Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག་གིས་ Brazil སྲིད་འཛིན་གསར་པར་འཚམས་འདྲི་སྩལ་བ།

Tibetan News Headlines

  • ༸གོང་ས་མཆོག་གིས་སོག་པོའི་དད་ལྡན་པ་རྣམས་ལ་ཉིན་གཉིས་ཀྱི་ཆོས་འབྲེལ་དབུ་འཛུགས།
  • ༸སྐུའི་གཅུང་མོ་ཨ་མ་རྗེ་བཙུན་པདྨ་ལགས་སུ་ Pearl S. Buck ཆེ་བསྟོད་གཟེངས་རྟགས་འབུལ་བཞེས།
  • བཞུགས་སྒར་རྡ་རམ་ས་ལར་བོད་ཀྱི་བེུད་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡༤ པ་དབུ་འཛུགས།
  • རྒྱ་གཞུང་གིས་བོད་དང་ཤིན་ཅང་ནང་སྤེལ་བཞིན་པའི་བྱ་སྤྱོད་ནི་འཆར་གཞི་ལྡན་པའི་མི་རིགས་རྩ་གཏོར་གྱི་སྲིད་བྱུས་ཡིན་པ་ཐེར་འདོན།
  • མོན་གྷོ་འདོད་རྒུ་གླིང་དུ་དྲག་ཆར་རླུང་ཚུབ་བྱུང་ཡང་མི་ཤི་སྐྱོན་ཆག་རིགས་བྱུང་མིན་འདུག

Friday 19/04/2024

  • Dalai Lama begins two-day teaching on ‘Gaden Lhagyama’ to Mongolian devotees
  • Jetsun Pema receives Randolph’s Pearl S. Buck award
  • 14th Tibetan Women Association General Body Meeting begins in Dharamshala
  • China spearheading systematic elimination of civilization and people, says UN expert
  • Mundgod Tibetan settlement hit with severe thunderstorm

དེ་རིང་ཕྱི་ལོ་ ༢༠༢༣ ཟླ་ ༡ ཚེས་ ༢ ཉིན་༸བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་ཞབས་ Luiz Inacio Lula da Silva མཆོག་སླར་ཡང་ Brazil བྷར་ཛིལ་གྱི་སྲིད་འཛིན་དུ་བསྐོ་བཞག་བྱུང་བར་དགའ་བསུའི་འཚམས་འདྲི་དང་སྦྲགས། སྤྱི་ལོ་གསར་པའི་ནང་སྲིད་འཛིན་མཆོག་གི་བྱ་བ་ཐམས་ཅད་ལམ་ལྷོང་ཡོང་བའི་ཐུགས་སྨོན་མཛད་འདུགདེ་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆེན་གིས་རྡོར་གདན་དགའ་ལྡན་འཕེལ་རྒྱས་གླིང་ནས་སྩལ་བའི་འཚམས་འཕྲིན་ནང་། མགོན་པོ་༸གང་ཉིད་མཆོག་དེ་སྔ་བྷར་ཛིལ་ནང་ཐེངས་འགའ་ཤས་ཕེབས་རྒྱུའི་གོ་སྐབས་བྱུང་ཡོད་པ་དང་། སྐབས་དེར་མགོན་པོ་༸གང་ཉིད་མཆོག་གིས་བྱམས་སྙིང་རྗེ་དང་གཞན་ཕན། དེ་བཞིན་འགྲོ་བ་མིའི་གཞི་རྩའི་རིན་ཐང་གོང་སྤེལ་སོགས་ཀྱི་ཐད་ལ་བཀའ་སློབ་ལམ་སྟོན་མཛད་སྐབས་ས་གནས་མི་མང་ཚོས་དོ་སྣང་དང་དགའ་མོས་ཆེན་པོ་གནང་པར་དགའ་བསུ་དང་བསྔགས་བརྗོད་མཛད་བཞིན་ཡོད་ཅེས་བཀའ་སྩལ་འདུག

ལྷག་པར་དུ་མགོན་པོ་༸གང་ཉིད་མཆོག་གིས། སྲིད་འཛིན་ Lula da Silva མཆོག་ནས་མི་མང་དབུལ་པོར་བཀྲེས་ལྟོགས་ཀྱི་སྡུག་བསྔལ་སེལ་རྒྱུའི་མཚོན་པའི་དབུལ་ཕྱུག་གི་ཁྱད་པར་མེད་པ་བཟོ་རྒྱུ་དང་། གོ་ལའི་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་སེལ་ཐབས། དེ་བཞིན་གོ་ལའི་སྣོད་བཅུད་ཆེད་གལ་འགངས་ཧ་ཅང་ཆེ་བའི་ Amazon ཨེ་མེ་ཛོན་ནགས་ཚལ་སྲུང་སྐྱོབ་ཆེད་དུ་ལས་དོན་ཁག་བསྒྲུབ་རྒྱུའི་ཁས་ལེན་དམ་བཅའ་བཞེས་པ་དེར་བསྔགས་བརྗོད་མཛད་པ་དང་སྦྲགས། སྲིད་འཛིན་མཆོག་ལ་སྤྱི་ལོ་གསར་པའི་འཚམས་འདྲི་དང་། ལྷག་པར་དུ་སྲིད་འཛིན་གྱི་ལས་ཡུན་རིང་བྷར་ཛིལ་མི་མང་གི་རེ་བ་དང་མངོན་འདོད་ཁག་བསྒྲུབ་ཐུབ་རྒྱུ་ཙམ་མ་ཟད། འཛམ་གླིང་འདི་བཞིན་སྔར་ལྷག་ཞི་བདེ་དང་ལྡན་པ་ཞིག་བཟོ་རྒྱུའི་ཐད་ནུས་པ་འདོན་ཐུབ་པའི་རེ་བ་དང་ཐུགས་སྨོན་མཛད་བཞིན་ཡོད་ཅེས་བཀའ་སྩལ་འདུགགཞི་རྩའི་དགུང་ལོ་ ༧༧ ལ་སོན་པའི་བྷར་ཛིལ་གྱི་ལས་མི་ཆབ་སྲིད་ཚོགས་པ་ནས་ཡིན་པ་སྐུ་ཞབས་ Luiz Inacio Lula da Silva མཆོག་ནི་ཕྱི་ལོ་ ༡༩༤༥ ལོར་ཡུལ་དེའི་བྱང་ཤར་ Pernambuco ཞེས་པའི་ས་ཁུལ་དུ་འཁྲུངས་ཞིང་། དེ་སྔ་ཁོང་གིས་ཚབ་སྲིད་པ་དེའི་ཚོགས་གཙོ་སོགས་ཀྱི་ལས་གནས་བཞེས་མྱོང་ཡོད་པ་མ་ཟད། ཕྱི་ལོ་ ༢༠༠༣ ནས་ ༢༠༡༠ བར་ཡུལ་དེའི་སྲིད་འཛིན་གྱི་ལས་ཡུན་གཉིས་རིང་བཞེས་ཡོད་པ་དང་། ད་རེས་ཁོང་སླར་ཡང་སྲིད་འཛིན་གྱི་རྒྱལ་ཁ་ཐོབ་སྟེ་ཡུལ་དེའི་སྲིད་འཛིན་རིམ་པ་ ༣༩ པ་དེ་ཆགས་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།