Tibetan Royal Year of 2151 | Year of the Wood Dragon

སྔོན་རྩིས་བགྲོ་གླེང་ཁྲོད་རྗེས་འབྱོར་བོད་མི་རྣམས་ལ་སྡོད་ཁང་བགོ་འགྲེམས་ཐད་ཞིབ་ཕྲའི་གསལ་བཤད།

Tibetan News Headlines

  • NED honors Sikyong Penpa Tsering and Tibet Action Institute with Democracy awards
  • Dalai Lama congratulates Mexico’s President-Elect Claudia Sheinbaum
  • US lawmakers to meet Dalai Lama on India trip next week
  • Tibetans protest Chinese premiere visit to New Zealand
  • US expands Russia sanctions, targeting entities in China
  • DIASPORA: Geshe Lobsang Gyaltsen, Former TCV Staff and Registrar of Dalai Lama College

རེས་གཟའ་པ་སངས། ༢༠༢༤།༠༦།༡༤

  • སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་བོད་དོན་ལས་འགུལ་ལྟེ་གནས་ཁང་ལ་ཨ་རིའི་མང་གཙོའི་གཟེངས་རྟགས་འབུལ་བཞེས་གནང་བ།
  • ༸གོང་ས་མཆོག་གིས་མེཀ་སི་ཀོའི་བདམས་ཐོན་སྲིད་འཛིན་མཆོག་ལ་འཚམས་འདྲི་མཛད་པ།
  • ཨ་རིའི་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་ཞིག་བཞུགས་སྒར་དུ་ཆེད་ཕེབས་ཀྱིས་༸གོང་ས་མཆོག་མཇལ་འཕྲད་གནང་རྒྱུ།
  • རྒྱ་ནག་གི་སྲིད་བློན་ལ་ནིའུ་ཛི་ལེནྜ་བོད་མིས་ཞི་རྒོལ་དང་གྲོས་ཚོགས་འཐུས་མི་གཙོས་གསར་འགོད་པས་དྲི་རྩད།
  • ཨ་རིས་རྒྱ་ནག་དམིགས་འབེན་དུ་བཟུང་ནས་ཨུ་རུ་སུར་བཀག་སྡོམ་བྱེད་ཤུགས་ཆེ་རུ་བཏང་བ།
  • བཙན་བྱོལ་བོད་མིའི་གནས་སྟངས། ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་འཛིན་སྐྱོང་འགན་འཛིན་ཟུར་པ་དགེ་བཤེས་བློ་བཟང་རྒྱལ་མཚན་ལགས་སུ་བཅར་འདྲི།

