Tibetan Royal Year of 2151 | Year of the Wood Dragon

ཨ་རི་གཞུང་མང་གཉིས་ནས་རྒྱ་ནག་ནང་མ་འཛུགས་མཚམས་འཇོག་དགོས་པར་གསུངས་འདུག

Tibetan News Headlines

  • Wronged, Tried, and Killed: The Custodial Death of Tibetan Political Prisoners in Chinese Prisons

རེས་གཟའ་སྤེན་པ། ༢༠༢༤།༠༧།༡༣

  • རྒྱ་གཞུང་གི་དོ་དམ་མནར་གཅོད་འོག་ཚེ་སྲོག་ཤོར་བའི་བོད་མི་ཆབ་སྲིད་བཙོན་པའི་གནད་དོན་གླེང་བ།

ཁ་སང་ཕྱི་ཚེས་ ༣ ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ཨ་རི་དང་རྒྱ་ནག་ཐོག་གི་ཐབས་བྱུས་ཚོགས་ཆུང་གིས་རྒྱ་ནག་སྐམ་ས་ཆེན་མོ་ནང་རྟེན་གཞི་བྱས་པའི་ཚོང་ལས་ཁང་ཁག་གཅིག་གིས་བོད་གཙོས་ཤིན་ཅང་དང་ཧོང་ཀོང་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གྱི་བྱ་སྤྱོད་ལ་པར་རོགས་འདེགས་བྱས་པར་སྐྱོན་བརྗོད་དང་སྦྲགས། ཨ་རི་གཞུང་མང་གཉིས་ནས་རྒྱ་ནག་ནང་མ་འཛུགས་མཚམས་འཇོག་དགོས་པར་གསུངས་འདུག

The Reuters གསར་ཤོག་ཐོག་དེ་འབྲེལ་གནས་ཚུལ་སྤེལ་བར་ཁ་སང་ཨ་རིའི་གྲོས་ཚོགས་འོག་མའི་ཨ་རི་དང་རྒྱ་ནག་ཐོག་གི་ཐབས་བྱུས་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་ Mike Gallagher ལགས་ཀྱིས་ཨ་རིའི་སྲིད་འཛིན་སྐུ་ཞབས་ Biden མཆོག་ལ་ཕྱག་བྲིས་ཤིག་ཕུལ་གནང་བའི་ནང་ཨ་རིའི་ངོས་ནས་རྒྱ་ནག་ཐོག་སྲིད་བྱུས་མཁྲེགས་པོ་གནང་སྟེ་ཨ་རི་གཞུང་མང་གཉིས་ནས་རྒྱ་ནག་ནང་གི་ཚོང་ལས་ཁང་དེ་དག་ནང་མ་འཛུགས་གནང་རྒྱུའི་ལས་དོན་མཚམས་འཇོག་དགོས་པ་དང་། ལྷག་པར་ཨ་རི་ནང་ཡོད་པའི་བཟོ་གྲྭ་དང་ཚོང་སྡེ་ཁག་གིས་ཀྱང་རྒྱ་ནག་ལ་རྒྱབ་རྟེན་བྱ་རྒྱུ་ཇེ་ཉུང་དུ་གཏོང་དགོས་གལ་ཡིན་པ་གསུངས་འདུག

ཁོང་གིས་རྒྱ་ནག་གི་ཚོང་ལས་ཁང་ཁག་གཅིག་གིས་ཨ་རི་གཞུང་མང་གཉིས་ཀའི་བདེ་འཇགས་ལ་གནོད་འཚེ་བཟོ་ཡི་ཡོད་པར་འགྲེལ་བརྗོད་དང་འབྲེལ་ཏེ་ཨ་རི་རྒྱལ་ཁབ་ཀྱི་བདེ་སྲུང་ཀྱི་གནད་དོན་ལ་གཞིགས་ནས་

རྒྱ་ནག་གི་ཚོང་ལས་ཁང་དེ་དག་ནང་མ་འཛུགས་གནང་རྒྱུ་གང་མགྱོགས་བཀག་སྡོམ་གནང་དགོས་སྐོར་ནན་བརྗོད་གནང་འདུག གལ་ཏེ་བྷ་ཌན་སྲིད་གཞུང་གིས་མུ་མཐུད་རྒྱ་ནག་གི་ཚོང་ལས་ཁང་དེ་དག་ནང་མ་རྩ་འཛུགས་ཚེ་རྒྱ་ནག་གིས་བོད་ཁུལ་དང་ཤིན་ཅང་ ནང་དུ་དྲག་གནོན་བྱེད་བཞིན་པར་རྒྱབ་སྐྱོར་བྱས་པ་ཞིག་ཆགས་ཀྱི་ཡོད་ཅེས་གསུངས་པ་དང་ཆབས་ཅིག།བྷ་ཌན་གཞུང་འཛིན་གྱི་ངོས་ནས་རྒྱ་ནག་གི་དྲག་གནོན་ལ་དཔལ་འབྱོར་བརྒྱུད་མཐུན་འགྱུར་གནང་རྒྱུ་དེ་མཚམས་འཇོག་དགོས་པའི་དགོས་འདུན་བཏོན་འདུག

གནས་ཚུལ་དེ་ཐོན་མ་ཐག་ཨ་རིའི་རྒྱལ་ས་ Washington DC ནང་བཅའ་སྡོད་རྒྱ་ནག་གཞུང་ཚབ་ཁང་གི་མགྲིན་ཚབ་པ་ Liu Pengyu ཟེར་བས་ཨ་རི་གཞུང་གིས་ནམ་ཀུན་ནས་རྒྱལ་ཁབ་བདེ་འཇགས་ཀྱི་གནད་དོན་ལ་ཁག་དཀྲི་ནས་རྒྱ་ནག་ལ་གཞི་མེད་ཀྱི་སྐྱོན་འཛུགས་བྱེད་ཀྱི་ཡོད་པར་འགྲེལ་བརྗོད་དང་སྦྲགས། རྒྱ་ནག་སྲིད་གཞུང་གིས་རྒྱ་རིགས་ཀྱི་ཚོང་ལས་ཀྱི་མངོན་འདོད་དང་ཐོབ་ཐང་སྲུང་སྐྱོབ་བྱེད་ཐབས་ལ་ཐབས་ཤེས་གང་ཐུབ་བྱ་རྒྱུ་ཡིན་པར་བཤད་འདུག

གཞི་རྩའི་འདས་པའི་ལོ་ཤས་ནང་ཨ་རི་དང་རྒྱ་ནག་གཉིས་དབར་འབྲེལ་ལམ་ཇེ་སྡུག་ཏུ་ཕྱིན་པའི་ཁྲོད་སྔ་ལོར་ཨ་རི་གཞུང་གིས་རྒྱལ་ཁབ་བདེ་འཇགས་ཀྱི་གནད་དོན་དང་འབྲེལ་ནས་རྒྱ་ནག་གི་འཕྲུལ་ལས་དང་མཉེན་ཆས་ཚོང་ལས་ཁང་ཁག་གཅིག་མིང་གཞུང་ནག་པོའི་གྲས་སུ་བཅུག་སྟེ་དེ་དག་ཨ་རིར་ཚོང་འབྲེལ་བྱ་རྒྱུར་བཀག་སྡོམ་གནང་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།