Tibetan Royal Year of 2151 | Year of the Wood Dragon

༸སྐྱབས་རྗེ་ཀུན་བདེ་གླིང་རིན་པོ་ཆེས་ཐུགས་ཚོར་ཆེན་པོས་བོད་མི་ཚོ་མཐུན་སྒྲིལ་གནང་དགོས་ཞེས་གཞེན་སྐུལ་ནན་པོ་གནང་འདུག

Tibetan News Headlines

  • 14th General body meeting of TWA concludes with Tsering Dolma as the new President
  • Abbot of Tashi Lhunpo urges active support on Panchen Lama issue ahead of rinpoche’s35th birthday
  • Dalai Lama grants audience to members of Indian journalist fraternity
  • Long time president of SOS Children’s village Helmut Kutin passes away at 82
  • US Senate passes bill to force sale of TikTok, sending it to Biden
  • Launch of Shivdham Kailash Mansarovar Tibet freedom association marks global initiative for religious freedom

རེས་གཟའ་ལྷག་པ། ༢༠༢༤།༠༤།༢༤

  • བུད་མེད་ལྷན་ཚོགས་སྐབས་ ༡༤ པའི་དབུས་སྤྱི་ཁྱབ་རྒྱུན་ལས་གསར་བསྐོ་དང་འབྲེལ་ཚོགས་ཆེན་ཐེངས་ ༡༤ པ་མཇུག་སྒྲིལ།
  • ༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་གནད་དོན་ཐོག་མི་མང་ནས་གོ་རྟོགས་ཀྱི་ལས་འགུལ་སྤེལ་གནང་ཡོང་བའི་སྐུལ་འདེབས།
  • འཛམ་གླིང་གི་ཡང་དག་པའི་བསམ་བློ་བ་ཕལ་མོ་ཆེས་སྐུའི་ཡང་སྲིད་ཀྱི་སྐུ་དབང་༸གོང་ས་མཆོག་༸གང་ཉིད་ལ་ཡོད་པ་ངོས་འཛིན་གནང་འདུག
  • རྒྱལ་སྤྱིའི་ SOS བུ་ཕྲུག་ཁྱིམ་སྡེའི་ཚོགས་གཙོ་ཟུར་པ་ Helmut Kutin མཆོག་འདས་གྲོངས་སུ་གྱུར་འདུག
  • རྒྱ་ནག་གི་ཊིག་ཊོག་མཉེན་ཆས་བཀག་སྡོམ་དང་འབྲེལ་བའི་ཁྲིམས་འཆར་ལ་གྲོས་ཚོགས་གོང་མའི་རྒྱབ་སྐྱོར་ཐོབ་འདུག
  • གངས་རིན་པོ་ཆེའི་གནས་མཆོག་དེ་ཉིད་རྒྱའི་དབང་སྒྱུར་ནས་བཅིངས་གྲོལ་ཐུབ་ཆེད་ཚོགས་པ་གསར་འཛུགས།

ཁ་སང་ཕྱི་ལོ་ ༢༠༢༣ ཟླ་ ༣ ཚེས་ ༥ སྟེ་བོད་ཟླ་དང་པོ་ཆོ་འཕྲུལ་ཟླ་བའི་དུས་ཁྱད་དང་བསྟུན་༸སྐྱབས་རྗེ་ཀུན་བདེ་གླིང་རིན་པོ་ཆེ་མཆོག་གིས་ཨ་རི་ནིའུ་ཡོག་ཏུ་ཉིན་གྲངས་བཞིའི་རིང་སྐྱེས་རབས་དང་སྒྲོལ་དཀར་གྱི་བཀའ་ཆོས་སྩལ་བ་དང་སྦྲགས་ཏེ། བཀའ་ཆོས་ཀྱི་ཉིན་གཉིས་པའི་ཐོག་མང་ཚོགས་ལ་ལམ་སྟོན་སྩལ་ སྐབས་བོད་ཀྱི་ཡ་ངའི་གནས་སྟངས་ལ་དྲན་གསོ་གནང་བ་དང་སྦྲགས་གཞིས་ལུས་རྒྱ་ཆེ་མང་ཚོགས་ཚོས་རྒྱ་ནག་གི་བཙན་གནོན་འོག་སྲོག་ཉེན་ལ་ལྟོས་མེད་ང་ཚོ་བཙན་བྱོལ་རང་དབང་ལུང་པར་ཡོད་པའི་བོད་མི་རྣབམས་ལ་༸གོང་ས་མཆོག་གི་བཀའ་དགོངས་ཇི་བཞིན་སྒྲུབ་རྒྱུ་དང་བོད་ཀྱི་ཆོས་རིག་འཛིན་སྐྱོང་སྤེལ་གསུམ་གནང་བར་སྙིང་ཁོང་རུས་པའི་གཏིང་ནས་ཡིད་ཆེས་གནང་གི་ཡོད་སྟབས། བོད་མི་ཚོས་ངེས་པར་དུ་ད་ལྟའི་བོད་དང་མི་རབས་འདིའི་གནས་སྟངས་ཇི་ཆགས་ལ་དགོངས་པ་རྒྱ་ཆེར་བཞེས་ཏེ་མཐུན་སྒྲིལ་གནང་དགོས་ཞེས་ཐུགས་ཚོར་དྲག་པོས་གཞེན་སྐུལ་ནན་པོ་གནང་འདུག

