Tibetan Royal Year of 2151 | Year of the Wood Dragon

ལྡི་ལི་དོན་གཅོད་བློ་བཟང་ཤཱསྟྲཱི་ལགས་དོན་གཅོད་ནས་དགོངས་ཞུ།

Tibetan News Headlines

  • བོད་དང་ཧི་མཱ་ལ་ཡ། བོད་དང་འབྲས་ལྗོངས་དབར་གྱི་ཆོས་ཡོན་དང་ཆབ་སྲིད་ཀྱི་འབྲེལ་བ།

Sunday 14/04/2024

  • Tibet and the Himalayas: Unraveling Sikkim and Tibet’s Religious-Political Bonds

ལྡི་ལི་སྐུ་ཚབ་དོན་གཅོད་བློ་བཟང་ཤཱསྟྲཱི་ལགས་སྐུ་གཟུགས་བདེ་མིན་དབང་གིས་དོན་གཅོད་ཀྱི་ལས་འཁུར་ནས་དགོངས་པ་ཞུས་དོན་ལྟར་སྐབས་ ༡༦ པའི་བཀའ་ཤག་གིས་བཀའ་འཁྲོལ་སྩལ་ཏེ་ཕྱི་ལོ་ ༢༠༢༣ ཟླ་ ༡༡ ཚེས་ ༢༡ ཉིན་ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་སྤྲོད་དཔང་དུ་ཕེབས་ཐོག་སྐུ་ཚབ་དོན་གཅོད་མཆོག་གིས་དོན་ཁང་གི་དྲུང་ཆེ་དོན་གྲུབ་རྒྱལ་པོ་ལགས་སུ་ལས་འགན་རྩིས་སྤྲོད་གནང་འདུག

སྐུ་ཚབ་དོན་གཅོད་བློ་བཟང་ཤཱསྟྲཱི་ལགས་སྔར་ལོའི་ཕྱི་ཟླ་ ༩ ནང་བོད་མིའི་སྒྲིག་འཛུགས་བཀའ་དྲུང་ཡིག་ཚང་གིས་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་སྒྲིག་གཞི་དོན་ཚན་ ༡༩ ནང་གསེས་དང་པོའི་དགོངས་དོན་འོག་ལྡི་ལོའི་དོན་གཅོད་དུ་བསྐོ་གཞག་གནང་བ་བཞིན་སྔ་ལོའི་ཕྱི་ཟླ་ ༩ ནས་ཕྱི་ལོ་ ༢༠༢༣ ལོའི་ཕྱི་ཟླ་  ༡༡ བར་ཁྱོན་ལོ་གཅིག་དང་ཟླ་བ་གཉིས་ཙམ་གྱི་རིང་ལྡི་ལི་སྐུ་ཚབ་དོན་གཅོད་ཀྱི་ཐུགས་འགན་བཞེས་ཡོད་པ་རེད།

གཞི་རྩའི་སྐུ་ཚབ་དོན་གཅོད་ཟུར་པ་བློ་བཟང་ཤཱསྟྲཱི་ལགས་ཕྱི་ལོ་ ༡༩༨༥ ལོར་ཝཱ་ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་ནས་ཤཱསྟྲཱི་འམ་བསྟན་བཅོས་ཀྱི་བསླབ་པ་མཐར་སོན་པ་དང་རྗེས་སུ་དྷ་ས་བོད་ཀྱི་དཔེ་མཛོད་ཁང་དང་ཝཱ་ཎ་ཞི་འཚོ་དཔེ་མཛོད། དེ་བཞིན་ལ་དྭགས་གླེ་ནང་པའི་མཐོ་སློབ་ཁང་གི་དཔེ་མཛོད་འགན་འཛིན་དང་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་པའི་སློབ་སྟོན་པ་བཅས་ཀྱི་ཚོགས་མི་གནང་ཡོད་ལ།  ནོར་ཝེ་ཨོས་ལོ་གཙུག་ལག་སློབ་གཉེར་ཁང་གི་དགེ་རྒན་དང་ཐོ་ལིང་རྗེས་དྲན་ཚོགས་ཆུང་གི་དྲུང་ཆེ། ཨིན་ཌ་ཡ་ཎ་གཙུག་ལག་སློབ་གཉེར་ཁང་གི་དབུས་ནུབ་ཤར་ཚན་པའི་དགེ་རྒན་དང་ཉམས་ཞིབ་པ་ཕྱག་ལས་གནང་མྱོང་ཡོད་པ་མ་ཟད། ཨ་རིའི་བྷོས་ཊོན་ནང་རྟེན་གཞི་བྱས་པའི་ Buddhist Digital Resource Centre ཞེས་ནང་བསྟན་དཔེ་ཚོགས་ལྟེ་གནས་ཁང་གི་དཔེ་མཛོད་དོ་དམ་པ་གནང་ཡོད་པར་མ་ཟད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐབས་བཅུ་གསུམ་པའི་སྤྱི་འཐུས་ཀྱི་ཐུགས་འགན་བཞེས་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།