Tibetan Royal Year of 2151 | Year of the Wood Dragon

རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་གཉིས་པ་དབུ་འཛུགས།

Tibetan News Headlines

  • Organic Research and Training Centre: Inculcating sustainable farming with modern approach among Tibetans in exile

རེས་གཟའ་ཉི་མ། ༢༠༢༤།༠༧།༡༤

  • སྦེལ་ཀོབ་སྐྱེ་ལྡན་སོ་ནམ་ཉམས་ཞིབ་སྦྱོང་བརྡར་ཁང་གི་སྐོར་གླེང་མོལ།

བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་གོ་སྒྲིག་འོག་བཞུགས་སྒར་དྷརྨ་སཱ་ལཱའི་ཉེ་འདབས་སུ་རྟེན་གཞི་བྱས་པའི་ཌི་པོ་ལོ་གསོལ་མགྲོན་ཁང་དུ་རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་གཉིས་པ་དབུ་འཛུགས་གནང་སོང་།

Tibet Youth Forum 2024

དེ་རིང་ཟླ་ ༧ ཚེས་ ༣ ཉིན་གྱི་སྔ་དྲོ་ཚོུད་ ༩༌༣༠ ཐོག་ཚོགས་ཆེན་དབུ་འབྱེད་ཀྱི་མཛད་སྒོར་རྒྱ་གར་གཙོས་འཛམ་གླིང་ཡུལ་གྲུ་འདྲ་མིན་ ༡༣ ལྷག་ཏུ་གནས་སྡོད་གནང་བཞིན་པའི་ཤེས་ཡོན་གྱི་རྒྱབ་ལྗོངས་མི་གཅིག་པའི་བོད་རིགས་གཞོན་སྐྱེས་ཚོགས་བཅར་བ་མི་གྲངས་ ༡༠༠ ལྷག་ཕེབས་ཡོད་པ་དང་། མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དབུས་པའི་ཕྱི་འབྲེལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས། དྲུང་འཕར་བསྟན་འཛིན་ལེགས་བཤད་ལགས། གསུང་བཤད་གནང་མཁན་ཁོངས་སུ་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་གཞུང་འབྲེལ་འབྲེལ་ལམ་འགན་འཛིན་སྐུ་ཞབས་ Franz Matzner ལགས། དེ་བཞིན་བོད་དོན་ལས་འགུལ་བསྟི་གནས་ཁང་གི་འཐབ་བྱུས་སློབ་སྟོན་པ་དང་ཉམས་ཞིབ་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས། བོད་ཀྱི་རྩོད་རྙོག་འདུམ་འགྲིག་ཁང་གི་འགན་འཛིན་སོགས་ལྷན་འཛོམས་གནང་འདུག

 སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྐབས་ ༡༦ པའི་བཀའ་ཤག་འདིའི་ངོས་ནས་དེ་སྔ་ཕྱི་ལོ་ ༢༠༢༡ ལོར་VTAG ཞེས་བོད་མིའི་དྭང་བླངས་བོད་དོན་ཞུ་གཏུག་ལས་འགུལ་ཐོག་མ་བཙུགས་ཏེ་ད་ཆ་འཛམ་གླིང་ས་ཕྱོགས་གང་སར་བོད་དོན་ཞུ་གཏུག་ལས་འགུལ་སྔར་ལས་ཚགས་ཚུད་འགྲོ་བཞིན་པར་ཡི་རང་བསྔགས་བརྗོད་དང་འབྲེལ་ཏེ་ལས་འགུལ་དེའི་བརྒྱུད་རྐང་འཛམ་གླིང་ཡུལ་གྲུ་གང་སར་གྱར་བའི་བོད་རིགས་གཞོན་སྐྱེས་གཙོ་བོར་གྱུར་བའི་བོད་མི་རྣམས་ལྟ་བ་ལངས་ཕྱོགས་གང་ཡིན་ལ་ལྟོས་མེད་མཉམ་ཁྲིད་ཀྱིས་བོད་ཀྱི་རྩ་དོན་ཐོག་ཆིག་སྒྲིལ་གྱི་ནུས་པ་མཉམ་སྤུངས་སྤུངས་རྒྱུར་དམིགས་བཞིན་ཡོད་ཅེས་གསུངས་སོང་བ་དང་ཆབས་ཅིག ད་ལྟའི་མི་རབས་ཚོས་གདོང་ལེན་གནང་དགོས་པའི་གནད་དོན་གཙོ་བོ་ནི་༸གོང་ས་མཆོག་གི་དགུང་ལོའི་བབ་ཀྱི་ཆ་ནས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་དེ་སྔ་བཞིན་ཆིབས་བསྒྱུར་མཛད་ཐུབ་ཀྱི་མེད་སྟབས་བོད་མི་མི་རེ་ངོ་རེས་མགོན་པོ་༸གང་ཉིད་མཆོག་འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་ལ་ངོས་འཛིན་མཛད་དེ་རང་ཉིད་ཀྱི་ཕྱག་དང་སྤྱན་རེ་རེ་ཕྱག་སྟོང་སྤྱན་སྟོང་གི་ངོ་བོར་མཚོན་ཐབས་གནང་སྟེ་མགོན་པོ་༸གང་ཉིད་མཆོག་གི་ཅི་གསུང་བཀའ་སྒྲུབ་སླད་འབད་རྩོལ་གང་ཐུབ་གནང་དགོས་པའི་སྐུལ་མ་གནང་སོང་།

