Tibetan Royal Year of 2151 | Year of the Wood Dragon

ཨོ་གླིང་ཝིག་ཊོ་རི་ཡའི་མངའ་སྡེའི་གྲོས་ཚོགས་ནང་བོད་ཀྱི་ལོ་གསར་སྲུང་བརྩི་ཞུས་པ།

Tibetan News Headlines

  • སེམས་བཟང་པོ་བྱ་རྒྱུ་ནི་ངོས་ལ་སྒྲུབ་པའི་ཆོས་ཡག་ཤོས་དེ་ཆགས་ཀྱི་ཡོད་ཅེས་བཀའ་སྩལ་བ།
  • རྒྱ་ནག་གིས་ཨ་རུ་ནཱ་ཅལ་གྱི་ས་ཁུལ་ཁག་ལ་མིང་གསར་པ་བཏགས་པའི་ལས་གཞིར་དཔྱད་ཞིབ།

Saturday 20/04/2024

  • Dalai Lama Calls for greater Compassion, Deems Kindness the Best Religious Practice
  • Thread of beads: Analysis of China’s renaming of places in Arunachal

སྤྱི་ལོ་ ༢༠༢༤ ཟླ་ ༢ ཚེས་ ༡༠ ཉིན་ནས་བོད་མི་གནས་ཡུལ་རྒྱལ་སྤྱིའི་ས་གནས་གང་སར་བོད་རྒྱལ་ལོ་ ༢༡༥༡ རབ་གནས་ཤིང་འབྲུག་ལོའི་གནམ་ལོ་གསར་བཞད་ཀྱི་དགའ་སྟོན་སྲུང་བརྩི་ཞུ་བཞིན་ཡོད་པ་ལྟར། དེ་རིང་ཕྱི་ཚེས་ ༢༦ ཉིན་ Victoria མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་ཁང་ནང་གཞུང་འབྲེལ་ཐོག་བོད་ཀྱི་ལོ་གསར་སྲུང་བརྩི་གནང་འདུག་པ་དང། དེ་ནི་མངའ་སྡེའི་གྲོས་ཚོགས་ནང་བོད་ཀྱི་ལོ་གསར་སྲུང་བརྩི་ཞུས་པ་ཆེས་ཐོག་མ་དེ་ཆགས་ཀྱི་ཡོད་པ་རེད།

Victoria Losar

Victoria བོད་རིགས་སྤྱི་མཐུན་ཚོགས་པ་དང་ས་གནས་བོད་དོན་དང་བླངས་ཞུ་གཏུག་ཚོགས་པ་གཉིས་ཀྱིས་གོ་སྒྲིག་གནང་བའི་བོད་ཀྱི་གནམ་ལོ་གསར་བཞད་ཀྱི་དུས་སྟོན་མཛད་སྒོའི་ཐོག་ཁུལ་དེའི་གྲོས་ཚོགས་འཐུས་མི་ Tim Read ལགས་དང་ Dr Samantha Ratnam ལགས་རྣམ་གཉིས་ཀྱིས་གཙོས་པའི་ལས་རོགས་ཁག་ཅིག ས་གནས་བོད་རིགས་ཚོགས་པ་དང་ཚོགས་སྡེ་ཁག་གི་སྐུ་ཚབ། དེ་བཞིན་ཨོ་གླིང་གཞུང་དང་གཞུང་འབྲེལ་མ་ཡིན་པའི་སྐུ་ཚབ་མང་དག་ཅིག་ལྷན་འཛོམས་གནང་འདུག

སྐབས་དེར་གྲོས་ཚོགས་འཐུས་མི་ Dr Samantha Ratnam ལགས་ཀྱིས་བོད་མི་ཡོངས་ལ་ལོ་གསར་གྱི་འཚམས་འདྲི་དང་སྦྲགས། རྒྱ་གཞུང་གིས་འདས་པའི་ལོ་ཕྲག་མང་པོའི་རིང་བོད་ནང་གི་བོད་མིའི་ཐོག་དྲག་གནོན་ཅན་གྱི་སྲིད་བྱུས་འདྲ་མིན་ལག་བསྟར་གྱིས་མི་སྤྱོད་ལས་འདས་པའི་མནར་གཅོད་བཏང་དང་གཏོང་བཞིན་ཡོད་པར་སེམས་འཚབ་ཆེས་ཆེར་བཏོན་པ་དང་། གཞིས་ལུས་རྒྱ་ཆེ་མང་ཚོགས་རྣམས་ཀྱིས་ལྷག་བསམ་དང་སྙིང་སྟོབས། ལ་རྒྱ་བཅས་གཡོ་བ་མེད་པར་བོད་མིའི་ཆོས་རིག་དང་བཅས་པ་སྲུང་སྐྱོབ་གནང་བཞིན་པར་བསྔགས་བརྗོད་གནང་འདུག

