀྱིས་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་ཀྱིས། བོད་ཀྱི་གཞོན་ནུའི་ལྷན་ཚོགས་དབུ་བརྙེས་པའི་བརྒྱུད་རིམ་དང་འབྲེལ། དམིགས་ཡུལ་དང་ལས་དོན་གནང་ཕྱོགས་སོགས་ཀྱི་ཐོག་ལ་བཀའ་མོལ་གྲུབ་རྗེས། བསྒྲགས་གཏམ་སྒྲོགས་སྦྱང་གནང་བའི་ཁྲོད། རྒྱ་དམར་གྱིས་བོད་ཐོག་འཛིན་པའི་སྲིད་བྱུས་དང་འཁྱོག་བཤད་ཙམ་མ་ཟད། བོད་ཀྱི་ཐ་སྙད་མིང་དོན་དང་བཅས་པར་སྒྱུར་བཅོས་གྱིས་བོད་དེ་རྒྱ་ནག་གི་ཆ་ཤས་ཡིན་པ་མཚོན་ཐབས་བྱེད་བཞིན་ཡོདསྟབས། གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སྤྱི་སྒེར་དང་། བོད་དོན་རྒྱབ་སྐྱོར་བ་སོགས་ནས་གོ་སྐབས་དམ་འཛིན་གྱིས་རྒྱལ་སྤྱིའི་ནང་བོད་དོན་ལས་འགུལ་སྔར་ལྷག་སྤེལ་རྒྱུར་རེ་བ་དང་འབོད་སྐུལ་ཞུས་སོང་།

དེ་བཞིན་ཇི་སྲིད་བོད་རང་དབང་རང་བཙན་གྱི་བདེན་མཐའ་མ་སེལ་བར་དེ་སྲིད་དུ་བོད་ཀྱི་གཞོན་ལྷན་ངོས་ནས་རྒྱལ་སྤྱིའི་ཐོག་རྒྱ་གཞུང་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་དང་། བོད་དོན་འཐབ་རྩོད་ཀྱི་ལས་འགུལ་སྔར་ལས་ནུས་ཤུགས་ལྡན་པ་སྤེལ་རྒྱུ་ཡིན་པ་ནན་བརྗོད་གནང་སོང་།

སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས། བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་བརྙེས་ནས་ད་བར་དབུས་ས་གཉིས་ནས་ཚོགས་པའི་དམིགས་ཡུལ་དང་འཚམས་པའི་ཐོག་ལྷག་བསམ་འགྱུར་མེད་ཀྱིས་འགན་འཁུར་ཕྱག་ལས་མུ་མཐུད་གནང་བཞིན་ཡོད་པར་བསྔགས་བརྗོད་ཞུ་བ་དང་སྦྲགས། སྤྱིར་ཆབ་སྲིད་དང་སྒེར་གྱི་ཐོག་ནས་བསམ་བློ་གཅིག་འགྱུར་ཡོངས་ཐབས་དཀའ་བ་ཡིན་པ་དང་། ལྷག་པར་དུ་ང་ཚོ་བཙན་བྱོལ་ནང་དུ་འབྱོར་སྐབས་ནས་བཟུང་ད་ལྟའི་དུས་ཚོད་བར་འགྱུར་བ་ཆེན་པོ་ཕྱིན་ཡོད་མ་ཟད། འགྱུར་བ་དེ་དག་གི་ཁྲོད་ནས་བོད་མི་སྤྱི་སྒེར་ཡོངས་སུ་རྫོགས་པ་ལ་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་དྲིན་ཉག་ཅིག་ཡིན་པ་གསལ་པོ་རེད་ཅེས་གསུངས་སོང་།

མ་ཟད་བོད་ཀྱི་འཐབ་རྩོད་དེ་བདེན་དོན་འཐབ་རྩོད་ཅིག་ཡིན་པར་བརྟེན། འཐབ་རྩོད་དེ་དངོས་ཡོད་གནས་ཚུལ་ལ་གཞི་བཅོལ་དགོས་གལ་དང་། དུས་དང་བསྟུན་ནས་རྒྱལ་སྤྱིའི་སྤྱི་ཚོགས་ནང་བོད་ཀྱི་ཆབ་སྲིད་ཀྱི་གནད་དོན་མཚོན་པའི་བོད་ཀྱི་རིག་གཞུང་སོགས་དྲིལ་བསྒྲགས་དང་གོམ་པ་མདུན་སྤོ་བྱ་དགོས་གལ་སོགས་གསུངས་སོང་།

གཞི་རྩའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནི་ལྕགས་ཁྱི་ཕྱི་ལོ་ ༡༩༧༠ ཟླ་ ༡༠ ཚེས་ ༧ ཉིན་དབུ་བརྙེས་པ་ཞིག་ཡིན་པ་དང་། ད་ལྟའི་ཆར་གཞོན་ལྷན་གྱི་ཁྱབ་ཁོངས་ཚོགས་པ་ ༨༩ དང་ཚོགས་མི་ཁྱོན་གསུམ་ཁྲི་བརྒྱད་སྟོང་ལྷག་ཡོད་པ་རེད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།