Tibetan Royal Year of 2151 | Year of the Wood Dragon

ཨ་རིའི་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་ཞིག་བཞུགས་སྒར་དུ་ཆེད་ཕེབས་ཀྱིས་༸གོང་ས་མཆོག་མཇལ་འཕྲད་གནང་རྒྱུ།

Tibetan News Headlines

  • Wronged, Tried, and Killed: The Custodial Death of Tibetan Political Prisoners in Chinese Prisons

རེས་གཟའ་སྤེན་པ། ༢༠༢༤།༠༧།༡༣

  • རྒྱ་གཞུང་གི་དོ་དམ་མནར་གཅོད་འོག་ཚེ་སྲོག་ཤོར་བའི་བོད་མི་ཆབ་སྲིད་བཙོན་པའི་གནད་དོན་གླེང་བ།

ཨ་རི་མང་གཙོ་ཚོགས་པ་དང་སྤྱི་མཐུན་ཚོགས་པ་གཉིས་ལས་གྲུབ་པའི་ཡུལ་དེའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གཟའ་འཁོར་རྗེས་མར་བཞུགས་སྒར་དྷ་རྨ་ལར་ཆེད་ཕེབས་ཀྱིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་མོལ་ཞུ་རྒྱུ་རེད་འདུག

Michael McCaul

དེ་ཡང་ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་དེ་ཡུལ་དེའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འོག་མའི་འཐུས་མི་ Michael McCaul ལགས་ཀྱིས་སྣེ་ཁྲིད་རྒྱུ་དང་དེའི་ནང་ཨ་རི་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་ལྕམ་ Nancy Pelosi ལགས་གཙོས་པའི་གྲོས་ཚོགས་འཐུས་མི་ཁག་གཅིག་དང་དེ་བཞིན་འབྲེལ་ཡོད་ལས་བྱེད་བཅས་ཡོད་པ་དང་། ཁོང་རྣམས་གཟའ་འཁོར་རྗེས་མའི་རེས་གཟའ་མིག་དམར་ཕྱི་ཟླ་ ༦ ཚེས་ ༡༨ ཉིན་བཞུགས་སྒར་དུ་ཕེབས་འབྱོར་གྱིས་ཕྱི་ཚེས་ ༡༩ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་མོལ་གནང་རྒྱུ་མ་ཟད། མགོན་པོ་གང་ཉིད་མཆོག་གིས་དེ་ཉིན་ཨ་རིའི་སྐུ་ཚབ་ཚོ་ཁག་དེར་ཆེ་བསྟོད་ཀྱིས་གཞུང་འབྲེལ་མཛད་སྒོའི་ཐོག་དབུ་བཞུགས་མཛད་གཏན་ཁེལ་འདུག

སྤྱིར་སྐུ་ཞབས་ Michael McCaul ལགས་ཀྱིས་སྣེ་ཁྲིད་དེ་ཨ་རིའི་སྲིད་དོན་ཚོགས་པ་གཉིས་ཀྱི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་བཞུགས་སྒར་དུ་ཕེབས་གྲབ་ཡོད་པའི་ཁྲོད་འདིར། ཨ་རིའི་སྲིད་འཛིན་བྷེ་ཌེན་གྱི་རྒྱལ་སྲུང་སློབ་སྟོན་པ་ Jake Sullivan ལགས་དང་ཕྱི་སྲིད་དྲུང་ཆེ་གཞོན་པ་ Kurt Campbell ལགས་གཉིས་ཀྱང་ཨ་རི་དང་རྒྱ་གར་གྱི་འབྲེལ་ལམ་གོང་འཕེལ་སླད་རྒྱ་གར་དུ་ཕེབས་པ་དུས་མཉམ་ཆགས་ཀྱི་ཡོད་སྟབས། ཁོང་གཉིས་ཀྱང་ཨ་རིའི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་པ་དང་ལྷན་དུ་བཞུགས་སྒར་ལ་ཕེབས་ཀྱི་ཡོད་མེད་གསར་འགོད་པས་བཀའ་འདྲི་ཞུས་པར་ཁོང་གཉིས་ཀྱི་ལས་བྱེད་ཚོས་དེར་བཀའ་ལན་གང་ཡང་གནང་མི་འདུག

