Tibetan Royal Year of 2151 | Year of the Wood Dragon

སྡེ་དགེ་ནས་འཛིན་བཟུང་བྱས་པའི་བོད་མི་ཞི་རྒོལ་བ་རྣམས་འཕྲལ་མར་གློད་བཀྲོལ་དགོས་པ་གསུངས་འདུག

Tibetan News Headlines

  • སེམས་བཟང་པོ་བྱ་རྒྱུ་ནི་ངོས་ལ་སྒྲུབ་པའི་ཆོས་ཡག་ཤོས་དེ་ཆགས་ཀྱི་ཡོད་ཅེས་བཀའ་སྩལ་བ།
  • རྒྱ་ནག་གིས་ཨ་རུ་ནཱ་ཅལ་གྱི་ས་ཁུལ་ཁག་ལ་མིང་གསར་པ་བཏགས་པའི་ལས་གཞིར་དཔྱད་ཞིབ།

Saturday 20/04/2024

  • Dalai Lama Calls for greater Compassion, Deems Kindness the Best Religious Practice
  • Thread of beads: Analysis of China’s renaming of places in Arunachal

ཉེ་ཆར་རྒྱ་གཞུང་གིས་བོད་ཁམས་སྡེ་དགེ་ཁུལ་དུ་ཆུ་མཛོད་གསར་རྒྱག་གི་ལས་གཞིར་ཞི་རྒོལ་གནང་མཁན་གྱི་ས་གནས་བོད་མི་སེར་སྐྱ་མང་ཚོགས་མང་དག་ཅིག་འཛིན་བཟུང་དང་གཅར་བརྡུང་བཏང་བའི་གནས་ཚུལ་ཁག་ཅིག་ཐོན་པ་དང་འབྲེལ། ཨ་རིར་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་རྒྱ་གཞུང་གིས་དེ་ལྟ་བུའི་ཞི་བའི་ངོ་རྒོལ་གནང་མཁན་ཚོར་དྲག་གནོན་བྱས་པར་སྐྱོན་བརྗོད་ནན་པོ་དང་སྦྲགས། བཀག་ཉར་འོག་ཡོད་པའི་བོད་མི་རྣམས་འཕྲལ་མར་གློད་བཀྲོལ་དགོས་ཤིང་། རྒྱ་གཞུང་ནས་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་ཁག་གི་ཤུལ་བཞག་རིག་གནས་སྲུང་སྐྱོབ་བྱ་དགོས་པའི་ཞུ་སྐུལ་ཡང་གནང་འདུག

Dege Dam

དེ་རིང་སྔ་དྲོར་ཨ་རིར་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་བོད་སྡེ་དགེ་རྫོང་གི་ཛ་དྲག་གནས་སྟངས་ལ་ཐུགས་འཚབ་དང་འབྲེལ་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། རྒྱ་གཞུང་གིས་སྡེ་དགེ་ཁུལ་དུ་ཆུ་མཛོད་གསར་རྒྱག་གི་ལས་གཞིར་ཞི་རྒོལ་གནང་མཁན་གྱི་དགེ་འདུན་པ་གཙོས་ས་གནས་མང་ཚོགས་ ༣༠༠ ལྷག་འཛིན་བཟུང་དང་དྲག་གནོན་བྱས་པར་སྐྱོན་བརྗོད་དང་། ཞི་རྒོལ་བ་ཚོ་གང་མགྱོགས་གློད་གྲོལ་གཏོང་དགོས་པ། དེ་བཞིན་རྒྱ་གཞུང་གིས་སྡེ་དགེ་རྫོང་གི་བོད་མིའི་འགྲོ་འདུག་རང་དབང་ལ་བརྩི་སྲུང་མེད་པར་བཙན་དབང་གིས་གནས་སྤོ་བྱེད་དུ་བཅུག་བཞིན་པ་དེས་བོད་ཀྱི་ཁོར་ཡུག་གཏོར་སྐྱོན་དང་། བོད་མིའི་འཚོ་རྟེན་ལ་ཉེན་ཁ་ཆེན་པོ་བཟོ་བཞིན་ཡོད་པ་མངོན་གསལ་གྱིས་རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་བཀག་ཉར་འོག་ཡོད་པའི་བོད་མི་ཞི་རྒོལ་བ་ཚོ་གློད་བཀྲོལ་ཡོང་ཐབས་སུ་རྒྱ་གཞུང་ལ་གནོན་ཤུགས་ཆེས་ཆེར་སྤྲོད་དགོས་པའི་ཞུ་སྐུལ་གནང་འདུག

