fbpx

Tibetan Royal Year of 2150 | Year of the Water Rabbit

སུད་སི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པས་གཞིས་བྱེས་བོད་མིའི་གནས་སྟངས་སྐོར་ཉན་ཞིབ་གནང་བ།

Tibetan News Headlines

  • རིགས་པ་དང་ལྡན་པའི་རིག་གཞུང་མི་རབས་གཞོན་པ་ཚོར་རྩིས་སྤྲོད་གནང་གལ།
  • ༸གོང་ས་མཆོག་གིས་ Latvia རྒྱལ་ཁབ་ཀྱི་སྲིད་འཛིན་མཆོག་ལ་འཚམས་འཕྲིན་མཛད་པ།
  • བོད་ནང་གི་ཛ་དྲག་གནས་སྟངས་སྐོར་གྲོས་ཆོད་གཏན་འབེབས།
  • རྒྱ་གཞུང་གིས་རྒྱལ་མཚམས་ལས་བརྒལ་ཏེ་དྲག་གནོན་བྱེད་བཞིན་པ་འཐེར་འདོན།
  • གནའ་རྫས་ཉར་ཚགས་སྐོར་གྱི་ཟབ་སྦྱོང་དབུ་འཛུགས།

Friday 02/06/2023

  • Dalai Lama meets Nalanda masters and diploma course graduates and students
  • Dalai Lama congratulates Latvia’s new president
  • Czech Senate Committee opposes forced assimilation of Tibetan children, interference in religious freedom
  • Report reveals PRC transnational repression on overseas human rights activist
  • Workshop on ‘Conservation and Preservation on Heritage’ commences in Dharamshala

(Visited 5 times, 1 visits today)

ཁ་ཉིན་སུད་སི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པས་གཞིས་བྱེས་བོད་མིའི་གནས་སྟངས་ཐོག་ཉན་ཞིབ་ཀྱི་ཚོགས་འདུ་ཞིག་ཚོགས་འདུགཉན་ཞིབ་ཀྱི་ལས་རིམ་དེ་སུད་སི་རྒྱལ་ས་ Bern ནང་སུད་སི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཟུང་འབྲེལ་ཚོགས་གཙོ་དང་གྲོས་ཚོགས་འཐུས་མི་སྐུ་ཞབས་ Nicolas Walder མཆོག་གིས་དབུས་པའི་ཚོགས་མི་ Nik Gugger ལགས་དང་། Prisca Birrer Heimo ལགས། Laurence Fehlmann Rielle ལགས་བཅས་ཀྱིས་གོ་སྒྲིག་གནང་ཡོད་པ་རེད།

སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་དང་གངས་ཅན་ལྗོངས་སུ་རིག་གཞུང་ཐོག་དྲག་གནོན་བྱས་པའི་སྐོར་གྱི་ཤུབ་སྐད་ Whispers from the Land of Snows: Culture-based Violence in Tibet ཅེས་པའི་དཔེ་དེབ་རྩོམ་པ་པོ་ Fanny Lona morel ལགས། སུད་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་ Thomas Buchli ལགས་དང་ཚོགས་གཞོན་སོགས་མཉམ་ཞུགས་གནང་འདུག

སྐབས་དེར་སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་རྒྱ་གཞུང་གི་དྲག་གནོན་ཅན་གྱི་སྲིད་བྱུས་འོག་བོད་ནང་གི་བོད་མི་རྣམས་མུ་མཐུད་དཀའ་སྡུག་ཚད་མེད་མྱོང་བཞིན་ཡོད་སྟབས་སུད་སི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་གཙོས་རྒྱལ་སྤྱིའི་ཚོགས་སྡེ་ཁག་ཟུང་འབྲེལ་གྱིས་རྒྱལ་ཚོགས་ཀྱི་ཆེད་ལས་མཁས་པ་རྣམས་རང་དབང་གི་སྒོ་ནས་བོད་དང་ཤིན་ཅང་། ཧོང་ཀོང་བཅས་ཀྱི་འགྲོ་བ་མིའི་ཐོབ་ཐང་གནས་བབ་ཐོག་རྟོག་ཞིབ་གནང་དགོས་པའི་འབོད་སྐུལ་གནང་རོགས་ཞེས་ཞུས་འདུག

སུད་སི་གྲོས་ཚོགས་འཐུས་མི་རྣམ་པས་རྒྱ་ནག་དེ་ཉིད་ནག་ཉེས་ཅན་གྱི་ ལས་དོན་སྤེལ་གྱི་ཡོད་པར་སྐྱོན་བརྗོད་དང་སྦྲགས། བོད་ནང་གི་ཡ་ང་བའི་གནས་སྟངས་ཐོག་ཐུགས་འཚབ་དང་རྣམ་ཀུན་ནས་ཐུགས་སྣང་གནང་གི་ཡོད་གི་སྐོར་གསུངས་པར་མ་ཚད་པར་བོད་དོན་དང་བོད་མི་རྣམས་ལ་རྒྱབ་སྐྱོར་མུ་མཐུད་གནང་སྟེ་སུད་སི་གྲོས་ཚོགས་སུ་བོད་དོན་གླེང་སློང་ཡོང་བར་ཤུགས་སྣོན་རྒྱག་རྒྱུ་ཡིན་ཞེས་ཞལ་བཞེས་གནང་འདུག འབྲེལ་ཡོད་ཁག་གི་བདག་དབང་སུད་སི་བོད་ཀྱི་དོན་ཁང་།

(Visited 151 times, 1 visits today)

འབྲེལ་ཡོད་གསར་གནས།

གསར་གནས།