Tibetan Royal Year of 2150 | Year of the Water Rabbit

རྔ་བ་ཁུལ་དུ་༸སྐྱབས་རྗེ་ཀིརྟི་རིན་པོ་མཆོག་གི་སྐུ་པར་སྒྲིག་གཤོམ་ཐད་དམ་བསྒྲགས།

Tibetan News Headlines

  • རྒྱལ་ཚོགས་ཀྱིས་རྒྱ་གཞུང་ལ་དྲག་གནོན་གྱི་སྲིད་བྱུས་མཚམས་འཇོག་ཆེད་གནོད་ཤུགས་སྤྲོད་དགོས།
  • ཨ་རིས་རྒྱ་ནག་གིས་བརྡ་འཕྲིན་དམག་འཐབ་སྣེ་ཁྲིད་བྱེད་བཞིན་པར་ཉེན་བརྡ།
  • བོད་མིའི་མདུན་ལམ་སློབ་གཉེར་ཁང་གིས་ལྷོ་ཕྱོགས་གཞིས་མིར་གོ་རྟོགས་ལས་གཞི་སྤེལ་བ།
  • བཀྲ་ཤིས་ལྗོངས་གདན་ས་ཁམས་པ་སྒར་གྱི་བཤད་གྲྭ་ཁམས་སྒར་འབྲུག་མཐོ་སློབ་དྷརྨ་ཀཱ་རའི་དེ་བྱུང་སྐོར་མཁན་པོ་འཇིགས་མེད་བློ་གྲོས་ལགས་སུ་བཅར་འདྲི།

Friday 29/09/2023

  • UN Human Rights Council told: ‘End repression in Tibet; reject China’s membership bid’
  • China uses ‘deceptive ’methods to sow disinformation, US says
  • CTA carries out a career awareness program in South India
  • History of Khamgar Druk Shedra/College

རྒྱ་གཞུང་གིས་བོད་ནང་དམ་དྲག་གི་སྲིད་བྱུས་ལག་ལྟར་ཁྲོད། བོད་མི་རྣམས་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་༸སྐུ་པར་སྒྲིག་གཤོམ་ཐད་དུས་རྒྱུན་ནས་དམ་དྲག་བྱེད་བཞིན་ཡོད་པའི་ཁར། རྔ་བ་ཀིརྟི་ཁུལ་དུ་ཀིརྟི་དགོན་ཁག་དང་ལྷ་སྡེ་ཚོར་༸རོང་ཆེན་བསྟན་པའི་སྒྲོན་མེ་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་སྐུ་པར་སྒྲིག་གཤོམ་བྱེད་པར་བཀག་སྡོམ་ཤུགས་ཆེ་བྱེད་བཞིན་ཡོད་འདུག

རྩ་བའི་བོད་ནང་དུ་ཕྱི་ལོ་ ༢༠༠༨ ལོའི་ས་བྱི་ཞི་རྒོལ་ཆེན་མོའི་རྗེས་སུ། རྒྱ་གཞུང་གིས་སྔར་ལྷག་དམ་དྲག་གི་སྲིད་བྱུས་ལག་བསྟར་ཁྲོད། ཕྱི་ལོ་ ༢༠༠༩ ནས་བཟུང་སྟེ་ད་བར་བོད་མི་ ༡༥༧ ཡིས་རྒྱ་གཞུང་གི་དེ་ལྟ་བུའི་དྲག་པོའི་སྲིད་བྱུས་ལ་ངོ་རྒོལ་དང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ལ་གདན་འདྲེན་ཞུ་དགོས་པ་སོགས་ཀྱི་འབོད་ཚིག་བསྒྲགས་ཏེ་རང་ལུས་མེར་བསྲེགས་གཏོང་མཁན་བྱུང་ཡོད་པའི་ཁོངས་མང་ཆེ་བ་མདོ་སྨད་རྔ་བ་ཁུལ་ནས་ཆགས་ཡོད་སྟབས། རྒྱ་ནག་གཞུང་གིས་རྔ་བ་རྫོང་དང་ཀིརྟི་དགོན་ཁག དེ་བཞིན་ལྷ་སྡེ་ཚོར་བོད་ཀྱི་ས་གནས་གཞན་ལས་ལྷག་པའི་དམ་དྲག་བྱས་དང་བྱེད་མུས་ཡིན་པ་རེད།

ཁ་སང་༸བཞུགས་སྒར་དུ་རྟེན་གཞིས་བྱས་པའི་བོད་ཀྱི་དུས་བབ་གསར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། འདི་ལོའི་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་སྐབས་སྟག་ཚང་ལྷ་མོ་ཀིརྟི་དགོན་པའི་བཅོ་ལྔ་མཆོད་པའི་ནང་བཀའ་ཟུར་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་སྐུ་པར་སྒྲིག་གཤོམ་བྱས་ཡོད་པར། ས་གནས་ཉེན་རྟོག་པས་ཁོང་གི་སྐུ་པར་བཤམ་མི་ཆོག་པའི་བཙན་བཀའ་བཏང་སྟེ། སྐུ་པར་ཕྱིར་བསྡུ་བྱས་བཅུག་ཡོད་པ་མ་ཟད། ཉེ་བའི་ཆར་རྔ་བ་ཀིརྟི་དགོན་པ་དང་ཀིརྟི་དགོན་པའི་ལྷ་སྡེ་ཁག་གི་ནང་དུ་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་སྐུ་པར་སྒྲིག་གཤོམ་བཀག་སྡོམ་གྱི་ལས་འགུལ་ཞིག་སྤེལ་བཞིན་པ་རེད་འདུག

མ་ཟད་འདས་པའི་ལོ་ཤས་ནས་བཟུང་ཁུལ་དེར་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ལ་ཡང་དམ་དྲག་ཤུགས་ཆེ་བྱས་ཡོད་པ་མ་ཟད། གཤིན་པོའི་ཆེད་བཙན་བྱོལ་ནང་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་ལ་བསྔོ་རྟེན་བསྐུར་བ་ཙམ་གྱི་འཛིན་བཟུང་བྱས་པའི་གནས་ཚུལ་རིམ་པ་བྱུང་ཡོད་པ་རེད།

ཕྱོགས་མཚུངས་དེང་སྐབས་བོད་ཀྱི་ས་ཁུལ་མང་ཆེ་བ་བཞིན་རྔ་བ་ཁུལ་དུའང་ཕྱི་ཕྱོགས་སུ་སྤུན་ཉེ་འབྲེལ་སོགས་ལ་འབྲེལ་བ་བྱས་པ་ཙམ་གྱི་ཉེན་རྟོག་པས་འདྲི་རྩད་སོགས་སུན་གཙེར་དང་འཇིགས་སྐུལ་སྣ་ཚོགས་བྱེད་བཞིན་ཡོད་པ་མ་ཟད། རྔ་བ་ཁུལ་དུ་རྒྱ་གཞུང་གིས་བོད་མིའི་ཆོས་དད་རང་དབང་ལ་དམ་དྲག་སྤེལ་བཞིན་པར་མང་ཚོགས་ཀྱི་སེམས་ལ་རྨ་ཁ་ཆེན་པོ་བཟོ་ཡི་ཡོད་པ་རེད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།