Tibetan Royal Year of 2151 | Year of the Wood Dragon

སུད་སི་བོད་སློབ་ནང་ཁུལ་དབར་བོད་ཀྱི་སྐད་ཡིག་འགྲན་བསྡུར་ཐེངས་བདུན་པ་གནང་བ།

Tibetan News Headlines

  • Wronged, Tried, and Killed: The Custodial Death of Tibetan Political Prisoners in Chinese Prisons

རེས་གཟའ་སྤེན་པ། ༢༠༢༤།༠༧།༡༣

  • རྒྱ་གཞུང་གི་དོ་དམ་མནར་གཅོད་འོག་ཚེ་སྲོག་ཤོར་བའི་བོད་མི་ཆབ་སྲིད་བཙོན་པའི་གནད་དོན་གླེང་བ།

འདས་པའི་ལོ་གཉིས་ནང་དུ་ཏོག་དབྱིབས་ནད་ཡམས་ཀྱི་རྐྱེན་གྱིས་ལོ་ལྟར་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་གི་བོད་སློབ་ནང་ཁུལ་དབར་བོད་ཀྱི་སྐད་ཡིག་འགྲན་བསྡུར་གནང་ཐུབ་མེད་པ་དང། ད་ཆ་ནད་ཡམས་ཀྱི་གནས་སྟངས་གོ་ལ་ཡངས་ལ་ཕྲན་བུ་ཞི་བའི་གནས་བབ་འོག་ཟླ་ ༦ ཚེས་ ༡༡ ཉིན་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་ཀྱིས་ཁྱབ་ཁོངས་བོད་ཡིག་སློབ་གྲྭ་ནང་ཁུལ་དབར་ཕ་སྐད་ཉིན་མོ་ཞེས་པའི་མཚན་བྱང་འོག་བོད་ཀྱི་སྐད་ཡིག་འགྲན་བསྡུར་ཐེངས་བདུན་པ་བསྐོང་ཚོགས་གནང་ཡོད།

བོད་ཀྱི་སྐད་ཡིག་འགྲན་བསྡུར་ཐོག་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་ཁྱབ་ཁོངས་བོད་ཡིག་སློབ་གྲྭ་ཁག་ ༢༢ ཡོད་པ་ལས་བོད་སློབ་ཁག་བཅོ་བརྒྱད་ཀྱི་སློབ་ཕྲུག་ཁྱོན་ ༣༠༠ ལྷག་ནས་ཙམ་མཉམ་ཞུགས་གནང་འདུགས་གནས་ཀྱི་བོད་བོད་ཕྲུག་སློབ་མ་ཚོར་བོད་ཀྱི་སྐད་ཡིག་ལ་དོ་དབྱིངས་དང་དགའ་ཞེན་བསྐྲུན་ཆེད་དང་དེ་བཞིན་བོད་སློབ་ཁག་གི་སློབ་མ་ནང་ཁུལ་དབར་ངོ་ཤེས་དང་འབྲེལ་ལམ་ཡོང་ཐབས་སུ་ཆེད་དམིགས་གནང་བ་ཞིག་ཡིན་པ་དང་། སུད་སི་ས་གནས་ཝེ་དེནསི་ཝིལ་དུ་བསྐོང་ཚོགས་བྱས་པའི་ཐེངས་འདིའི་བོད་ཀྱི་སྐད་ཡིག་འགྲན་བསྡུར་ཐོག་མཉམ་ཞུགས་གནང་མཁན་གྱི་ས་གནས་བོད་སློབ་ཁག་གི་སྔོན་འགྲོ་ནས་འཛིན་གྲྭ་བཞི་པ་བར་གྱི་སློབ་མ་ནང་ཁུལ་དབར་བོད་ཀྱི་ཡིག་གཟུགས་དབུ་ཅན་དང་དབུ་མེད་ཀྱི་འབྲི་རྩལ། བོད་ཡིག་ཀློག་རྩལ། འདྲི་རྩད། དེ་བཞིན་སྙན་ངག་གྱེར་འདོན་བཅས་འགྲན་བསྡུར་གནང་ཡོད་པ་རེད།ཐེངས་འདིའི་འགྲན་སྡུར་སྐབས་གཟེངས་རྟགས་བྱ་དགའ་མང་ཤོས་བཞེས་མཁན་བོད་སློབ་རྩེ་ཕུད་གསུམ་ནི་ར་པར་སི་ལྦིལ་ཡོ་ནའི་བོད་སློབ་དང་ཨར་གྷའོ་བོད་སློབ། དེ་བཞིན་ཛུ་རིག་བོད་སློབ་གསུམ་བཅས་ཡིན་པ་རེད།   ས་གནས་ཚོགས་ཆུང་ཛུ་རིག ར་པར་སི་ལྦིལ་ཡོ་ན། ཝེ་དེནསི་ཝིལ། ཧོར་གྷན་དང་གྷེ་ལཱ་རུ་སེ་བཅས་བོད་སློབ་ལྔའི་འགན་འཛིན་གཙོས་དགེ་རྒན་བཅས་ཁྱོན་མི་གྲངས་ ༢༢ ཙམ་གྱིས་བོད་ཀྱི་སྐད་ཡིག་འགྲན་བསྡུར་ཐེངས་བདུན་པ་འདི་གོ་སྒྲིག་གནང་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།