དེ་རིང་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ལྔ་པའི་ལས་ཉིན་གསུམ་པའི་ཚོགས་དུས་དང་པོ་དང་གཉིས་པའི་ཐོག་རྩིས་ལོ་ ༢༠༢༣་༌༢༤ ལོའི་དཔལ་འབྱོར་བཀའ་བློན་མཆོག་གི་སྔོན་རྩིས་གསུང་བཤད་དང་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་སྙན་ཐོར་སྤྱི་འཐུས་རྣམས་ཀྱིས་མུ་མཐུད་བགྲོ་གླེང་གནང་བར་མ་ཟད། དཔལ་འབྱོར་བཀའ་བློན་དང་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་ཚོགས་གཙོའི་ངོས་ནས་བགྲོ་གླེང་ཁྲོད་ཕེབས་པའི་སྤྱི་འཐུས་ཀྱི་བཀའ་འདྲི་ཁག་ལ་ལན་འདེབས་གསལ་བཤད་གནང་ཡོད་པ་ལྟར། དཔལ་འབྱོར་བཀའ་བློན་མཆོག་གིས་སྐབས་དེར་རྗེས་འབྱོར་བོད་མིར་སྡོད་ཁང་བགོ་བགྲེམས་དང་འབྲེལ་བའི་གནད་དོན་ཐད་ཞིབ་ཕྲའི་གསལ་བཤད་གནང་སོང་།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་འཐུས་མི་ཁག་གཅིག་གིས་བོད་ནས་རྗེས་སུ་ཕེབས་པའི་རྗེས་འབྱོར་དང་གཞིས་ཆགས་མ་ཐོབ་པའི་ཁ་འཐོར་བོད་མི། དེ་བཞིན་མཐའ་མཚམས་བཅས་སུ་གནས་བཞུགས་བོད་མི་བཅས་ཀྱི་གཞིས་སྤོའི་ལས་གཞི་དང་འབྲེལ་ཏེ་མ་དངུལ་ཇི་ཙམ་གཏོང་དགོས་མིན་བཀའ་འཁྲོལ་ཞུ་འཆར་ཞེས་པ་དང་འབྲེལ་ལས་འཆར་གང་ཞིག་སྤེལ་ཚེ་རོགས་དངུལ་འཚོལ་བ་ལས་མ་དངུལ་སྤྱོད་མི་དགོས་པའི་སྐོར་འདྲི་རྩད་དང་དགོངས་ཚུལ་རིམ་པ་ཕེབས་པར་སྲིད་སྐྱོང་དང་དཔལ་འབྱོར་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་གིས་བཀའ་ཤག་གསར་པ་ཕེབས་མ་ཐག་ཏུ་གཞིས་ཆགས་འཐོར་ཉེས་ཡོད་པར་གདོང་ལེན་དང་གཞིས་ཆགས་མེད་མཁན་ཚོར་གཞིས་ཆགས་བསྐྲུན་རྒྱུའི་གདོང་ལེན་བཅས་གདོང་ལེན་ཆེན་པོ་གཉིས་གཟིགས་ཡོད་པ་དང་། གདོང་ལེན་གཉིས་པོ་དེ་ནི་གནས་སྐབས་མི་མང་གི་མངོན་འདོད་སྒྲུབ་རྒྱུ་དང་བོད་མིའི་ཕུགས་རྒྱང་རིང་པོའི་འཐབ་རྩོད་མུ་མཐུད་གནས་ཐབས་བཅས་ལ་ཆེད་དམིགས་ཀྱིས་ལས་གཞི་བརྩམས་པ་ཞིག་དང་། ལས་གཞི་དེའི་ཆེད་དུ་གཏན་འཇགས་མ་དངུལ་སྤྱོད་རྒྱུ་མིན་པ་དང་། ས་ཆ་མཁོ་སྒྲུབ་སླད་དུ་སྤྱོད་དགོས་བྱུང་ཚེ་སྔོན་རྩིས་མ་དངུལ་ནས་སྤྱོད་དགོས་པ་ཆགས་རྒྱུ་ལས་ཁང་པ་དང་ལམ་ཁ་གསར་རྒྱག དེ་བཞིན་ཆུ་དང་གློག་སོགས་ཀྱི་ཐད་ལ་རྒྱལ་ཁབ་བཞི་ནས་རོགས་དངུལ་འཚོལ་བཞིན་ཡོད་སྐོར་འགྲེལ་བརྗོད་གནང་ཡོད།

