Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག་གིས་བོད་སྨན་གྱིས་སེམས་ཞི་བདེ་བཟོ་ཆེད་ཐུན་མིན་གྱི་ནུས་པ་ལྡན་ཡོད་པ་བཀའ་སྩལ་བ།

Tibetan News Headlines

  • རྒྱ་གར་གྱི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་ Kangana Ranaut ནས་༸གོང་ས་མཆོག་གི་མཇལ་ཁ་ཞུས་སོང་།
  • སྲིད་སྐྱོང་མཆོག་གིས་ Block Quebec ཞེས་པའི་ཆབ་སྲིད་ཚོགས་པའི་དབུ་ཁྲིད་དང་མཇལ་མོལ་གནང་འདུག
  • Milton Keynes ནང་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་དང་ Philadelphia རུ་བོད་རང་བཙན་གྱི་ལས་འགུལ།
  • འཇར་མན་སྲིད་བློན་མཆོག་གི་ཕྱོགས་བསྐྱོད་དེ་རྒྱ་ནག་ཐོག་འཛིན་པའི་སྲིད་བྱུས་ལ་ཚོད་ལྟ་ཞིག་ཆགས་ཀྱི་ཡོད་པ་གསུངས་འདུག
  • བལ་ཡུལ་ནས་རྒྱ་ནག་གི་དབང་ཤུགས་རྒྱ་སྐྱེད་ལ་གདོང་ལེན་ནན་པོ་བྱ་དགོས་པ་བརྗོད་འདུག
  • དཔལ་འབྱོར་ལས་ཁུངས་ཀྱིས་དཔྱ་ཁྲལ་ཆག་ཡང་ཕར་འགྱངས་ཀྱི་གསལ་བསྒྲགས་སྤེལ་འདུག

Monday 15/04/2024

  • Kangana Ranaut receives audience with the Dalai Lama
  • Sikyong Penpa discusses human rights in Tibet with leaders of Bloc Québécois, visits Boston
  • Tibetan national flag hoisted at Milton Keynes, Tibetan independence protest at Philadelphia
  • Chancellor’s Visit a Test for Berlin’s Resolve on its China Strategy: Rights group
  • Nepal sounds alarm over Chinese encroachment, calls for international intervention
  • CTA announces extension of ‘Chatrel’ exemption, urges Tibetans not to miss out the opportunity

དེ་རིང་ཕྱི་ཚེས་ ༢༩ ཉིན་གྱི་སྔ་དྲོར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འགྲོ་ཕན་སྨན་རྩིས་ཁང་གི་སྐབས་ཉི་ཤུ་པའི་དཀའ་བཅུ་པའི་སློབ་གཉེར་བ་དང་། འབྲེལ་ཡོད་ལས་བྱེད་རྣམས་ལ་མཇལ་ཁ་སྩལ་བ་དང་འབྲེལ། བོད་སྨན་གྱིས་སེམས་ཞི་བདེ་བཟོ་རྒྱུར་ཐུན་མོང་མིན་པའི་ནུས་པ་ལྡན་ཡོད་སྐོར་བཀའ་སྩལ་འདུག

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་ཀྱི་ཐོག་མར་བོད་ཀྱི་སྨན་ནི་ཕྱི་ལུགས་དང་མི་འདྲ་བར་སེམས་ཞི་བདེ་མཚོན་པའི་ལུས་ཀྱི་འབྱུང་བ་རྣམས་ཆ་སྙོམས་བཟོ་ཆེད་ཐུན་མོང་མིན་པའི་ཁྱད་ཆོས་ཤིག་ལྡན་ཡོད་པ་དང་། ལྷག་པར་དུ་རླུང་གི་ནད་གཞི་ཡོད་པ་དེར་ཕན་ཐོགས་ཆེན་པོ་ཡོད་སྐོར་བཀའ་སྩལ་འདུག

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མགོན་པོ་༸གང་ཉིད་མཆོག་དུས་རྟག་ཏུ་བོད་ཀྱི་གསོལ་སྨན་མཆོད་ཀྱི་ཡོད་པ་དང་། ད་དུང་༸སྐུ་ན་ཆུང་དུས་སྐབས་ཀྱི་ལོ་རྒྱུས་ཁག་གཅིག་ཐུགས་དྲན་གསོ་མཛད་དེ། སེམས་བཟང་པོ་ཡོད་པའི་སྨན་པ་རྣམས་ཕན་ཐོགས་ཆེ་བ་ཡོད་སྐོར་བཀའ་སྩལ་བ་དང་སྦྲགས་ཏེ་ཇི་ཙམ་སེམས་བཟང་བ་དེའི་ཚོད་ཀྱིས་ལུས་ཀྱང་བདེ་བ་ཡོད་པ་མ་ཟད། རང་གཞན་གཉིས་ཀྱི་དོན་བསྒྲུབ་ཐབས་སུ་བྱང་ཆུབ་ཀྱི་སེམས་ངེས་པར་དུ་སྒོམ་དགོས་པའི་བཀའ་སློབ་བཀའ་དྲིན་ཆེ་བ་སྩལ་འདུག

༸གོང་ས་མཆོག་གིས་བོད་གངས་ཅན་ལྗོངས་ནི་འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་ཞིང་ཡིན་པ་དང་། འཕགས་པ་སྤྱན་རས་གཟིགས་ནི་རྒྱལ་ཀུན་སྙིང་རྗེའི་རང་གཟུགས་ཡིན་པར་བརྟེན། སེམས་བཟང་པོ་བྱ་རྒྱུ་ནི་བོད་ཀྱི་རིག་གཞུང་ཡིན་པ་བཀའ་སྩལ་དང་ཆབས་ཅིག མགོན་པོ་༸གང་ཉིད་མཆོག་འཕགས་པ་སྤྱན་རས་གཟིགས་དང་བྲལ་མེད་དུ་བཞུགས་ཡོད་པར་༸གང་ཉིད་མཆོག་ལ་མོས་པ་ཡོད་པ་རྣམས་ཀྱིས་སེམས་པ་བཟང་པོ་བྱ་དགོས་གལ་དང་། དེ་ལྟར་བྱས་ཚེ་འཕགས་པ་སྤྱན་རས་གཟིགས་ཀྱི་ཚེ་རབས་ནས་ཚེ་རབས་རྗེས་སུ་བཟུང་རྒྱུ་ངེས་པ་ཡིན་པའི་བཀའ་སློབ་བཀའ་དྲིན་ཆེ་བ་སྩལ་འདུག

འབྲེལ་ཡོད་གསར་གནས།

གསར་གནས།