མ་ཟད་སྤྱི་ནོར་ ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཞི་བདེའི་རྩ་བ་སྙིང་རྗེ་ཡིན་པ་སོགས་ཀྱི་བཀའ་སློབ་ལམ་སྟོན་ཡང་ཡང་ཕེབས་ཀྱི་ཡོད་པ་བཞིན་ཨོ་གླིང་མང་ཚོགས་ཀྱིས་༸མགོན་པོ་གང་ཉིད་མཆོག་གིས་དབུ་ཁྲིད་པའི་བོད་མིའི་མང་ཚོགས་ནས་བྱམས་པ་དང་བརྩེ་བ་སོགས་ཀྱི་བློ་སྐྱེད་བླང་རྒྱུ་ཡོད་པ་གསུངས་འདུག

Victoria Losar

གྲོས་ཚོགས་འཐུས་མི་ Tim Read ལགས་ཀྱིས་ལོ་གསར་པ་འདིའི་ནང་བོད་མི་རྣམས་བདེ་སྐྱིད་ཕུན་སུམ་ཚོགས་པའི་སྨོན་འདུན་དང་འབྲེལ། ཨོ་གླིང་སྲིད་གཞུང་ངོས་ནས་བོད་མི་དང་ལྷན་དུ་བོད་ཀྱི་ཐུན་མིན་ཆོས་རིག་དང་། སྐད་ཡིག་སྲུང་སྐྱོབ་ཆེད་མཉམ་ལས་གནང་རྒྱུ། ལྷག་པར་ཁོང་སྐུ་སྒེར་གྱི་ངོས་ནས་བོད་དང་བོད་མིར་རྒྱབ་སྐྱོར་ཤུགས་ཆེ་གནང་མུས་ཡིན་སྐོར་གསུངས་པ་དང་ཆབས་ཅིག བོད་མིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གནང་རྒྱུའི་སླད་ཆོད་སེམས་བརྟན་པོ་ཡོད་ཅེས་གསུངས་འདུག

Victoria Losar

རླུང་འཕྲིན་ཁང་གིས་ད་རེས་ Victoria མངའ་སྡེའི་གྲོས་ཚོགས་ནང་ལོ་གསར་སྲུང་བརྩི་གནང་བ་དེའི་གནད་འགག་སོགས་དང་འབྲེལ་ནས་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཞོན་བསྟན་འཛིན་ཆོས་གྲགས་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས། ད་རེས་ལོ་གསར་སྲུང་བརྩི་དེའི་བརྒྱུད་ཨོ་གླིང་གྲོས་ཚོགས་འཐུས་མིས་གཙོས་པའི་གཞན་གནད་ཡོད་མི་སྣ་རྣམས་ལ་བོད་དོན་ཞུ་གཏུག་གིས་རྒྱབ་སྐྱོར་འཚོལ་ཐབས་གནང་ཡོད་སྐོར་གསུངས་སོང་།

Victoria Losar

ལྷག་དོན་མཛད་སྒོའི་ཐོག་ Victoria མངའ་ཁུལ་གྱི་ VTAG བོད་མིའི་དང་བླངས་ཞུ་གཏུག་ཚོགས་པའི་ཚོགས་གཙོ་བསྟན་འཛིན་ནོར་འཛིན་ལགས་ཀྱིས་བོད་ཀྱི་ལོ་གསར་ངོ་སྤྲོད་དང་འབྲེལ། ཨོ་གླིང་གཞུང་གི་ངོས་ནས་བོད་དོན་ཐོག་འདི་ལྟར་ཆེ་མཐོང་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད་པ་རེད། མཛད་སྒོ་གྲུབ་མཚམས་ས་གནས་བོད་མི་རྣམས་ཀྱིས་བོད་མིའི་ངོ་བོ་མཚོན་པའི་གཞས་སྣ་ཁག་གཟིགས་འབུལ་དང་། བོད་པའི་སློབ་ཕྲུག་ཚོས་སྐུ་མགྲོན་རྣམས་ལ་བོད་པའི་རིག་གཞུང་དང་འབྲེལ་བའི་འགྲེམས་སྟོན་ཁག་ཅིག་ཀྱང་གནང་འདུག

འབྲེལ་ཡོད་གསར་གནས།

གསར་གནས།