Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག་གིས་མ་ཎི་ཡག་པོ་བསོག་དགོས་པ་དང་དུས་མཉམ་སེམས་བཟང་པོ་བྱེད་དགོས་ཞེས་བཀའ་སྩལ་སོང་།

Tibetan News Headlines

  • སྔོན་རྩིས་མ་དངུལ་སྒོར་ས་ཡ་ ༣༣༣༡ ལྷག་གཏན་འབེབས་ཐོག་གྲོས་ཚོགས་ཚོགས་དུས་ ༧ མཇུག་སྒྲིལ།
  • རྒྱ་ནག་གིས་སྡེ་དགེ་ཁུལ་ནས་བོད་མི་བཅུ་ལྷག་འཛིན་བཟུང་གིས་གར་སོང་ཆ་མེད་དུ་གྱུར་འདུག
  • རྒྱ་དཀར་ནག་གཉིས་ཀྱི་མཐའ་མཚམས་གྲོས་མོལ་ཁྲོད་གྲུབ་འབྲས་གང་ཡང་བྱུང་མེད་པ་མངོན་གསལ།
  • སྐད་ཡིག་ཕུན་སུམ་ཚོགས་པའི་བོད་རིགས་ན་གཞོན་བཅུ་ཕྲག་གིས་བོད་དོན་སྐོར་བསྐྱོད་གནང་ན་རྒྱ་གར་གྱི་སྲིད་བྱུས་ལ་འགྱུར་བ་ཐེབས་ངེས་ཡིན་པ་གསུངས་འདུག
  • ཨོ་གླིང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཟུང་སྦྲེལ་ཚོགས་ཟུར་ Janet Rice ལགས་ལ་ཕེབས་སྐྱེལ་དང་ཟུང་སྦྲེལ་ཚོགས་གཙོ་གསར་པར་ཕེབས་བསུ་ཞུས་པ།
  • མལ་དིལྦ་ནང་འཐུང་ཆུའི་དཀའ་ངལ་སེལ་སླད་བོད་ཀྱི་གཏེར་ཆུ་ཏུན་ ༡༥༠༠ མཁོ་སྤྲོད་བྱས་འདུག

Friday 29/03/2024

  • TPiE concludes 7th session, approves budget of over ₹ 3331 Million
  • China arrests 10 Tibetans from Derge county, whereabouts unknown
  • No breakthrough in India-China dialogue
  • Need of training for educated young Tibetans to influence India’s policy on Tibet: Tenzin Tsundue
  • Tibetans in Australia bid farewell for Senator Janet Rice, welcomes new co-chair for parliamentary Tibet group
  • Now China sends 1,500 tonnes of drinking water from Tibet to Maldives

ས་མགོན་ཆེན་པོ་མཆོག་དེ་རིང་མ་ཎི་དུང་སྒྲུབ་ཀྱི་ཚོགས་མགོན་དུ་དབུ་བཞུགས་མཛད་པ་དང་སྦྲགས། བོད་རིགས་རྣམས་ནས་ས་ག་ཟླ་བའི་དུས་ཆེན་ཁྱད་པར་ཅན་དེའི་ཐོག་མ་ཎི་ཡག་པོ་གསོག་སྒྲུབ་དགོས་པ་དང་དུས་མཉམ་གཙོ་བོ་སེམས་བཟང་པོ་བྱེད་དགོས་ཞེས་བཀའ་བསྩལ་སོང་།

དེ་རིང་ཕྱི་ཟླ་ ༥ ཚེས་ ༢༠ སྟེ། བོད་ཟླ་ ༤ ས་ག་ཟླ་བའི་ཚེས་ ༡ ཉིན་༸བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མ་ཎི་དུང་སྒྲུབ་དབུ་འཛུགས་གནང་བ་དང་བསྟུན། སྔ་དྲོ་ཕྱག་ཚོད་ ༧།༣༠ ཐོག་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མ་ཎི་དུང་སྒྲུབ་ཀྱི་ཚོགས་མགོན་དུ་ཆིབས་བསྒྱུར་མཛད་པ་དང་སྦྲགས། མ་ཎི་རིལ་བུ་དག་ལ་ཐུགས་སྨོན་དང་བྱིན་རླབས་མཛད་སོང་།

