Tibetan Royal Year of 2150 | Year of the Water Rabbit

ང་ཚོ་བོད་དང་མཉམ་དུ་ཡོད་ལ་གཞིས་བཞུགས་བོད་མི་མྱུར་མཇལ་ཡོང་བའི་སྨོན་ལམ་ཡོད།

Tibetan News Headlines

  • རྒྱལ་ཚོགས་ཀྱིས་རྒྱ་གཞུང་ལ་དྲག་གནོན་གྱི་སྲིད་བྱུས་མཚམས་འཇོག་ཆེད་གནོད་ཤུགས་སྤྲོད་དགོས།
  • ཨ་རིས་རྒྱ་ནག་གིས་བརྡ་འཕྲིན་དམག་འཐབ་སྣེ་ཁྲིད་བྱེད་བཞིན་པར་ཉེན་བརྡ།
  • བོད་མིའི་མདུན་ལམ་སློབ་གཉེར་ཁང་གིས་ལྷོ་ཕྱོགས་གཞིས་མིར་གོ་རྟོགས་ལས་གཞི་སྤེལ་བ།
  • བཀྲ་ཤིས་ལྗོངས་གདན་ས་ཁམས་པ་སྒར་གྱི་བཤད་གྲྭ་ཁམས་སྒར་འབྲུག་མཐོ་སློབ་དྷརྨ་ཀཱ་རའི་དེ་བྱུང་སྐོར་མཁན་པོ་འཇིགས་མེད་བློ་གྲོས་ལགས་སུ་བཅར་འདྲི།

Friday 29/09/2023

  • UN Human Rights Council told: ‘End repression in Tibet; reject China’s membership bid’
  • China uses ‘deceptive ’methods to sow disinformation, US says
  • CTA carries out a career awareness program in South India
  • History of Khamgar Druk Shedra/College

དེ་རིང་ཉིན་རྒྱབ་ཕྱག་ཚོད་ ༣།༠༠ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཚོགས་ཁང་དུ་སུད་ཝི་ཌན་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་སྣེ་ཁྲིད་པ་ལྕམ་སྐུ་ Margareta Cederfelt མཆོག་གིས་དབུས་པའི་ཡུལ་དེའི་ཆབ་སྲིད་ཚོགས་པ་ཁག་བཞི་ཡི་གྲོས་ཚོགས་འཐུས་མི་ ༡༡ ནས་གསར་འགོད་ལྷན་ཚོགས་ཤིག་སྐོང་ཚོགས་གནང་བ་དང་སྦྲགས། ལྕམ་སྐུ་ Margareta Cederfelt མཆོག་གིས་བོད་ཀྱི་རྒྱལ་མཚམས་ཀུན་སྒོ་རྒྱག་ཡོད་པ་དེ་ལྟར་ཡང་ང་ཚོ་ནམ་ཡང་བོད་དང་མཉམ་དུ་ཡོད་ལ་མུ་མཐུད་བོད་དོན་རྒྱབ་སྐྱོར་གནང་རྒྱུ་ཡིན་པ་དང་། གང་མགྱོགས་གཞིས་བཞུགས་བོད་མི་དང་ལྷན་མཇལ་ཡོང་བའི་སྨོན་ལམ་ཡོད་ཅེས་གསུངས་མ་ཟད། གཞིས་བཞུགས་བོད་མི་རེ་རེའི་ལུས་རྟེན་དེ་ཧ་ཅང་རྩ་ཆེན་པོ་རེད་ཅེས་གསུངས་སོང་།

ལྕམ་སྐུ་ Margareta མཆོག་གིས་མུ་མཐུད་བརྗོད་དོན་སུད་ཝི་ཌན་གྲོས་ཚོགས་སུ་བོད་དོན་དང་འབྲེལ་བའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་གཙོས་བོད་ཀྱི་ཆོས་དང་རིག་གཞུང་། དེ་བཞིན་མང་གཙོ་སོགས་ཀྱི་སྐོར་ལ་གྲོས་ཚོགས་འཐུས་མི་དང་བློན་ཆེན་ཁག་ལ་གླེང་སློང་དང་འདྲི་རྩེད་གནང་རྒྱུ། དེ་བཞིན་བོད་དང་འབྲེལ་བའི་གྲོས་ཆོད་ཀྱང་འཇོག་གི་ཡོད་སྐོར་གསུངས་པ་དང་སྦྲགས། ཁོང་རྣམ་པ་ཕྱིར་རང་ཡུལ་དུ་འཁོར་སྐབས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་དང་སྐད་ཡིག་རང་དབང། ཆོས་དང་རིག་གཞུང་སོགས་ཀྱི་གནད་དོན་ཐོག་སུད་ཝི་ཌན་མང་ཚོགས་དང་གྲོས་ཚོགས་སུ་གླེང་སློང་གིས་གོ་རྟོགས་སྤེལ་རྒྱུ་ཡིན་ཅེས་གསུངས་སོང་།

ལྕམ་སྐུ་མཆོག་གིས་ད་དུང་དེ་རིང་ཞོགས་པ་༸གོང་ས་མཆོག་དང་མཇལ་མོལ་ཞུ་རྒྱུ་བྱུང་བ་ནི་ཧ་ཅང་གི་དུས་ཚིགས་གལ་ཆེན་ཞིག་དང་། ༸གོང་ས་མཆོག་གིས་སྐབས་དེར་ང་ཚོ་ཚང་མ་འགྲོ་བ་མི་གཅིག་གྱུར་ཡིན་སྟབས་མཉམ་རུབ་ཀྱི་ཐོག་ནས་ཞི་བདེ་བསྐྲུན་ཐབས་བྱ་དགོས་ཞེས་བཀའ་བསྩལ་བ་ནི་རླབས་ཆེན་ཞིག་ཡིན་པ་དང་། ལྷག་པར་དུ་དེང་གི་དུས་སུ་འཛམ་གླིང་གང་སར་དམག་འཁྲུག་འབྱུང་བཞིན་པའི་སྐབས་འདིར་༸གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་ལྟར་ཞི་བདེ་གོང་སྤེལ་དང་ལག་བསྟར་གནང་གལ་ཡིན་པ་གསུངས་སོང་།

ཁོང་རྣམས་དེ་རིང་ཞོགས་པ་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་༸བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུས་སྐབས། ༸གོང་ས་མཆོག་གིས་ང་ཚོའི་མི་ཚེ་ནི་ཨ་མའི་བྱམས་སྐྱོང་འོག་ནས་འགོ་འཛུགས་བྱེད་ཀྱི་ཡོད་པ་གཅིག་མཚུངས་ཡིན་པ་དེ་ལྟར་ཡང་། ཕྱིས་སུ་ལྟ་གྲུབ་མི་འདྲ་བ་དང་རྒྱལ་ཁབ་མི་འདྲ་བ། དེ་བཞིན་ཆོས་ལུགས་མི་འདྲ་བ་སོགས་ཀྱི་གནད་དོན་ལ་བརྟེན་ནས་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་དེ་སྣང་མེད་དུ་འཇོག་བཞིན་ཡོད་སྐོར་བཀའ་སྩལ་དང་འབྲེལ། རྒྱལ་ཁབ་དང་ཆོས་ལུགས་ཀྱི་གནད་དོན་ནི་རིམ་པ་གཉིས་པ་རེད་ཅེས་བཀའ་སྩལ་འདུག

འབྲེལ་ཡོད་གསར་གནས།

གསར་གནས།