དབོན་སྟོད་དགོན་དང་ཡེ་ན་དགོན་སོགས་ལོ་ངོ་བདུན་བརྒྱ་ལྷག་གི་ལོ་རྒྱུས་ལྡན་པའི་རིག་གཞུང་གི་གནས་ཆེན་ཡིན་ཞིང་། ལྷག་པར་དབོན་སྟོད་དགོན་གྱི་ལྡེབས་རིས་ཁག་ནི་དུས་རབས་ ༡༣ པའི་གནའ་ཤུལ་ཡིན་པ་སོགས་ལུང་འདྲེན་དང་འབྲེལ། གལ་ཏེ་རྒྱ་གཞུང་གིས་མུ་མཐུད་རྫོང་དེའི་ནང་ཆུ་མཛོད་ཀྱི་ལས་གཞི་སྤེལ་ཚེ་དེས་ལོ་རྒྱུས་རང་བཞིན་ལྡན་པའི་དགོན་སྡེ་ཁག་དང་བོད་པའི་གྲོང་ཚོ་མང་དག་ཅིག་ཆུའི་ནང་འཐིམ་རྒྱུ་ཡིན་པ་འཐེར་འདོན་གྱིས་རྒྱ་གཞུང་ནས་རིག་གཞུང་གི་བསྟི་གནས་སམ་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་ཁག་ངེས་པར་དུ་སྲུང་སྐྱོབ་བྱ་དགོས་པ་ནན་བརྗོད་གནང་འདུག གནད་དོན་དེ་དང་འབྲེལ་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་རྒྱ་ནག་སྡེ་ཚན་གྱི་འགན་འཛིན་ལས་ཚབ་ལྕམ་ Maya Wang ལགས་ཀྱིས་རྒྱ་གཞུང་གིས་རྒྱུན་དུ་གཞུང་ལ་ངོ་རྒོལ་གནང་མཁན་ཚོར་དྲག་གནོན་བྱས་ཀྱི་ཡོད་ཀྱང་། བོད་མི་གཙོས་གྲངས་ཉུང་མི་རིགས་གཞན་ཚོའི་ཞུ་འབོད་ཁག་ལ་དེ་བས་སྡང་ཟུག་ཆེ་བའི་ལྟ་ཕྱོགས་འཛིན་བཞིན་ཡོད་པ་མངོན་གསལ་དང་འབྲེལ། ད་རེས་རྒྱ་གཞུང་གིས་ཞི་རྒོལ་གནང་མཁན་གྱི་བོད་མི་ཚོར་དྲག་གནོན་བྱས་པའི་བྱ་སྤྱོད་དེ་ནི་བཟོད་ཐབས་བྲལ་བ་ཞིག་དང་། བོད་མི་ཚོའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་གུས་བརྩི་ཞུ་བའི་ཐོག་ནས་ཁོང་རྣམ་པའི་རེ་འདོད་ལ་བརྩི་སྲུང་དགོས་པའི་འབོད་སྐུལ་གནང་འདུག

Dege Dam

མ་ཟད་རྒྱ་གཞུང་གིས་ International Covenant on Economic, Social and Cultural Rights ཞེས་པའི་རྒྱལ་སྤྱིའི་ཆིངས་ཡིག་དེར་སྲུང་སྐྱོབ་གནང་རྒྱུ་ཡིན་ཞེས་དང་། རྒྱལ་སྤྱིའི་ཁྲོད་ཁོར་ཡུག་སྲུང་སྐྱོབ་ཀྱི་གནད་དོན་དེ་གལ་གནད་ཆེ་ཤོས་ཡིན་ཚུལ་བཤད་པ་ཙམ་ལས་དོན་དངོས་སུ་རྒྱ་གཞུང་གིས་དེ་ལྟར་བརྩི་སྲུང་བྱེད་ཀྱི་མེད་པ་སོགས་འཐེར་འདོན་གྱིས། རྒྱ་གཞུང་ནས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ནང་ཁྲིམས་ལུགས་དང་འབྲེལ་ཡོད་དོན་ཚན་ཁག་ལ་བརྩི་སྲུང་ནན་པོ་གནང་བའི་ཐོག་གཙང་པོ་དང་ས་ཞིང་བདག་གཉེར་སྲིད་བྱུས་འཆར་འགོད་ལག་བསྟར་ནང་ས་གནས་བོད་མིར་ཆ་ཤས་ལེན་རྒྱུའིུ་གོ་སྐབས་དང་། ཤུགས་རྐྱེན་ཐེབས་པའི་ས་གནས་མང་ཚོགས་རྣམས་ཀྱི་འདོད་མོས་ལ་བརྩི་སྲུང་གནང་དགོས་གལ་ཡིན་པ་གསུངས་འདུག