བོད་མི་གཞིས་སྤོའི་ལས་གཞིར་དོགས་འདྲི་དང་དགོངས་ཚུལ་ཁག་ལས་འཕྲོས་ཏེ་དཔལ་འབྱོར་བཀའ་བློན་མཆོག་གིས་རྗེས་འབྱོར་བོད་མི་ཡིན་པ་གང་ཞིག་ས་ཆ་གང་ཡང་མེད་པ་དང་ཁང་པ་ཞུ་རྒྱུར་འགྲོ་གྲོན་གནང་ཐུབ་ཚེ་བདེ་སྐྱིད་གླིང་ལ་གནང་དགོས་པ་དང་། ལྷོ་ཕྱོགས་སྦེལ་ཀོབ་ཏུ་གཞིས་སྤོ་གནང་བློ་ཡོད་རིགས་ལ་སྒྲིག་འཛུགས་ནས་ས་ཆ་གནང་རྒྱུ་ཙམ་མ་ཟད་ཁང་པ་གསར་རྒྱག་སླད་འགྲོ་གྲོན་བརྒྱ་ཆ་ ༢༥ གནང་རྒྱུ་ཡིན་པ་དང་། ལྷོ་ཕྱོགས་མོན་གྷོ་ཁུལ་དུ་ས་ཆ་དང་ལྷན་དུ་ཁང་པ་གསར་རྒྱག་གི་འགྲོ་གྲོན་ལས་བརྒྱ་ཆ་ ༥༠ གནང་རྒྱུ། དེ་བཞིན་ཧུན་སུར་དང་ཀོ་ལི་གྷལ་ཁུལ་དུ་གཞིས་སྤོ་གནང་ཚེ་ས་ཆ་དང་ལྷན་དུ་ཁང་པ་གསར་རྒྱག་སླད་འགྲོ་གྲོན་བརྒྱ་ཆ་ ༧༥ གནང་རྒྱུའི་དགོངས་པ་ཡོད་ཅེས་གསུངས་སོང་།

གཞན་ཡང་ཨོ་ཌི་ཤ་མི་མང་ནས་ཕུལ་བའི་ས་ཆ་ཨེ་ཀར་ ༡༣༠ དང་མེན་པཊ་ནས་ཕུལ་བའི་ཨེ་ཀར་ ༡༥༠ ནང་ས་ཆ་མཁོ་སྒྲུབ་མ་ཐུབ་པ་གང་ཞིག་དཔལ་འབྱོར་གྱི་འགྲོ་གྲོན་གནང་མི་ཐུབ་མཁན་ཚོར་གནང་རྒྱུའི་ལས་གཞི་གྲ་སྒྲིག་གནང་བཞིན་ཡོད་པ་གསུངས་ཡོད།

ལས་གཞི་དེའི་ཆེད་དུ་མ་འོངས་པར་གསུང་གླེང་མི་ཡོང་སླད་ས་གནས་འགོ་འཛིན་ལས་ཁུངས་ནས་མིང་ཐོ་བསྡུ་རུབ་གནང་སྟེ་དེར་དཔྱད་ཞིབ་གནང་རྒྱུའི་རིམ་པ་གཅིག་དང་། དེ་ནས་ནང་སྲིད་ལས་ཁུངས་ཀྱི་འབྲེལ་ཡོད་ལས་བྱེད་ས་གནས་ས་ཐོག་ཏུ་ཕྱིན་ནས་ཞུ་དག་གནང་ནས་གཏན་འབེབས་ཟིན་མཚམས་བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ་ཐོ་གཞུང་ཡོངས་རྫོགས་འགྲེམས་སྤེལ་གནང་རྒྱུ་ཡིན་པར་གསུངས་སོང་། དཔལ་འབྱོར་བཀའ་བློན་མཆོག་གིས་དེ་རིང་སྔོན་རྩིས་དང་འབྲེལ་བའི་ལན་འདེབས་གསལ་བཤད་གནང་བའི་ཁྲོད་གཞིས་ཆགས་ཁག་གཅིག་ནས་བོད་མིའི་སྒྲིག་འཛུགས་ལ་ས་ཆ་ཕྱིར་ལོག་གནང་མཁན་བྱུང་བ་རྣམས་ཀྱི་མཚན་འབོད་གནང་སོང།

