fbpx

Tibetan Royal Year of 2150 | Year of the Water Rabbit

ལོ་ངོ་དྲུག་ཅུ་ལྷག་གི་ནང་རྒྱ་ནག་གི་མི་འབོར་ཆེས་ཐོག་མ་ཉུང་དུ་ཕྱིན་འདུག

Tibetan News Headlines

  • ༸གོང་ས་མཆོག་གིས་བོད་དང་ཁ་ཆེ་དབར་དམིགས་བསལ་འབྲེལ་བ་ཡོད་པར་བཀའ་སྩལ་བ།
  • གྲོས་ཚོགས་ཀྱི་ལས་ཉིན་ལྔ་པ་ཆ་ཚང་མང་ཚོགས་རྩིས་ཁྲ་ཚོགས་ཆུང་གི་སྙན་ཐོར་བཏང་ཡོད།
  • སུད་སིར་བོད་མི་གཙོས་སྐྱབས་བཅོལ་ཞུ་མི་རྣམས་ཀྱི་དཀའ་ངལ་སེལ་ཆེད་གྲོས་ཆོད་གཏན་འབེབས།
  • རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་དུ་བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༦ དབུ་འཛུགས།
  • སྦེལ་འཇམ་གཞུང་གིས་ནང་ཆོས་དེ་ཉིད་གཞུང་འབྲེལ་ཆོས་བརྒྱུད་གྲས་སུ་ངོས་འཛིན།
  • བྱང་ཨ་རིའི་གཟའ་མཇུག་སློབ་གྲྭའི་དགེ་རྒན་རྣམས་ལ་སཱི་ཤེས་ཡོན་ཟབ་ཁྲིད།

Monday 20/03/2023

  • Dalai Lama meets with Muslim scholars, speaks on common values between Islam and Buddhism
  • 11th Public Accounts Committee presents report to Parliament
  • Swiss National Council approves motion seeking relief for asylum seekers
  • Tibetan Opera ‘Shoton’ festival begins in Mundgod Tibetan settlement
  • Belgium officially recognises Buddhism as a non-denominational religion
  • SEE Learning conducts workshop for North America’s weekend Tibetan language and culture teachers
(Visited 10 times, 2 visits today)

འཛམ་གླིང་ཁྲོད་མི་འབོར་མང་ཤོས་ཀྱི་རྒྱལ་ཁབ་རྒྱ་ནག་དེ་འདས་ལོར་མི་འབོར་ཆེས་ཇེ་ཉུང་དུ་ཕྱིན་ཡོད་པ་དང་དེ་ནི་ཕྱི་ལོ་ ༡༩༦༡ ལོ་ནས་བཟུང་སྟེ་རྒྱ་ནག་གི་མིའི་གྲངས་འབོར་ཇེ་ཉུང་དུ་ཕྱིན་པ་ཆེས་ཐོག་མ་དེ་ཆགས་ཀྱི་ཡོད་པ་རེད། དེ་རིང་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བར་གཞིགས་ཚེ་རེས་གཟའ་མིག་མར་ཉིན་རྒྱ་ནག་གཞུང་གི་མི་འབོར་སྐྱེ་འཆི་གྲངས་ཐོ་ཕྱིར་བསྒྲགས་བྱས་འདུག་པ་དང་དེའི་ནང་ཕྱི་ལོ་ ༢༠༢༢ ལོ་མཇུག་ཏུ་རྒྱ་ནག་གི་མི་འབོར་ཐེར་འབུམ་ ༡.༤༡༡༧༥  དང་དེ་བཞིན་ཕྲུ་གུ་སྐྱེས་ཚད་དེ་མི་གྲངས་ ༡༠༠༠ རེར་ཕྲུ་གུ་སྐྱེས་པའི་བརྒྱ་ཆ་ ༦.༧༧  ཆགས་ཡོད་སྟབས་དེ་ནི་ཕྲུ་གུ་སྐྱེས་ཚད་ཀྱི་གྲངས་ཚད་དམའ་ཤོས་སུ་གྱུར་འདུག

འདས་ལོར་མི་ ༡༠༠༠ རེའི་ཁྲོད་འདས་གྲོངས་སུ་སོང་བའི་གྲངས་ཚད་དེ་བརྒྱ་ཆ་ ༧.༣༧  ཡིན་པ་ཐོ་འགོད་བྱུང་ཡོད་པ་དང་དེ་ནི་ཕྱི་ལོ་ ༡༩༧༦ ནས་བཟུང་སྟེ་འདས་གྲོངས་སུ་གྱུར་བའི་གྲངས་ཚད་མཐོ་ཤོས་ཆགས་ཡོད་པར་བཤད་འདུག

