Tibetan Royal Year of 2151 | Year of the Wood Dragon

ལྡི་ལིར་གོང་ས་མཆོག་གི་གསུང་འཕྲིན་འཁོད་པའི་བསྒྲགས་བྱང་ ༦༠ ལྷག་ཆེད་འཛུགས་སྒོ་ནས་སྐུའི་འཁྲུངས་སྐར་ལ་བསུ་བ་ཞུས་པ།

Tibetan News Headlines

  • Organic Research and Training Centre: Inculcating sustainable farming with modern approach among Tibetans in exile

རེས་གཟའ་ཉི་མ། ༢༠༢༤།༠༧།༡༤

  • སྦེལ་ཀོབ་སྐྱེ་ལྡན་སོ་ནམ་ཉམས་ཞིབ་སྦྱོང་བརྡར་ཁང་གི་སྐོར་གླེང་མོལ།

ལྡི་ལི་བོད་སྒར་བསམ་ཡས་གླིང་གི་ངོས་ནས་རྒྱལ་ས་ལྡི་ལིའི་མི་འཛོམས་ཆེ་སའི་ས་གནས་ཁག་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་དང་།   གང་ཉིད་ཀྱི་གསུང་འཕྲིན་ཕྱོགས་སྒྲིག་ཞུས་པའི་ Billboard འམ་བསྒྲགས་བྱང་ཆེ་ཆུང་བསྡོམས་ ༦༡ ལྷག་ཙམ་ཞིག་ཆེད་འཛུགས་ཀྱིས་མགོན་པོ་གང་ཉིད་ཀྱི་སྐུའི་འཁྲུངས་སྐར་ལ་བསུ་བ་ཞུས་འདུག 

HHDL Birthday Delhi

དེ་ཡང་བོད་སྒར་བསམ་ཡས་གླིང་གི་བརྒྱ་དཔོན་དངོས་གྲུབ་ཆོས་འཕེལ་ལགས་ཀྱིས་འགྲེལ་བརྗོད་གནང་དོན་བྱས་ན།   ལྡི་ལི་བོད་སྒར་བསམ་ཡས་གླིང་གི་ངོས་ནས་འདི་ལོའི་མགོན་པོ་མཆོག་གི་དགུ་སྟོན་དེ་གྲ་རྒྱས་ངང་སྲུང་བརྩི་ཞུ་རྒྱུའི་ཐག་གཅོད་བྱུང་བ་བཞིན།   རྒྱལ་ས་ལྡི་ལིའི་མི་འཛོམས་ཆེ་སའི་ཁྲོམ་ར་ཁག་དང་།  ཤེས་ཡོན་ལྟེ་གནས་མཐོ་རིམ་སློབ་གྲྭ།   དེ་བཞིན་མི་འཛོམས་ཆེ་སའི་མེ་འཁོར་དང་ Metro འབབ་ཚུགས་བཅས་སུ་ Billboard བསྒྲགས་བྱང་དང་།  Digital Media Screen ཆེ་ཆུང་བཅས་ཁྱོན་ ༦༡ ལྷག་ཆེད་འཛུགས་གནང་ཡོད་པ་མ་ཟད།     བསྒྲགས་བྱང་དེ་ཚོའི་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་དང་།   དབྱིན་ཡིག་བོད་ཡིག་ཧིན་དྷི་བཅས་སྐད་ཡིག་གསུམ་གྱི་ནང་གང་ཉིད་ཀྱི་ཞི་བདེ་མཉམ་གནས་ཀྱི་དགོངས་གཞི་དང་འབྲེལ་བའི་གསུངས་འཕྲིན་ཕྱོགས་སྒྲིག   ལྷག་པར་དུ་ཕྱི་ཟླ་ ༧ ཚེས་ ༦ ཉིན་བོད་སྒར་བསམ་ཡས་གླིང་གི་སྐུའི་འཁྲུངས་སྐར་གྱི་མཛད་སྒོར་མགྲོན་བརྡ་བཅས་བཀོད་ཡོད་པ་གསུངས་ཀྱི་འདུག   

HHDL Birthday Delhi
HHDL Birthday Delhi

འབྲེལ་ཡོད་གསར་གནས།

གསར་གནས།