Tibetan Royal Year of 2151 | Year of the Wood Dragon

སྲིད་ཟུར་མཆོག་རྒྱ་གར་རྒྱལ་ཡོངས་གྲོས་ཚོགས་འཐུས་མིའི་ལྷན་ཚོགས་ཐོག་ལྷན་ཞུགས།

Tibetan News Headlines

  • Ganjong Finance’s future remains uncertain due to a lack of investors and may face closure by 2026 : Sikyong
  • Rights group urges UN to address human rights violations and end abuses in Xinjiang and Tibet
  • Kangra Art Museum hosts “ Dreaming Tibet”, an art exhibition by Tibetan students
  • Largest lake in Tibet may merge with another lake by 2030 due to climate change
  • A Tibetan girl receives two academic excellence awards at Bangalore University
  • UP Police arrest Tibetan for allegedly providing Indian bank accounts to cyber criminals

རེས་གཟའ་པ་སངས། ༢༠༢༤།༠༩།༡༣

  • གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་ནང་དུ་མ་རྩ་འཛུགས་མཁན་མ་བྱུང་ཚེ་ཕྱི་ལོ་ ༢༠༢༦ ནང་སྒོ་བརྒྱག་དགོས་པའི་གནས་སྟངས་ཆགས་སྲིད་པ་གསུངས་སོང་།
  • རྒྱ་གཞུང་ལ་རྒྱལ་ཚོགས་ཀྱི་སྐུལ་འདེབས་ཁག་དང་ལེན་དང་ལག་བསྟར་དོན་འཁྱོལ་དགོས་པའི་གནོན་ཤུགས་སྤྲོད་དགོས་པ་གསུངས་འདུག
  • རང་ཉིད་བོད་ལ་ཡོད་པའི་འཆར་སྣང་གི་རི་མོའི་སྒྱུ་རྩལ་གྱི་འགྲེམས་སྟོན་དབུ་འཛུགས།
  • གནམ་གཤིས་འགྱུར་ལྡོག་རྐྱེན་པས་བོད་མཐོ་སྒང་གི་མཚོ་ཆེན་གཉིས་ཕན་ཚུན་འདྲེ་བཞིན་པའི་ཉེན་བརྡ་བཏང་འདུག
  • བོད་པའི་བུ་མོ་ཞིག་ལ་སྦེང་ལོར་མཐོ་སློབ་ནང་གསེར་གྱི་རྟགས་མ་གཉིས་ཐོབ་འདུག
  • བོད་མི་ཞིག་གིས་རྒྱ་གར་དངུལ་ཁང་གི་རྩིས་ཁྲ་དྲ་ལམ་བསླུ་བྲིད་པར་མཁོ་སྤྲོད་བྱས་རྐྱེན་འཛིན་བཟུང་བྱས་འདུག

རྒྱ་གར་རྒྱལ་ཡོངས་ཀྱི་གྲོས་ཚོགས་གོང་འོག་འཐུས་མིའི་ལྷན་ཚོགས་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཟུར་པ་བློ་བཟང་སེངྒེ་མཆོག་ལྷན་ཞུགས་གནང་སྟེ། ཚོགས་བཅར་བ་ཁག་གཅིག་ལ་ལེགས་སྤེལ་ཉེན་འགོག་གི་ཟབ་སྦྱོང་གནང་ཡོད་པ་མ་ཟད། ལྷན་ཚོགས་དེའི་མཇུག་སྡོམ་མཛད་སྒོར་གསུང་བཤད་ཀྱང་གནང་འདུག

དེ་ཡང་རྒྱ་གར་གྱི་ཚོང་འབྲེལ་ལྟེ་གནས་ Mumbai ཁུལ་དུ་ཁ་སྔོན་ཕྱི་ཚེས་ ༡༥ ནས་ ༡༧ བར་ཉིན་གྲངས་གསུམ་རིང་རྒྱ་གར་རྒྱལ་ཡོངས་ཀྱི་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མིས་གཙོས་པའི་མངའ་སྡེའི་གྲོས་ཚོགས་ཀྱི་འཐུས་མི་བཅས་ཁྱོན་ཚོགས་བཅར་བ་ ༡༥༠༠ ལྷག་ལས་གྲུབ་པའི་ལྷན་ཚོགས་ཤིག་ཚོགས་ཡོད་པ་དང་འབྲེལ། ལྷན་ཚོགས་དེ་ནི་མང་གཙོ་གོང་འཕེལ་དང་། ཚོགས་བཅར་བ་ཕན་ཚུན་ཤེས་བྱ་བརྗེ་ལེན། དེ་བཞིན་གྲོས་ཚོགས་ཀྱི་འཐུས་མི་མིང་དོན་མཚུངས་པ་ཞིག་ཡོང་ཐབས་སོགས་ཀྱི་ཆེད་དམིགས་པ་ཞིག་ཡིན་འདུག་པ་མ་ཟད། རྒྱ་གར་གྱི་ལོ་རྒྱུས་ནང་གྲོས་ཚོགས་འཐུས་མིའི་གྲངས་འབོར་དེ་ལྟ་བུ་དུས་གཅིག་ཏུ་ལྷན་འཛོམས་གནང་བ་ཐེངས་དང་པོ་དེ་ཆགས་ཀྱི་ཡོད་པ་རེད་འདུག

སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཟུར་པ་བློ་བཟང་སེངྒེ་མཆོག་ཚོགས་ཆུང་ཁག་གཅིག་གི་ཚོགས་གཙོའི་ངོ་བོ་ཐོག་ནས་ལྷན་ཞུགས་གནང་ཡོད་པ་དང་། ལྷག་པར་དུ་གྲོས་ཚོགས་ཀྱི་འཐུས་མི་ཁག་གཅིག་ལ་ཟབ་སྦྱོང་དང་། དེ་བཞིན་ལྷན་ཚོགས་ཀྱི་མཛད་སྒོའི་ཐོག་ C དྲུག་ཅེས་ Casteism རིགས་རུས་དབྱེ་འབྱེད་དང་། Criminalization ནག་ཉེས་ཆགས་ལུགས་ Communalism ཆོས་ལུགས་ཞེན་ཆགས། Corruption ལྐོག་ཟ་རུལ་སུངས། དེ་བཞིན་ Colonial Mindset ཞུམ་སེམས་དང་། Climate change ཁོར་ཡུག་འགྱུར་ལྡོག་བཅས་ལ་གདོང་ལེན་གནང་ཕྱོགས་ཐོག་གསུང་བཤད་གནང་སྐབས།  སྲིད་ཟུར་མཆོག་གིས་དེ་དག་གི་གཉན་པོར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ལམ་སྟོན་ལྟར་ K གསུམ་ཞེས་ Karma ལས་རྒྱུ་འབྲས་དང་། Karuna སྙིང་རྗེ། དེ་བཞིན་ Kartabya ལས་འགན་བཅས་ཀྱི་སྐོར་ནན་བརྗོད་གནང་འདུག

ཉིན་གྲངས་གསུམ་རིང་ཚོགས་པའི་རྒྱ་གར་རྒྱལ་ཡོངས་ཀྱི་གྲོས་ཚོགས་འཐུས་མིའི་ལྷན་ཚོགས་དེ་ནི་རྒྱ་གར་ Maharashtra མཱཧཱ་རཤྲཱ་མངའ་སྡེའི་ Pune པུ་ནེ་ནང་རྟེན་གཞི་བྱས་པའི་ MIT གཙུག་ལག་སློབ་ཆེན་གྱིས་གོ་སྒྲིག་ཞུས་པ་ཞིག་ཡིན་པ་དང་། སློབ་ཆེན་དེ་གསར་འཛུགས་གནང་མཁན་དང་ཚོགས་གཙོ་གཅིག་ལྕོགས་སློབ་དཔོན་སྐུ་ཞབས་ Rahul V Karhad རཱ་ཧུལ་སྦི་ཀརྷཏ་མཆོག་དང་སྲིད་སྐྱོང་ཟུར་པ་བློ་བཟང་སེངྒེ་མཆོག་རྣམ་གཉིས་སྒེར་གྱི་འབྲེལ་བའི་ཐོག་ནས་སྲིད་ཟུར་མཆོག་ད་རེས་ཀྱི་ལྷན་ཚོགས་དེར་ཆེད་དུ་གདན་ཞུ་གནང་བ་ཞིག་ཡིན་འདུག་པ་མ་ཟད། སྲིད་ཟུར་བློ་བཟང་སེངྒེ་མཆོག་ལྷན་ཚོགས་དེའི་སློབ་སྟོན་པ་དང་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་ཁོངས་སུའང་ཡོད་འདུག  

གྲོང་ཁྱེར་མུམ་སྦའི་ཁུལ་དུ་ཉིན་གྲངས་གསུམ་རིང་ཚོགས་པའི་རྒྱ་གར་རྒྱལ་ཡོངས་གྲོས་ཚོགས་འཐུས་མིའི་ལྷན་ཚོགས་དེའི་ཐོག་གཞན་ཡང་རྒྱ་གར་གཞུང་གི་སྲིད་འཛིན་གཞོན་པ་ཟུར་པ་དང་། གྲོས་ཚོགས་གོང་འོག་གི་ཚོགས་གཙོ་ཚོགས་གཞོན་ཟུར་པ། ས་གནས་གྲོས་ཚོགས་ཁག་གི་ཚོགས་གཙོ་གཙོས་པའི་འཐུས་མི་བཅས་ཁྱོན་གནད་ཡོད་མི་སྣ་ ༡༥༠༠ ལྷག་འདུ་འཛོམས་བྱུང་ཡོད་པ་རེད།

འདི་གའི་གསར་འགོད་པས་སྲིད་ཟུར་མཆོག་ལ་གྲོས་ཚོགས་འཐུས་མི་ཁོང་རྣམ་པའི་ངོས་ནས་བོད་དོན་ཐོག་ཐུགས་སྣང་དང་སེམས་ཁུར་གང་འདྲ་ཡོད་མེད་དང་། ལྷག་པར་གོ་སྐབས་དེ་དང་བསྟུན། གནད་ཡོད་མི་སྣ་དེ་དག་ལ་བོད་དོན་གླེང་སློང་སོགས་ཀྱི་སྐོར་བཀའ་འདྲི་ཞུས་སྐབས། སྲིད་ཟུར་མཆོག་གིས་ཐེངས་འདིའི་ལྷན་ཚོགས་འདི་བཞིན་སྤྱི་ཡོངས་ནས་ཡག་པོ་བྱུང་སོང་བ་དང་། ལྷག་པར་དུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐོར་ལ་ཞུས་སྐབས་ཁོང་རྣམ་པས་༸རྒྱལ་བ་རིན་པོ་ཆེ་མཆོག་མཇལ་མྱོང་ཡོད་པ་དང་བོད་དོན་ལ་རྒྱབ་སྐྱོར་ཡོད་པའི་འགྲེལ་བརྗོད་གནང་གི་ཡོད་སྐོར་དང་། དེ་བཞིན་བོད་ཀྱི་གནད་དོན་བཅས་ཀྱི་ཐོག་གླེང་སློང་ཡག་པོ་བྱུང་སོང་ཞེས་གསུངས་སོང་།

འབྲེལ་ཡོད་གསར་གནས།

གསར་གནས།