Tibetan Royal Year of 2151 | Year of the Wood Dragon

སྲིད་སྐྱོང་མཆོག་ལ་དྭགས་སླེ་བྱང་གཉིས་སུ་གཞུང་འབྲེལ་འཚམས་གཟིགས་ལ་ཕེབས་པ།

Tibetan News Headlines

  • Organic Research and Training Centre: Inculcating sustainable farming with modern approach among Tibetans in exile

རེས་གཟའ་ཉི་མ། ༢༠༢༤།༠༧།༡༤

  • སྦེལ་ཀོབ་སྐྱེ་ལྡན་སོ་ནམ་ཉམས་ཞིབ་སྦྱོང་བརྡར་ཁང་གི་སྐོར་གླེང་མོལ།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་ནང་སྲིད་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་དེ་རིང་ཕྱི་ཟླ་ ༧ ཚེས་ ༨ ཉིན་གྱི་སྔ་དྲོ་ལ་དྭགས་ཀྱི་རྒྱལ་ས་སླེ་རུ་ཕེབས་འབྱོར་བྱུང་ཡོད་པ་དང་། སྲིད་སྐྱོང་མཆོག་གིས་དེ་རིང་ནས་བཟུང་ཕྱི་ཚེས་ ༡༧ བར་ཁྱོན་ཉིན་གྲངས་བཅུའི་རིང་ཁུལ་དེར་རྟེན་གཞི་བྱས་པའི་བོད་མིའི་གཞིས་ཆགས་ཁག་དང་དགོན་སྡེ་སློབ་གྲྭ་ཙམ་མ་ཟད་མཐའ་མཚམས་བྱང་ཐང་ས་ཁུལ་ཁག་ཏུ་ཆེད་ཕེབས་ཀྱིས་གཞུང་འབྲེལ་འཚམས་གཟིགས་གནང་རྒྱུ་ཡིན་པ་རེད་འདུག

Sikyong Ladakh Visit
Photo: Bod.asia

དེ་ཡང་སྲིད་སྐྱོང་མཆོག་དེ་རིང་ཞོགས་པ་༸རྒྱལ་བའི་ཕོ་བྲང་དགེ་འཕེལ་གླིང་དུ་ལ་སྤྱི་ལས་ཁུངས་ཀྱིས་གོ་སྒྲིག་འོག་ལྷན་བཅར་ལས་བྱེད་རྣམ་པ་དང་། ས་གནས་ཀྱི་གནད་ཡོད་མི་སྣ་ཡོངས་དང་ཐུག་འཕྲད་གནང་འདུག་པ་དང་། ཉིན་རྒྱབ་ལ་དྭགས་སླེ་རུ་རྟེན་གཞི་བྱས་པའི་ལ་སྤྱི་ལས་ཁུངས་ལ་སོགས་པའི་འབྲེལ་ཡོད་ལས་ཁུངས་ཁག་དང་། སྨན་ཁང་། དེ་བཞིན་ལྕོག་ལམ་སར་གྱི་འགྲོ་ཕན་སྨན་རྩིས་ཁང་བཅས་སུ་འཚམས་གཟིགས་སུ་ཕེབས་འདུག

ལས་རིམ་ལྟར་ན་སྲིད་སྐྱོང་མཆོག་གིས་སང་ཉིན་ཕྱི་ཚེས་ ༩ ཉིན་ ༸རྒྱལ་བའི་ཕོ་བྲང་དགེ་འཕེལ་གླིང་གཙོས་པའི་དགོན་སྡེ་ཁག་ལ་གནས་གཟིགས་དང་། ས་གནས་ཀྱི་སློབ་གྲྭ་ཁག་དང་རྒས་གསོ་ཁང་སོགས་སུ་འཚམས་གཟིགས། དེ་བཞིན་མ་ཁྱུ་དང་ཆུ་ཤོལ་སྡོང་ཁང་གསར་རྒྱག་གི་ལས་གཞིར་གཟིགས་ཞིབ་སོགས་གནང་རྒྱུ་མ་ཟད། ལ་དྭགས་བོད་ཁྱིམ་སློབ་གྲྭའི་ལས་སློབ་ཡོངས་ལ་བཀའ་སློབ་གསུང་བཤད་དང་དྲི་བ་དྲི་ལན་བཅས་གནང་རྒྱུ་རེད་འདུག

Sikyong Ladakh Visit

Photo: Bod.asia

སྲིད་སྐྱོང་མཆོག་དེ་རྗེས་ཕྱི་ཚེས་ ༡༠ ཉིན་བྱང་ཐང་ཉོ་མར་ཕེབས་ཐོན་གྱིས་མི་མང་ཚོགས་འདུ་བསྐོང་ཚོགས་དང་བཀའ་སློབ་གསུང་བཤད། དེ་བཞིན་ཁུལ་དེའི་ལས་གཞི་ཁག་ལ་གཟིགས་ཞིབ་དང་སློབ་གྲྭར་འཆམས་གཟིགས་གནང་རྒྱུ་མ་ཟད་དེ་ཉིན་ལ་དྭགས་ས་གནས་ཀྱི་གནད་ཡོད་མི་སྣ་ཁག་གཅིག་དང་ཐུག་འཕྲད་གནང་རྒྱུ་རེད་འདུག དེ་ནས་རིམ་པས་ཕྱི་ཚེས་ ༡༣ བར་བྱང་ཐང་ཧན་ལེ་དང་། ལ་བྱང་ཅུ་མར། བྱང་ཐང་སུམ་མདོ། བྱང་ཐང་ས་སྨད་བཅས་སུ་ཆེད་ཕེབས་ཀྱིས་ས་གནས་མང་ཚོགས་ཐུག་འཕྲད་སོགས་གནང་རྗེས་དེ་ཉིན་གྱི་ཕྱི་དྲོ་སླེ་རུ་ཕྱིར་ལོག་གནང་གི་ཡོད་པ་རེད་འདུག

ཕྱི་ཚེས་ ༡༤ ཉིན་ལ་དྭགས་བསོད་ནམས་གླིང་གཞིས་ཆགས་ཀྱི་གྲོང་སྡེ་ཁག་ལ་འཚམས་གཟིགས་དང་།  དེ་བཞིན་ཕྱི་ཚེས་ ༡༥ ཉིན་ས་གནས་ཀྱི་ཆབ་སྲིད་མི་སྣ་གཙོས་པའི་འཛིན་སྐྱོང་སྡེ་ཚན་གྱི་དཔོན་རིགས་ཁག་ལྷན་དུ་གནད་ཡོད་མི་སྣ་བཅས་དང་མཇལ་འཕྲད་གནང་རྒྱུ་དང་། ཕྱི་ཚེས་ ༡༦ ཉིན་གྱི་སྔ་དྲོ་མི་མང་ཚོགས་ཆེན་བསྐོང་ཚོགས་ཀྱིས་བཀའ་སློབ་གསུང་བཤད་ཀྱིས་དྲི་བ་དྲི་ལན་གནང་སྟེ།  ཕྱི་ཚེས་ ༡༧ ཉིན་གྱི་ཞོགས་པ་ས་གནས་ལ་དྭགས་སླེ་ནས་མཁའ་ལམ་བརྒྱུད་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཕེབས་ཐོན་གནང་རྒྱུ་མ་ཟད། དེ་རྗེས་ཐད་ཀར་ཨ་རིར་ཆེད་ཕེབས་གནང་གི་ཡོད་པ་རེད་འདུག

Sikyong Ladakh Visit

Photo: Bod.asia

འབྲེལ་ཡོད་གསར་གནས།

གསར་གནས།