Tibet Youth Forum 2024

ལྷག་པར་དུ་སྲིད་སྐྱོང་མཆོག་གིས་ལོ་རྗེས་མར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་ལོ་ ༩༠ ཐམ་པར་ཕེབས་པའི་༸སྐུའི་གོ་སྟོན་ཁེལ་གྱི་ཡོད་སྟབས། བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་སྐབས་ ༡༦ ངོས་ནས་ཕྱི་ལོ་ ༢༠༢༥ དེ་༸རྒྱལ་བའི་བཀའ་དྲིན་རྗེས་དྲན་གྱིས་བྱམས་བརྩེའི་ལོར་སྲུང་བརྩི་ཞུ་རྒྱུའི་ལས་འཆར་ཞིག་ཡོངས་གྲགས་གནང་དོན་ལྟར་འཛམ་གླིང་ས་ཕྱོགས་གང་སར་གནས་སྡོད་བོད་མི་ཚོས་༸གོང་ས་མཆོག་གིས་ད་བར་འཛམ་གླིང་སྤྱི་དང་སྒོས་བོད་འབངས་རྣམས་ལ་བསྐྱངས་པའི་བླ་ན་མེད་པའི་མཛད་རྗེས་དག་ལ་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་བཀྲིན་རྗེས་དྲན་ཞུ་རྒྱུའི་གནང་སྒོ་ཁག་གི་ཐོག་ལ་ད་ལྟ་ནས་དགོངས་བཞེས་གནང་དགོས་པ་གསུངས་སོང་།

སྐབས་དེར་ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་ཀྱིས་དྭང་བླངས་བོད་དོན་ཞུ་གཏུག་ལས་འགུལ་གྱི་དམིགས་ཡུལ་ངོ་སྤྲོད་དང་འབྲེལ། དེའི་ནང་སྤུས་ཀ་ལྡན་པའི་གཞོན་སྐྱེས་ཤེས་ཡོན་ཅན་གང་མང་མཉམ་ཞུགས་ཀྱིས་བོད་མིའི་རང་དབང་འཐབ་རྩོད་དེ་ཤུགས་ཆེ་ཡོང་བར་ཐབས་ལམ་འཚོལ་རྒྱུ་དང་ལྷག་དོན་བོད་པས་བོད་མིའི་འཐབ་རྩོད་ཀྱི་ངོ་བོ་མཁྱེན་པའི་ཐོག་ནས་བོད་སྤྱིའི་འཐབ་རྩོད་དེ་ཇི་སྲིད་རང་དབང་སླར་གསོ་མ་བྱུང་བར་དེ་སྲིད་དུ་རྒྱུན་སྐྱོང་གནང་དགོས་སྐོར་གསུངས་སོང་།

Tibet Youth Forum 2024

དེ་རིང་ནས་དབུ་འཛུགས་ཀྱིས་ཚེས་ ༥  བར་ཉིན་གྲངས་གསུམ་རིང་གི་ཚོགས་འདུ་ཐོག་བོད་ཀྱི་ཐུན་མིན་ཆོས་རིག་དང་མི་རིགས་ཀྱི་ངོ་བོ། འགོ་ཁྲིད་ནུས་པ་སྐྱེད་སྲིང་དང་ཆབ་སྲིད་མི་སྣ་ཁག་དང་འབྲེལ་ལམ་བསྐྱང་ཕྱོགས། འཚེ་བ་མེད་པའི་ཐབས་ལམ་ལ་བརྟེན་པའི་ལས་འགུལ་སྤེལ་ཕྱོགས་དང་འཁྲུག་ཆ་དོད་པོའི་རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྱུར་འགྲོས་ཁྲོད་བོད་དོན་འཐབ་རྩོད་ཀྱི་ལས་འགུལ།  དེ་བཞིན་སྤྱི་ཚོགས་དྲ་ལམ་བརྒྱུད་ཞུ་གཏུག་ལས་འགུལ་སྤེལ་ཕྱོགས་སོགས་ཀྱི་ཐོག་གསུང་བཤད་དང་ཚོགས་བཅར་བ་དབར་གོ་བསྡུར་གནང་རྒྱུ་ཡིན་པ་རེད།

གཞི་རྩའི་ད་ལྟའི་ཆར་བཞུགས་སྒར་དྷ་རམ་ལ་སར་ཨ་རིའི་རྒྱལ་ཡོངས་མང་གཙོ་ལྟེ་གནས་ཁང་གིས་གོ་སྒྲིག་འོག་རྒྱ་གར་དང་བལ་ཡུལ་ཁུལ་གྱི་ཚོགས་པ་ ༢༤ ནས་གཞོན་སྐྱེས་འགོ་ཁྲིད་ ༣༨ ནས་མཉམ་ཞུགས་ཀྱིས་བོད་རིགས་ན་གཞོན་འདུ་འཛོམས་ཀྱང་ཚོགས་བཞིན་ཡོད་པ་དང་ཉིན་གྲངས་ལྔའི་རིང་གི་ཚོགས་འདུའི་ཐོག་བོད་ཀྱི་ངོ་བོ་དང་བོད་ཀྱི་མང་གཙོའི་ལམ་ལུགས་ནང་གཞོན་སྐྱེས་ཚོའི་མཉམ་ཞུགས་ཀྱི་གནད་འགག དེ་བཞིན་གདོང་ལེན་གནང་དགོས་གལ་ཇི་འདྲ་ཡོད་མེད། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་སོགས་ཀྱི་སྐོར་ལ་གསུང་བཤད་དང་སྡེ་ཚན་ཆ་བགོས་ཀྱི་གོ་བསྡུར་གནང་གི་ཡོད་པ་རེད།

Students2
Students2

འབྲེལ་ཡོད་གསར་གནས།

གསར་གནས།