Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག་ལ་མཚན་དམོད་ཞུ་མཁན་དག་ལ་གདོང་ལེན་གྱིས་བྱེད་ཐབས་རྩོམ་རྒྱུ་ཡིན།

Tibetan News Headlines

  • ༸གོང་ས་མཆོག་གིས་སོག་པོའི་དད་ལྡན་པ་རྣམས་ལ་ཉིན་གཉིས་ཀྱི་ཆོས་འབྲེལ་དབུ་འཛུགས།
  • ༸སྐུའི་གཅུང་མོ་ཨ་མ་རྗེ་བཙུན་པདྨ་ལགས་སུ་ Pearl S. Buck ཆེ་བསྟོད་གཟེངས་རྟགས་འབུལ་བཞེས།
  • བཞུགས་སྒར་རྡ་རམ་ས་ལར་བོད་ཀྱི་བེུད་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡༤ པ་དབུ་འཛུགས།
  • རྒྱ་གཞུང་གིས་བོད་དང་ཤིན་ཅང་ནང་སྤེལ་བཞིན་པའི་བྱ་སྤྱོད་ནི་འཆར་གཞི་ལྡན་པའི་མི་རིགས་རྩ་གཏོར་གྱི་སྲིད་བྱུས་ཡིན་པ་ཐེར་འདོན།
  • མོན་གྷོ་འདོད་རྒུ་གླིང་དུ་དྲག་ཆར་རླུང་ཚུབ་བྱུང་ཡང་མི་ཤི་སྐྱོན་ཆག་རིགས་བྱུང་མིན་འདུག

Friday 19/04/2024

  • Dalai Lama begins two-day teaching on ‘Gaden Lhagyama’ to Mongolian devotees
  • Jetsun Pema receives Randolph’s Pearl S. Buck award
  • 14th Tibetan Women Association General Body Meeting begins in Dharamshala
  • China spearheading systematic elimination of civilization and people, says UN expert
  • Mundgod Tibetan settlement hit with severe thunderstorm

བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས་ཡོངས་ཁྱབ་གཞེན་སྐུལ་ཞིག་གི་བརྒྱུད་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་དམོད་ཞུ་རྒྱུའི་ངན་སྤྱོད་རིགས་འཕྲལ་དུ་མཚམས་འཇོག་བྱེད་དགོས་པ་ནན་བརྗོད་དང་། ཅི་སྟེ་དེ་དག་གིས་ད་དུང་མུ་མཐུད་དེ་རིགས་བྱས་ཚེ་དོ་བདག་སུ་ཡིན་ཡང་དེར་གདོང་ལེན་བྱ་རྒྱུའི་བཀའ་ཤག་གི་ལངས་ཕྱོགས་གཞིར་བཟུང་དགོས་ངེས་ཀྱི་བྱེད་ཐབས་རྩོམ་གྱི་ཡིན་ཞེས་སྔོན་བརྡ་བཏང་འདུག

