Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག་གིས་ཝེ་ཏི་ནམ་གྱི་མཇལ་བཅར་བ་ཉིས་བརྒྱ་ལྷག་ལ་བཀའ་སློབ་དང་བཀའ་ཆོས་སྩལ་བ།

Tibetan News Headlines

  • བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་བཟང་ཕྱོགས་ཀྱི་འགྱུར་བ་གང་ཡང་མངོན་རྒྱུ་མེད་པ་མངོན་གསལ།
  • མགོན་པོ་སྐྱིད་ལགས་ཀྱིས་མུ་མཐུད་རྡོ་རྗེ་བཀྲིས་ཆེད་ཞུ་འབོད་གནང་བར་རྒྱ་གཞུང་ཉེན་རྟོག་པས་གཅར་རྡུང་།
  • རྒྱ་གཞུང་གིས་ཏོག་དབྱིབས་གཉན་རིམས་གྱི་འབྱུང་ཁུངས་རྩད་གཅོད་ཀྱི་ལས་དོན་ལ་ད་ལྟའང་འགོག་རྐྱེན་བཟོ་བཞིན་པ་མངོན་གསལ།
  • ཁ་སང་བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༧ པ་མཇུག་སྒྲིལ་སོང་།
  • རྒྱལ་སྲས་དད་པ་བརྟན་པའི་ལྷ་གཞུང་ངོ་སྤྲོད།
  • འཇར་མ་ནི་ནང་རྒྱ་ནག་ཆེད་དུ་གསང་ཉུལ་བྱས་པའི་དོགས་གཞི་འོག་མི་སྣ་ཁག་གཅིག་འཛིན་བཟུང་བྱས་འདུག

Tuesday 23/04/2024

  • No significant changes in the rights situation in Tibet: US report
  • Blinken must raise Tibet, Panchen Lama on China trip: Tibet advocacy group
  • Chinese authorities assaults Gonpo Kyi ; phone broken amid call for brother’s fair retrial
  • China froze Covid -19 origin tracing; pattern continues to this day: AP investigation
  • 27th Shoton festival ends with a call from Sikyong to intensify efforts to preserve Opera tradition
  • Introduction to Opera ‘Prince Dhepa Tenpa’
  • Germany and Britain detain suspected Chinese spies