དཔལ་འབྱོར་བཀའ་བློན་མཆོག་གིས་ཨ་རི་གཞུང་ནས་ས་ཡ་ ༡༥ དང་འབྲེལ་ནས་རོགས་དངུལ་ཚད་ལྡན་ཞིག་ཡོང་ཐབས་སུ་འབད་བརྩོན་གནང་མུས་ཡིན་པ་དང་། རོགས་དངུལ་གནང་མཁན་ཚོའི་ཚོགས་འདུ་ཚོགས་འཆར་དང་འབྲེལ་བའི་གནད་དོན་གྱིས་མཚོན་པའི་དང་བླངས་དཔྱ་དངུལ་དང་དཔྱ་ཁྲལ་ལག་དེབ་ཀྱི་གནད་དོན། དེ་བཞིན་བཙན་བྱོལ་བོད་མི་མཉམ་འབྲེལ་གྱི་ལས་དོན་ཁ་ཕྱོགས་འཛིན་སྟངས། འདི་ལོའི་སྔོན་རྩིས་ནང་འདས་པའི་ལོ་ལྔའི་བོད་མིའི་སྒྲིག་འཛུགས་ཀྱི་དངོས་བྱུང་ངོ་སོང་དང་ལྷག་བསྡད་ཀྱི་མ་དངུལ་གནས་སྟངས་གསལ་བཀོད་གནང་དགོས་དོན་གང་ཡིན་སོགས་ཀྱི་དོགས་འདྲི་ཕེབས་ཡོད་པ་ལྟར་གསལ་བཤད་རིམ་པ་གནང་ཡོད་པར་མ་ཟད། སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་སྙན་ཐོའི་དོགས་འདྲི་དང་འབྲེལ་ནས་ཚོགས་གཙོ་དབུ་དཀར་ཚང་གཡུ་སྒྲོན་ལགས་ནས་བཀའ་ཤག་གིས་རྒྱབ་གཉེར་གནང་བའི་འགྲོ་གྲོན་ལ་ཚོགས་ཆུང་གི་ངོས་ནས་སྤར་གཅོག་གང་ཡང་གནང་མེད་པའི་རྒྱུ་མཚན་སོགས་གསལ་བཤད་དང་ཚོགས་ཆུང་གི་ཕྱག་ལས་གནང་ཕྱོགས་དང་འབྲེལ་བའི་དགོངས་འཆར་ཡང་ཕུལ་སོང་།

དཔལ་འབྱོར་བཀའ་བློན་མཆོག་གི་སྔོན་རྩིས་གསུང་བཤད་དང་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་སྙན་ཐོར་སྤྱི་འཐུས་རྣམ་པས་སྤྱི་ཡོངས་ཀྱི་བགྲོ་གླེང་གྲུབ་རྗེས་ཉིན་རྒྱབ་ཀྱི་ཚོགས་དུས་ཐོག་ལས་ཁུངས་གོ་རིམ་བཞིན་སྔོན་རྩིས་ཐོག་བགྲོ་གླེང་དང་གཏན་འབེབས་ཀྱི་ལས་རིམ་གནང་བ་ལྟར། ཚོགས་དྲུང་ལས་ཁུངས་ཀྱི་སྔོན་རྩིས་དང་འབྲེལ་བའི་ལས་རིམ་ཁྲོད་སྤྱི་འཐུས་ཁག་གཅིག་གིས་སྤྱི་འཐུས་རྣམ་པར་ཟབ་སྦྱོང་གནང་རྒྱུ་དང་འབྲེལ་བའི་ལས་གཞི་ལ་དགག་པ་དང་དེ་དག་ལ་ཕན་ཐོགས་མེད་པའི་སྐྱོན་བརྗོད་གནང་མཁན་བྱུང་ཡོད་ལ། དེ་བཞིན་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ངེས་ཅན་དང་རྒྱུན་གྲོན་གཏན་འབེབས་ཐོག་ཕེབས་སྐབས་སྤྱི་འཐུས་གཅིག་གིས་ད་ལྟའི་ཆེས་མཐོའི་ཁྲིམས་ཞིབ་པ་རྣམ་པ་ཁྲིམས་འགལ་ཡིན་ལུགས་འགྲེལ་བརྗོད་དང་འབྲེལ་དེར་དགག་པ་བྱས་ཡོད་པ་བཞིན་སྤྱི་འཐུས་གཅིག་གྲོས་ཚོགས་ནས་ཕྱིར་ཐོན་པ་བྱུང་ཡོད།

པར་ཁག་བོད་མི་མང་སྤྱི་འཐུས་ལྷན་ཚོགས།

འབྲེལ་ཡོད་གསར་གནས།

གསར་གནས།