དེའང་ཁ་སང་བཀའ་ཤག་གིས་ཡོངས་ཁྱབ་གཞེན་སྐུལ་ཞིག་སྤེལ་བ་དེའི་་ནང་། གཞིས་ལུས་བོད་མི་རྣམས་ཀྱི་ལ་རྒྱའི་དབུ་འཕང་དགུང་ལ་འདེགས་པའི་སེམས་ཤུགས་ཀྱི་རྒྱབ་རྟེན་དང་བཙན་བྱོལ་བོད་མིའི་སྤྱི་ཚོགས་འདི་འདྲ་འདྲའི་ནང་ནས་མ་འདྲ་བ་ཞིག་ཆགས་ཐུབ་པའི་རྒྱུ་རྐྱེན་གཙོ་བོ་ནི་སྤྱ་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཡང་དག་པའི་དབུ་ཁྲིད་ལམ་སྟོན་ལ་བརྟེན་ནས་ཡིན་པ་དང་མ་འོངས་པར་བོད་མི་ཐུན་མོང་གི་གོམ་པ་མདུན་སྤོ་བྱེད་རྒྱུའི་རྨང་གཞིའང་འདི་ཉིད་ཡིན་པ་འགྲེལ་བརྗོད་དང་སྦྲགས། ང་ཚོས་ཆིག་སྒྲིལ་གྱི་སྟོབས་ཤུགས་འདིའི་དགེ་མཚན་རྣམས་དྲན་ཡུལ་ནས་ཡུད་ཙམ་ཡང་བརྗེད་མེད་སྙིང་བཅངས་དགོས་ངེས་ཡིན་པ་དེ་ལྟར་ཡང་། བློ་ཕྱི་གཏོད་བྱེད་མཁན་རེ་ཟུང་ཞིག་གིས་སྤྱི་ཚོགས་དྲ་ལམ་དུ་གཞི་མེད་དཀྲོག་གཏམ་དང་དཀྲུག་ཤིང་གིས་གཏམ་སྤྱོད་འདྲ་མིན་སྤེལ་བཞིན་པ་མ་ཟད། ཐ་ན་གཞིས་བྱེས་བོད་མི་ཡོངས་ཀྱི་འདི་ཕྱིའི་མགོན་སྐྱབས་དང་མཚོན་རྟགས་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལའང་ཟུར་ཟ་དང་དམའ་འབེབས། མཚན་དམོད་ཀྱི་སྡིག་ལས་ཚབས་ཆེན་རྩོམ་པ་ནི་ཆོས་དང་འཇིག་རྟེན་གཉིས་ཐད་ནས་མ་རུང་བའི་ལས་ཡིན་སྟབས། ངན་སྤྱོད་དེའི་རིགས་འཕྲལ་དུ་མཚམས་འཇོག་དགོས་པར་ནན་བརྗོད་གནང་བ་མ་ཟད། ཅི་སྟེ་དེ་དག་གིས་ད་དུང་མུ་མཐུད་༸གོང་ས་མཆོག་ལ་མཚན་དམོད་དང་སྤྱི་ཚོགས་དཀྲུག་གཞིའི་གཏམ་སྤྱོད་སྤེལ་ཚེ་མགོན་པོ་གང་ཉིད་མཆོག་ལ་མཚན་དམོད་ཞུ་མཁན་གང་ན་སུ་ཡོད་ལ་གདོང་ལེན་བྱ་རྒྱུའི་བཀའ་ཤག་གི་ལངས་ཕྱོགས་གཞིར་བཟུང་དགོས་ངེས་ཀྱི་བྱེད་ཐབས་རྩོམ་གྱི་ཡིན་པས། ཡོལ་རྒྱབ་ཀྱི་ངན་མཚན་བརྟོལ་བའི་རྗེས་འབྲས་རང་ཐོག་ཏུ་ལྷུང་སྐབས་ཀྱི་གནས་སྟངས་ཇི་འབྱུང་སྔོན་ཚོད་ནས་བསམ་ཞིབ་ཐུབ་དགོས་པའི་སྔོན་བརྡ་བཏང་འདུག

བཀའ་ཤག་གི་ཡོངས་ཁྱབ་གཞེན་སྐུལ་དེའི་ནང་ད་དུང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་དམོད་ཞུས་པ་ཙམ་གྱིས་ཁོང་གི་མཚན་སྙན་ལ་གནོད་སྐྱོན་འགྲོ་གཞི་མེད་པ་ཀུན་གསལ་ཡིན་ནའང་། མགོན་པོ་གང་ལ་རེ་བའི་མིག་འབུར་གཏོད་མཁན་གཞིས་བྱེས་བོད་མི་དང་།མགོན་པོ་གང་ལ་དད་དམ་གཡོ་བ་མེད་པའི་རྗེས་འཇུག་པ་རྣམས་ཀྱི་སེམས་ཚོར་ལ་དོ་ཕོག་གཏོང་གི་ཡོད་པ་མ་ཟད།གནས་ཚུལ་རྒྱུས་ལོན་མེད་མཁན་ཚོར་དངོས་དོན་ཇི་བཞིན་རྟོགས་པར་འགོག་རྐྱེན་བཟོ་གི་ཡོད་པ་དང་། བོད་མིའི་གོང་བུའི་ནུས་པ་གཏོར་བཤིག་གཏོང་གི་ཡོད་པས་རྒྱ་ཆེའི་མང་ཚོགས་ཀྱི་ངོས་ནས་དཀྲོག་གཏམ་དང་དཀྲུག་ཤིང་གི་རྗེས་སུ་མི་འབྲངས་པ་དང་། ངན་གཡོའི་སྡིངས་ཆ་ཡ་མེད་དུ་འཇོག་སླད། གཞི་མེད་གཏམ་འཆལ་དེ་ རིགས་ལ་ལྟ་ཉན་མི་བྱེད་པ་དང་། བརྒྱུད་བསྐུར་དེ་བས་ཀྱང་མི་བྱེད་པའི་ཆོད་སེམས་བཅངས་དགོས་པསི་ལམ་སྟོན་དང་། ་འཛིན་སྐྱོང་དང་འབྲེལ་བའི་དྲི་བ་དང་བློ་དོགས་རྣམས་བོད་མིའི་སྒྲིག་འཛུགས་ལ་ཐད་ཀར་འབྲེལ་གཏུགས་གནང་གལ་ཡིན་པའི་གཞེན་བསྐུལ་གནང་འདུག

འདི་ག་རླུང་འཕྲིན་ཁང་གིས་བཀའ་དྲུང་ཚེ་རྒྱལ་ལགས་སུ་ད་རེས་ཀྱི་ཡོངས་ཁྱབ་གཞེན་བསྐུལ་དེ་རྒྱུ་མཚན་གང་ལ་བརྟེན་ནས་སྤེལ་དགོས་བྱུང་བ་སོགས་ཀྱི་་བཀའ་འདྲི་ཁག་ཅིག་ཞུས་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།