སྐབས་དེར་མགོན་པོ་༸གང་ཉིད་མཆོག་གིས་དེ་རིང་ནས་མ་ཎི་དུང་སྒྲུབ་དབུ་འཛུགས་དང་འབྲེལ། བོད་མི་རྣམས་ནས་འཕགས་པ་སྤྱན་རས་གཟིགས་ལ་དད་གུས་གཡོ་བ་མེད་པའི་ཐོག་མ་ཎི་ཡག་པོ་བསོག་རྒྱུའི་ཀུན་སློང་དགོས་པར་དུས་མཚུངས་སུ་སྙིང་རྗེ་སྒོམ་པའི་ཐོག་ནས་སེམས་བཟང་པོ་བྱེད་དགོས་ཞེས་བཀའ་ནན་སྩལ་བ་མ་ཟད། བོད་རིགས་ཞེས་པ་དེ་བཞིན་རས་འཛུམ་མུལ་མུལ་ཡོད་པར་ཚང་མས་རྩིས་བཞིན་ཡོད་པར་བརྟེན། ངེས་པར་དུ་སེམས་པ་བཟང་པོ་བྱེད་དགོས་ཞེས་ལམ་སྟོན་བཀའ་དྲིན་ཆེ་བ་སྩལ་སོང་།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེང་སྐབས་འཛམ་གླིང་ཀུན་ལ་སངས་རྒྱས་ཀྱི་བསྟན་པ་དར་ཁྱབ་ཆེ་ཆེར་འབྱུང་བཞིན་པར་སེམས་ཁམས་རིག་པའི་རྣམ་བཞག་ལ་དོ་སྣང་གསར་པ་ཞིག་བསླེབས་ཡོད་སྟབས། དེ་ནི་འཛམ་གླིང་འདིའི་སྟེང་གི་འགྲོ་བ་མིའི་རིགས་ཚང་མར་ཕན་ཐོགས་ཡོད་པའི་གཅེས་ནོར་ཞིག་ཆགས་ཀྱི་ཡོད་པར་ཡི་རང་བསྔགས་བརྗོད་མཛད་པ་དང་འབྲེལ། ལྷག་པར་དུ་རྒྱལ་བསྟན་འདི་ཉིད་གངས་ཅན་པའི་ཐུན་མིན་གྱི་གཅེས་ནོར་ཡིན་པར་བརྟེན། བོད་མི་རྣམས་ནས་རང་མི་རིགས་ཀྱི་གཅེས་ནོར་འདི་མི་ཉམས་རྒྱུན་འཛིན་གནང་དགོས་གལ་ཡིན་པ་བཀའ་སྩལ་སོང་།

ལྷག་དོན་༸གོང་ས་མཆོག་གིས་རྒྱ་ནག་ནང་འགྱུར་བ་ཞིག་ཐེབས་རྒྱུ་དང་མ་འོངས་པར་ལྷ་ལྡན་གཙུག་ལག་ཁང་གི་ཉེ་འཁྲིས་སུ་ཆགས་པའི་རྩེ་ཕོ་བྲང་པོ་ཏ་ལའི་བཞུགས་ཁྲི་གླིང་ཁར་གཞིས་བྱེས་མཉམ་འཛོམས་ཀྱིས་མགོན་པོ་༸གང་ཉིད་མཆོག་ནས་ནང་ཆོས་ངོ་སྤྲོད་མཛད་རྒྱུ་དང་། ད་བཞིན་ཐུགས་ཀྱི་དགོངས་ཚུལ་གསུང་རྒྱུའི་དུས་སྐབས་ཤིག་འཆར་རྒྱུའི་ཐུགས་རེ་མཛད་བཞིན་པར་ཚང་མས་ཧུར་ཐག་གནང་དགོས་པའི་བཀའ་སྩལ་དང་འབྲེལ། མགོན་པོ་༸གང་ཉིད་མཆོག་གིས་དེ་རིང་ནས་མ་ཎི་དུང་སྒྲུབ་དབུ་འཛུགས་དང་བསྟུན། མ་ཎིའི་ཚིག་ཙམ་བརྗོད་པ་མིན་པར་སེམས་གཏིང་ནས་བྱང་ཆུབ་སེམས་སྒོམ་པའི་ཐོག་ཐབས་ཤེས་ཟུང་སྦྲེལ་གྱིས་བློ་སྦྱོང་དགོས་གལ་ཡིན་པར་གཞེན་སྐུལ་མཛད་སོང་།

གཞི་རྩའི་ལོ་ལྟར་ས་ག་ཟླ་བའི་དུས་ཆེན་ནམ་ཡིན་ལ་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གཟའ་འཁོར་གཅིག་རིང་མ་ཎི་དུང་སྒྲུབ་གསོག་གནང་གི་ཡོད་པ་དང་། དེའང་སྔ་དྲོ་ཚོུད་ ༦།༣༠ ནས་ ༡༡།༣༠ བར་དང་། ཉིན་རྒྱབ་ཚོུད་ ༡།༣༠ ནས་ ༥ བར་འཚོག་ཀྱི་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།