དེའང་ཁ་སང་ཕྱི་ཚེས་ ༡༣ ཉིན་གྱི་སྔ་དྲོ་ཆུ་ཚོད་༨།༣༠ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཝེ་ཏི་ནམ་གྱི་དམར་ཤོག་ཚོགས་པའི་དྲུང་ཆེ་ཟུར་པ་དང་། ཕྱི་ལོ་ ༡༩༩༡ ནས་ ༡༩༩༧ བར་གྱི་སྲིད་འཛིན་སྐུ་ཞབས་ Do Muoi ལགས་ཀྱི་བུ་མོས་སྣེ་ཁྲིད་པའི་ཝེ་ཏི་ནམ་གྱི་ནང་པའི་རྗེས་འཇུག་པ་དང་། ཆོས་དད་མེད་མཁན་སོགས་མི་གྲངས་ ༢༤༠ ལྷག་ལ་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་གི་མཇལ་འཕྲད་ཁང་དུ་བཀའ་སློབ་དང་བྱང་སེམས་སྡོམ་པ་འབོག་པའི་བཀའ་ཆོས་བཀའ་དྲིན་སྩལ་འདུག
སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸རྒྱལ་བའི་གཟིམ་ཆུང་ནས་མཇལ་འཕྲད་ཁང་དུ་ཆིབས་བསྒྱུར་གྱིས་ཞབས་སྟེགས་ཐོག་༸ཞབས་སོར་བཀྲིན་འཁོད་མཚམས་སུ་ཝེ་ནམ་གྱི་སྲིད་འཛིན་ཟུར་པ་སྐུ་ཞབས་ Do Muoi ལགས་ཀྱིས་སྤྱི་ཚོགས་ལ་སྨིན་པའི་ཕྱག་ལས་ཇི་གནང་གི་ལོ་རྒྱུས་སྙིང་བསྡུས་ཤིག་༸སྙན་སེང་ཞུས་འདུག
༸གོང་ས་མཆོག་གིས་བཀའ་ཆོས་སྩལ་སྐབས་དེ་རིང་ཝེ་ཏི་ནམ་གྱི་ཆོས་གྲོགས་ཁྱེད་རང་ཚོ་མི་སྣ་མང་པོ་ཞིག་ལ་ཐུག་པ་རེད་ངོས་རང་ཧ་ཅང་དགའ་པོ་བྱུང་། ངོས་རང་ཞོགས་པར་གཉིད་སད་པ་དང་སེམས་ཅན་ཐམས་ཅད་ཅེས་བྱང་ཆུབ་ཀྱི་སེམས་ལ་བསམ་བློ་གཏོང་གི་ཡོད། འཛམ་གླིང་འདིའི་སྟེང་གི་མི་ཚང་མ་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་ཤ་སྟག་རེད། དེས་ངོས་ཀྱིས་བྱ་རི་དྭགས་དང་གྲོག་མ་ཚུན་ཆད་ལ་བདེ་བ་དང་ལྡན་པར་ཤོག་ཅེས་སྨོན་ལམ་རྒྱག་གི་ཡོད་ཅེས་བཀའ་སྩལ་བ་དང་སྦྲགས། བྱང་ཆུབ་ཀྱི་སེམས་ནི་སེམས་པ་བཟང་པོའི་ཐོག་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྨོན་ལམ་རྒྱག་པ་དང་། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག། སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག། སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག། ཉེ་རིང་ཆགས་སྡང་གཉིས་དང་བྲལ་བའི་བཏང་སྙོམས་ལ་གནས་པར་གྱུར་ཅིག། ཅེས་པར་ཉིན་ལྟར་མགོན་པོ་༸གང་ཉིད་མཆོག་གིས་སེམས་ཅན་ཐམས་ཅན་ཀྱི་དོན་དུ་དགོངས་བཞེས་མཛད་ཀྱི་ཡོད་སྐོར་བཀའ་འདུག
དེ་བཞིན་༸གོང་ས་མཆོག་གིས་ང་ཚོའི་བདེ་སྐྱིད་ཀྱི་རྩ་བ་ནི་དངུལ་མ་རེད་ལ། སྟོབས་ཤུགས་ཀྱི་སྐད་ཆའང་མིན་པར་བདེ་སྐྱིད་ཀྱི་རྩ་བ་ནི་སེམས་བཟང་པོ་བྱུང་ན་སེམས་ལྷོད་ལྷོད་དང་གཉིད་ཀྱང་སྐྱིད་པོ་ཡོང་ཐུབ། ཕྲག་དོག་དང་འགྲན་སེམས་ཀྱི་བསམ་བློས་གཉིད་ལའང་བར་ཆད་བྱེད་པ་དང་། བསམ་པ་བཟང་པོར་བསྡད་ཚེ་གཉིད་ཀྱང་ལྷོད་ལྷོད་ཁུགས་ཀྱི་རེད། དངོས་གནས་སེམས་ཞི་བདེ་དང་བྱང་ཆུབ་ཀྱི་སེམས་ལ་བསམ་བློ་བཏང་ན་སེམས་སྐྱིད་པ་དང་ལུས་བདེ་བ། སོ་སོ་གང་དུ་ཡོད་སའི་མི་ཚང་མ་འཛུམ་མུལ་མུལ་གིས་སྡོད་པ་སྟེ་བྱང་ཆུབ་སེམས་ནི་ཧ་ཅང་གལ་ཆེན་པོ་རེད་ཅེས་དང་། ལྷག་དོན་བྱང་ཆུབ་ཀྱི་སེམས་ལ་བསམ་བློ་བཏང་ན་ཚོགས་ཀྱང་ཁོ་རང་གིས་རྫོགས། སྡིག་སྒྲིབ་ཀྱང་ཁོ་རང་གིས་