Tibetan Royal Year of 2151 | Year of the Wood Dragon

༸རྒྱལ་བའི་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐད་རྒྱ་ནག་ལ་ཐེ་གཏོགས་བྱ་དབང་མེད་པར་མངོན་གསལ།

Tibetan News Headlines

  • ༸གོང་ས་མཆོག་གིས་ཧིན་དྷུའི་བླ་ཆེན་དགོངས་པ་རྗོགས་པར་ཐུགས་གསོའི་གསུང་འཕྲིན་སྩལ་འདུག
  • མགོན་པོ་སྐྱིད་ལགས་ཀྱིས་ཉེན་རྟོག་པས་ཁོང་ལ་སྡུག་སྦྱོང་བཏང་བའི་སྐོར་ཁྲིམས་ཁང་ལ་ཞུ་གཏུག་བྱས་འདུག
  • དྭང་བླངས་དཔྱ་དངུལ་ལག་དེབ་ཆག་ཡང་དང་འབུལ་ཚེའི་དུས་བཀག་ཕར་འགྱང་གནང་སོང་།
  • ནང་སྲིད་ལས་ཁུངས་དང་སྦྲགས་ལྷན་ཁང་ཁག་གི་སྔོན་རྩིས་གཏན་འབེབས་དང་བགྲོ་གླེང་ལས་རིམ་གྲུབ་སོང་།
  • ཁྲིམས་ཞིབ་པའི་འོས་ཆོས་ལྡན་པའི་མི་འགྲོ་འཚོལ་རྒྱུ་ཁག་པོ་མ་གཏོགས་གཞན་དཀའ་ངལ་མེད་པ་གསུངས་སོང་།
  • དབྱིན་ཡུལ་གྱི་གྲོང་སྡེ་གཉིས་ལ་ Hikvision བརྙན་མིག་སྤྱོད་རྒྱུ་མཚམས་འཇོག་དགོས་པའི་ཞུ་སྐུལ་གནང་འདུག

Thursday 28/03/2024

  • Dalai Lama expresses ‘sadness’ and offers ‘condolences’ on the passing away of Swami Smaranananda Maharaj
  • Gonmo Kyi sues China’s police over ‘repressive censorship and vigilant supervision’
  • Parliament extends Chatrel exemption period by six months
  • House discusses budget allocation for DoH for the fiscal year 2024-25
  • MPs express concern over challenges in finding nominees for Justice Commissioners
  • Review into Harborough and Lutterworth CCTV cameras after concerns made by company with links to Chinese government Now

རྒྱ་ནག་དམར་ཤོག་གཞུང་གིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་དོན་ཐད་བདག་དབང་ཤུགས་ཆེ་རྩོད་བཞིན་པའི་ཁྲོད་འདིར་འཇར་མ་ནིའི་ཕྱི་སྲིད་ལས་ཁུངས་ཀྱི་ངོས་ནས་ཆོས་ལུགས་ཀྱི་ཚོགས་སྡེ་ཁག་ལ་རང་ཉིད་ཀྱི་ཆོས་ཕྱོགས་ཀྱི་ལས་དོན་ལ་རང་སྐྱོང་གི་དབང་ཚད་ཡོད་པའི་ཐོག་ནས་ཐག་གཅོད་གནང་རྒྱུའི་འགན་དབང་ཆ་ཚང་ཡོད་པ་དང་དེའི་ཐོག་རང་ཉིད་ཀྱི་ཆོས་ཕྱོགས་ཀྱི་དབུ་ཁྲིད་རྣམས་བདམ་རྒྱུའི་འགན་དབང་ཡང་ཚུད་ཡོད་པར་གསུངས་འདུག ༸རྒྱལ་བའི་ཡང་སྲིད་ཀྱི་གནད་དོན་དང་འབྲེལ་བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས་བོད་ཀྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་གྱི་ལམ་སྲོལ་དང་ལྷག་པར་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་གནད་དོན་ཐད་དོན་ཚན་དྲུག་ཅན་གྱི་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་ཏེ་༸རྒྱལ་བའི་ཡང་སྲིད་དང་འབྲེལ་བའི་གནང་སྒོ་མཐའ་དག་༸རྒྱལ་བ་རིན་པོ་ཆེ་༸གང་ཉིད་མཆོག་གིས་ཐུགས་ཐག་གཅོད་གནང་མཛད་རྒྱུ་ལས་གཞན་གཞུང་སྒེར་སུ་ལའང་ཐེ་བྱུས་བྱེད་པའི་དབང་ཚད་མེད་ཅེས་གསུངས་ཡོད་པ་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་ནག་དམར་ཤོག་ཚོགས་པས་ཆོས་ཁས་ལེན་གྱི་མེད་པའི་ཁར་སྐྱེ་བ་སྔ་ཕྱི་སོགས་ཀྱི་རྣམ་གཞག་ཁས་ལེན་བྱེད་ཀྱི་མེད་སྟབས། དེ་ལྟ་བུའི་སྲིད་གཞུང་ཞིག་གི་ངོས་ནས་༸རྒྱལ་བའི་ཡང་སྲིད་ལ་དབང་ཆ་ཡོད་ཟེར་བ་དེ་ནང་འགལ་ཆེན་པོ་ཞིག་ཡིན་པ་གསུངས་ཡོད།རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འཇར་མ་ནིའི་ལས་ཁུངས་ཀྱི་འགན་འཛིན་སྐུ་ཞབས་ Kai Müller ལགས་སུ་བཅར་འདྲི་ཞུས་པ་ལྟར་ཁོང་གིས་རྒྱ་ནག་དམར་ཤོག་ཚོགས་པས་ཕྱི་ལོ་ ༢༠༠༧ ལོར་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་དོ་དམ་བྱེད་ཐབས་ཞེས་པའི་ཁྲིམས་སྲོལ་གཏན་འབེབས་བརྒྱུད་ནས་༸རྒྱལ་བའི་ཡང་སྲིད་ལ་རྒྱ་དམར་གྱི་ཕྱོགས་གཏོགས་མི་སྣ་ཞིག་བསྐོ་གཞག་བྱེད་རྒྱུའི་འཆར་གཞི་ཡོད་སྐོར་གསུངས་པ་དང་འབྲེལ། ༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ཀྱི་གནད་དོན་དང་འབྲེལ་ནས་རྒྱ་ནག་གིས་བསྐོ་གཞག་བྱས་པའི་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་དེར་བོད་མིས་ངོ་ལེན་གནང་གི་མེད་པ་ལྟར་མ་འོངས་པར་རྒྱ་དམར་ནས་ངོས་འཛིན་བྱས་པའི་༸རྒྱལ་བའི་ཡང་སྲིད་ལའང་གནས་སྟངས་དེ་ལྟར་ཆགས་ངེས་ཡིན་པ་གསུངས་འདུག ༸སྐུ་པར་བདག་དབང་༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་།

འབྲེལ་ཡོད་གསར་གནས།

གསར་གནས།