རྒྱ་ནག་ནང་ཕྲུ་གུ་སྐྱེས་ཚད་ཀྱི་གྲངས་འབོར་ཇེ་ཉུང་དུ་སོང་ཡོད་པ་དེ་ནི་ཕྱི་ལོ་ ༡༩༨༠ དང་ ༢༠༡༥ ལོའི་བར་དུ་ལག་བསྟར་བྱས་པའི་རྒྱ་ནག་གི་ཕྲུ་གུ་གཅིག་གི་སྲིད་བྱུས་དེའི་རྐྱེན་དང་རྒྱ་ནག་ནང་སློབ་ཕྲུག་གི་ཤེས་ཡོན་ཐད་འགྲོ་གྲོན་ཆེ་དྲག་པའི་རྐྱེན་གྱིས་ཡིན་སྐོར་མངོན་གསལ་གནང་ཡོད།

ལྷག་པར་དུ་མི་འབོར་ཞིབ་གཤེར་གྱི་ཆེད་ལས་པས་རྒྱ་ནག་གི་སྐྱེ་འཆིའི་གྲངས་ཚད་ལ་གཉན་རིམས་ཀྱིས་ཤུགས་རྐྱེན་སྤྲད་ཡོད་ཅེས་གསུངས་འདུག་པར་མ་ཟད། རྒྱལ་ཚོགས་ཀྱི་ཆེད་ལས་པས་ཕྱི་ལོ་ ༢༠༥༠ བར་རྒྱ་ནག་གི་མི་འབོར་དེ་ས་ཡ་ ༡༠༩ ཆགས་རྒྱུ་ཡིན་པར་ཚོད་དཔག་གནང་གི་འདུག

རྒྱ་ནག་གི་གྲངས་ཐོ་ཚན་པའི་ལས་ཁུངས་ནས་སྤྱི་བསྒྲགས་སྤེལ་བའི་ནང་མི་མང་ནས་མི་འབོར་གྱི་གྲངས་ཚད་ཆག་པར་སེམས་འཁྲལ་བྱེད་དགོས་མེད་པ་དང་རྒྱ་ནག་སྤྱི་ཡོངས་ཀྱི་ངལ་རྩོལ་མཁོ་སྤྲོད་ Labour Supply ནི་དགོས་མཁོ་ལས་མང་བ་ཆགས་ཡོད་སྐོར་བཤད་པ་དེ་ལྟར་ནའང་། མི་འབོར་གྲངས་བཤེར་གྱི་ཆེད་ལས་པ་ Yi Fuxian ཡིས་རྒྱ་ནག་གི་སྐྱེ་འཆིའི་གྲངས་ཚད་རེའུ་མིག་དང་དཔལ་འབྱོར་ཐད་ལྟ་ཚུལ་ནི་རེ་བ་བྱས་པ་ལྟར་བྱུང་མེད་པ་དང་རྒྱ་ནག་གིས་སྤྱི་ཚོགས་དང་དཔལ་འབྱོར། བདེ་སྲུང་། ཕྱི་འབྲེལ་སྲིད་བྱུས་ལ་བསྒྱུར་བ་གཏོང་དགོས་པ་ཆགས་ཀྱི་རེད་ཅེས་གསུངས་འདུག

གཞི་རྩའི་རྒྱ་ནག་དེ་ཕྲུ་གུའི་སྐྱེས་ཚད་ཀྱི་གྲངས་ཚད་ཇེ་ཉུང་དུ་འགྲོ་བ་དང་དེ་བཞིན་འདས་གྲོངས་སུ་གྱུར་བའི་གྲངས་འབོར་ཡང་མང་དུ་སོང་ཡོད་པ་དེས་རྒྱ་གར་དེ་ཉིད་ཕྱི་ལོ་ ༢༠༢༣ ལོར་འཛམ་གླིང་ནང་གི་མི་འབོར་མང་ཤོས་ཀྱི་རྒྱལ་ཁབ་དེ་ཆགས་ངེས་ཡིན་པ་ཚོད་དཔག་གནང་གི་ཡོད། འབྲེལ་ཡོད་པར་ཁག་སྤྱི་ཚོགས་དྲ་རྒྱ་ལས་བཏུས།

(Visited 78 times, 1 visits today)

འབྲེལ་ཡོད་གསར་གནས།

གསར་གནས།