Kurt_Campbell

གཞི་རྩའི་ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་དང་ད་རེས་བཞུགས་སྒར་དུ་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་སྣེ་འཁྲིད་གནང་མཁན་སྐུ་ཞབས་  Michael McCaul ལགས་ནི་ཉེ་ལམ་ཕྱི་ཟླ་ ༦ ཚེས་ ༡༢ ཉིན་ཡུལ་དེའི་གྲོས་ཚོགས་འོག་མའི་ནང་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་ཆེད་འདོན་གནང་མཁན་དེ་ཡིན་པ་དང་། ཁོང་གིས་སྐབས་དེར་ཨ་རིའི་ངོས་ནས་རྒྱ་གཞུང་གིས་བོད་མིར་དྲག་གནོན་དང་བཙན་སྐུལ་གྱི་བྱ་སྤྱོད་དག་ལ་ངོ་རྒོལ་མཐའ་གཅིག་ཏུ་གནང་བཞིན་ཡོད་པ་འགྲེལ་བརྗོད་གནང་ཡོད། དེ་ཉིན་གྲོས་ཚོགས་སུ་ཁྲིམས་འཆར་དེར་སྲིད་དོན་ཚོགས་པ་དབྱེ་མེད་ཀྱིས་རྒྱབ་སྐྱོར་ཚད་མཐོ་བོའི་ཐོག་ནས་གཏན་འབེབས་ཐུབ་པ་དང་ད་ཆ་ཁྲིམས་འཆར་དེ་ཉིད་ཨ་རིའི་སྲིད་འཛིན་གྱི་མཚན་རྟགས་བཀོད་དེ་ཁྲིམས་སུ་བཅད་རྒྱུ་མ་གཏོགས་རྒྱུན་རིམ་ཆ་ཚང་ཟིན་ཡོད་པ་རེད།

སྤྱིར་མཛད་འཆར་ལྟར་ན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཚེས་ ༡༩ ཉིན་ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོ་ཁག་ལ་མཇལ་ཁ་བསྩལ་བ་དང་འབྲེལ་ཁོང་རྣམ་པར་ཆེ་བསྟོད་ཀྱིས་གཞུང་འབྲེལ་མཛད་སྒོའི་ཐོག་དབུ་བཞུགས་མཛད་རྗེས། མགོན་པོ་༸གང་ཉིད་མཆོག་ཕྱི་ཚེས་ ༢༡ ཙམ་ལ་ཞབས་པུས་སྨན་བཅོས་སླད་ཨ་རིར་ཆིབས་བསྒྱུར་བཀྲིན་བསྐྱང་གཏན་ཁེལ་ཡོད་པ་རེད། ༸གོང་ས་མཆོག་ཐེངས་འདིར་ཨ་རིར་ཆིབས་བསྒྱུར་བསྐྱང་གཏན་འཁེལ་བ་དེ་ནི་མགོན་པོ་༸གང་ཉིད་ཡུལ་དེར་ཆིབས་བསྒྱུར་བསྐྱངས་པ་ལོ་བདུན་ནང་ཐེངས་དང་པོ་དེ་ཆགས་ཀྱི་ཡོད་སྟབས། དཔྱད་ཞིབ་པ་རྣམས་ཀྱིས་ཨ་རིའི་སྲིད་འཛིན་ Joe Biden མཆོག་གིས་དེ་སྔ་སྲིད་འཛིན་གྱི་འོས་བསྡུའི་སྐབས་༸གོང་ས་མཆོག་དང་ལྷན་མཇལ་མོལ་ཞུ་རྒྱུའི་ཁས་ལེན་གནང་བ་ལྟར། ད་རེས་ཨ་རིའི་ནང་མགོན་པོ་གང་ཉིད་དང་ལྷན་མཇལ་འཕྲད་ཞུ་མིན་གྱི་གནད་དོན་ཐད་གླེང་མོལ་དང་ཚོད་དཔག་མང་དག་གནང་དང་གནང་མུས་ཡིན་པ་རེད།།

Nancy Pelosi

འབྲེལ་ཡོད་གསར་གནས།

གསར་གནས།