སྦྱོང་ཞེས་པ་དངོས་གནས་བདེན་པ་རེད། བྱང་ཆུབ་ཀྱི་སེམས་ཀྱིས་སེམས་ཅན་ཐམས་ཅད་ཅེས་བསམ་བློ་གཏོང་དུས་བསམ་པ་དགེ་བ་གཅིག་གིས་ཚོགས་རྒྱ་ཆེན་པོ་རང་བཞིན་གྱིས་གསོག་པ་ཞིག་རེད། སྡིག་སྒྲིབ་ཀྱང་ཁོ་རང་གིས་སྦྱོང་གསུངས་པ་བཞིན་ང་ཚོ་འཁོར་བ་ལ་འཁོར་བའི་རིང་གཞན་ལ་གནོད་པ་བྱེད་པ་དང་། འཚེ་བ་བྱེད་པ། བརྣབ་སེམས་དང་གནོད་སེམས་ཡོད་ན་འཕྲལ་དུ་སེམས་ལ་ཞི་བདེ་ཡོང་གི་མ་རེད། དེ་འདྲ་སོང་ཙང་ཚེ་རབས་ནས་ཚེ་རབས་སུ་ལས་ངན་པ་བསགས་ཡོང་དུས་སྐྱེ་བ་ནས་སྐྱེ་བར་སོ་སོར་གྱོང་རག་རྒྱུ་རེད་ཅེས་ལམ་སྟོན་མཛད་འདུག
མགོན་པོ་༸གང་ཉིད་མཆོག་གིས་ད་དུང་བྱང་ཆུབ་ཀྱི་སེམས་ལ་བསམ་བློ་གཏོང་དུས་རང་བཞིན་གྱིས་བསོད་ནམས་འཕེལ་ཡོང་བ་དང་། ཚེ་རབས་ནས་ཚེ་རབས་སུ་སེམས་ཅན་མང་པོར་ཕན་ཐོགས་བྱེད་ཐུབ་པ་ཞིག་རེད། དེར་བརྟེན་མགོན་པོ་མཆོག་གིས་བྱང་ཆུབ་ཀྱི་སེམས་ལ་ཉམས་ལེན་གཙོ་བོར་མཛད་བཞིན་ཡོད་པ་དང་། མགོན་པོ་མཆོག་གི་འཁྲུངས་ཡུལ་ནི་གྲོང་གསེབ་ཆུང་ཆུང་ཞིག་ཅིང་། དེ་རྗེས་ལྷ་སར་ཕེབས་ཏེ་༸རྒྱལ་བ་རིན་པོ་ཆེའི་མཚན་ཡོད་པས་ཡོངས་འཛིན་རྣམ་པ་ལས་ཕྱག་དཔེར་གཟིགས་ནས་ཉིན་རེ་བཞིིན་དུ་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བར་དགོངས་བཞེས་མཛད་ཀྱི་ཡོད་སྟབས། མགོན་པོ་༸གང་ཉིད་མཆོག་གིས་དེ་ལྟར་མཛད་པའི་ཕྱག་རྗེས་སུ་ཐུགས་ལྷོད་ལྷོད་དང་ཞི་བདེ་ལྡན་ཡོད་སྐོར་བཀའ་སྩལ་འདུག་པར་མ་ཟད། ཞལ་ཤོབ་དང་འབྲེལ་ཏེ་ངོས་རང་ལོ་ ༨༧ རེད། ངོས་ཀྱི་གདོང་པ་ལོ་ ༨༧ ལྟ་བུ་ཞིག་འདུག་གམ་གཞོན་གཞོན་ལྟ་བུ་ཞིག་འདུག ངོས་ཀྱི་སོ་གཅིག་ལའང་སྐྱོན་བྱུང་མེད། གང་ལྟར་ལོ་འདི་ཙམ་ལ་སླེབས་ནའང་གཟུགས་པོ་ཧ་ཅང་ཐང་པོ་ཡིན། སེམས་སྐྱིད་པོ་ཡིན། ག་ཚོད་ཐུབ་ཐུབ་ཀྱིས་མི་ལ་ཕན་ཐོགས་བྱེད་པ་དང་། ནང་པ་ཞིིག་ཡིན་པའི་ངོས་ནས་བསྟན་པ་སྤྱིར་སྨན་པའི་སྨོན་ལམ་རྒྱག་གི་ཡོད་སྐོར་བཀའ་སྩལ་མཛད་འདུག
༸གོང་ས་མཆོག་གིས་ཝེ་ཏི་ནམ་གྱི་མཇལ་བཅར་བ་ཚོར་དམིགས་ཏེ་བཀའ་སྩལ་བར་དེ་རིང་འདིར་ང་ཚོ་ངོ་ཤེས་ཆགས་པས་འབྲེལ་བ་འདི་མུ་མཐུད་ནས་ཡོང་གི་རེད། སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་།། འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང་།། ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ཏེ།། རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག།ཅེས་སྨོན་ལམ་སྐྱོན་པ་ལྟར་ཏན་ཏན་ཡོང་གི་རེད་ཅེས་སླར་མར་འབྲེལ་བ་མུ་མཐུད་ཡོང་བའི་བཀའ་བཞེས་སྨིན་སྩལ་མཛད་ཡོད་པ་རེད།
༸གོང་ས་མཆོག་གིས་ཁ་སང་ཝེ་ཏི་ནམ་གྱི་མཇལ་བཅར་བ་རྣམས་ལ་བླང་དོན་གྱི་བཀའ་སློབ་སྩལ་རྗེས་ཝེ་ཏི་ནམ་གྱི་ནང་པའི་རྗེས་འཇུག་པ་དང་ཆོས་དད་མེད་མཁན་སོགས་མི་བཅུ་གྲངས་ཤིག་གིས་བཀའ་འདྲི་དགོངས་སྐོར་ཞུས་ཁག་ལ་བཀའ་ལན་སྩལ་བར་མ་ཟད། མཇུག་ཏུ་བྱང་ཆུབ་སེམས་བསྐྱེད་ཀྱི་ཆོས་འབྲེལ་བཀའ་དྲིན་སྩལ་འདུག

འབྲེལ་ཡོད་གསར་གནས།

གསར་གནས།