རྒྱ་གཞུང་གིས་ད་ལྟའི་ཆར་འབྲི་ཆུའི་བཞུར་རྒྱུན་དུ་ཆུ་མཛོད་ཆེན་པོ་ ༥ གསར་རྒྱག་བྱེད་དང་བྱེད་མུས་ཡིན་ཞིང་། ད་ལྟའི་སྐམ་ཐོག་ཆུ་མཛོད་དེ་ནི་གློག་འདོན་ནུས་ཤུགས་ཀྱི་ཆུ་མཛོད་གལ་ཆེ་ཤོས་ཤིག་ཆགས་ཀྱི་ཡོད་པ་དང་། ལས་གཞི་དེ་ཉིད་ཕྱི་ལོ ༢༠༢༥ ཙམ་ལ་འཇུག་སྒྲིལ་བྱ་འཆར་ཡོད་འདུག འཛམ་གླིང་ས་ཕྱོགས་གང་སར་གནས་པའི་བོད་མི་རྣམས་ཀྱིས་བོད་སྡེ་དགེ་རྫོང་གི་ཛ་དྲག་གནས་སྟངས་ལ་གདུང་སེམས་མཉམ་བསྐྱེད་ཀྱི་ངོ་རྒོལ་ལས་འགུལ་འདྲ་མིན་སྤེལ་དང་སྤེལ་མུས་ཡིན་ཞིང་། ཁ་སང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་དོན་ཚན་གསུམ་ཅན་གྱི་བསྒྲགས་གཏམ་ཞིག་འདོན་སྤེལ་གནང་བའི་ནང་། རྒྱ་ནག་གཞུང་གིས་འཛིན་བཟུང་བཀག་ཉར་འོག་ཡོད་པའི་བོད་མི་ཞི་རྒོལ་བ་ཚོ་གང་མགྱོགས་གློད་བཀྲོལ་གཏོང་དགོས་པ་དང་། ཆུ་མཛོད་འཛུགས་སྐྲུན་གྱི་ལས་གཞི་དེ་ཉིད་འཕྲལ་དུ་མཚམས་འཇོག་དགོས་པ། ས་གནས་སུ་ལས་འཆར་ཇི་འདྲ་ཞིག་སྤེལ་རུང་མང་ཚོགས་ཀྱི་འདོད་པ་དང་རེ་བ་གཙོ་བཟུང་དགོས་པ་བཅས་འཁོད་ཡོད་འདུག སྤྱིར་ད་ལྟའི་ཆར་བརྒྱུད་ལམ་ཁག་ཅིག་གིས་སྡེ་དགེ་རྫོང་ནས་བོད་མི་ ༡༠༠༠ ལྷག་འཛིན་བཟུང་བྱས་ཡོད་པ་དང་། ཁག་ཅིག་གིས་ ༣༠༠ སྐོར་ཞིག་འཛིན་བཟུང་བྱས་ཡོད་སྐོར་གསུངས་བཞིན་འདུག གང་ལྟར་ཡང་རྒྱ་གཞུང་གི་དམ་དྲག་ཆེས་ཆེར་རྐྱེན་བོད་ནང་ནས་དེ་འབྲེལ་བརྙན་དང་གནས་ཚུལ་འབྱོར་རྒྱུ་དཀའ་ཡང་གསར་ཁང་ཁག་ཅིག་གིས་སྡེ་དགེ་རྫོང་ནས་འཛིན་བཟུང་བྱས་པའི་བོད་མི་མི་ཉུང་བ་ཞིག་གློད་གྲོལ་བཏང་ཡོད་པ་དང་། ལྷག་དོན་བོད་ཀྱི་དུས་བབ་གསར་ཁང་གིས་ད་ལྟའི་ཆར་རྒྱ་གཞུང་གིས་སྡེ་དགེ་རྫོང་ནང་དམག་མི་ཕོན་ཆེ་འགྲེམས་འཇོག་བྱས་ཡོད་པ་བཀོད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།