 དེའང་ཟླ་བ་འདིའི་ཕྱི་ཚེས་ ༤ ནས་ ༧ བར་ཁྱོན་ཉིན་གྲངས་བཞིའི་རིང་ཨ་རིའི་ནིའུ་ཡོག་ཏུ་ཆོ་འཕྲུལ་ཟླ་བའི་དུས་ཁྱད་དང་བསྟུན་༸སྐྱབས་རྗེ་ཀུན་བདེ་གླིང་རིན་པོ་ཆེ་མཆོག་གིས་སྐྱེས་རབས་དང་སྒྲོལ་དཀར་གྱི་བཀའ་ཆོས་སྩོལ་བཞིན་ཡོད་པ་ལྟར་བཀའ་ཆོས་ཀྱི་ཉིན་གཉིས་པའི་ཐོག་དད་ལྡན་མང་ཚོགས་རྣམས་བཀའ་སློབ་སྩལ་སྐབས་ཐོག་མར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་ང་ཚོ་བོད་མི་རྣམས་ལ་ཆེས་བཀའ་དྲིན་ཆེན་པོ་ཡིན་པ་དང་། ང་ཚོ་གཞིས་བྱེས་གཉིས་སུ་བཞུགས་པའི་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱི་ངོས་ནས་མགོན་པོ་༸གང་ཉིད་མཆོག་ལ་དད་ཞེན་གཡོ་བ་མེད་པ་ཡོད་པར་མ་ཟད་༸སྐུ་ཚེ་༸ཞབས་པད་བརྟན་པ་དང་བོད་གངས་ཅན་ལྗོངས་སུ་གང་མྱུར་༸ཞབས་སོར་བདེ་བར་འཁོད་ཐབས་སུ་བསྔོ་བ་སྨོན་ལམ་ཞུས་དང་ཞུ་བཞིན་ཡོད་པ་ལ་ཡི་རངས་དང་། བླ་མའི་༸སྐུ་ཚེ་བརྟན་པ་དང་མཛད་འཕྲིན་རྒྱས་པར་གཙོ་བོ་བཀའ་བཞིན་སྒྲུབ་རྒྱུ་དེ་གནད་ཀྱི་སྙིང་པོ་ཆགས་ཡོད་སྟབས་དུས་ནས་དུས་སུ་༸གོང་ས་མཆོག་གིས་མི་བཟང་པོ་ཞིག་བྱེད་དགོས་པར་བཀའ་སྩལ་ཕེབས་དོན་ལྟར་འཆམ་མཐུན་གནང་དགོས་ཞེས་བཀའ་གནང་འདུག

ཀུན་བདེ་གླིང་སྟག་ཙག་རྗེ་དྲུང་རིན་པོ་ཆེ་མཆོག་གིས་བོད་ཀྱི་ལོ་རྒྱུས་ལ་ཕྱིར་མིག་ཞིག་བལྟས་ཚེ་བོད་གངས་ཅན་པ་དེ་སྟོབས་འབྱོར་ཧ་ཅང་རྒྱས་པོ་ཞིག་བྱུང་ཡོད་ཀྱང་། ནང་ཕན་ཚུན་འཆམ་མཐུན་མ་བྱུང་བའི་དབང་གིས་གཞིས་བྱེས་གཉིས་སུ་གྱེས་པའི་ཆེས་ཡ་ངའི་གནས་སྟངས་བྱུང་བར་དྲན་གསོ་གནང་བ་དང་འབྲེལ་ཏེ། ༸གོང་ས་མཆོག་གིས་ང་ཚོར་ཐུགས་རེ་ཞེ་དྲག་གནང་གི་ཡོད་པ་རེད་ལ། རྒྱ་ནག་དམར་པོའི་བཙན་དབང་འོག་བོད་དེ་ཤོར་ནས་མི་ལོ་ ༦༣ འགྲོ་ཡོད་ཀྱང་རྒྱ་ནག་གིས་ཡ་ང་སྙིང་རྗེ་མེད་པར་བཙན་གནོན་བྱས་དང་བྱེད་མུས་ཡིན་སྟབས་བོད་མི་ཚོས་ངེས་པར་དུ་ད་ལྟའི་བོད་དང་མི་རབས་འདིའི་གནས་སྟངས་ཇི་ཆགས་ལ་དགོངས་པ་རྒྱ་ཆེར་བཞེས་ཏེ་མཐུན་སྒྲིལ་གནང་དགོས་ཞེས་ཐུགས་ཚོར་ཆེན་པོས་གཞེན་སྐུལ་ནན་པོ་གནང་འདུག

རིན་པོ་ཆེ་མཆོག་གིས་ད་དུང་གཞིས་ལུས་རྒྱ་ཆེ་མང་ཚོགས་ཀྱི་ངོས་ནས་བོད་ཀྱི་ཆོས་རིག་དང་ཁོར་ཡུག་བཅས་དང་འབྲེལ་བའི་བཀའ་མོལ་གནང་བར་ནག་ཉེས་སུ་ངོས་འཛིན་པར་མ་ཟད། ༸རྒྱལ་བ་ཡིད་བཞིན་ནོར་བུར་དད་གུས་དང་༸སྐུ་པར་བཤམས་པ། བཀའ་སློབ་ཉན་པ་ལ་སོགས་པ་གནང་ཚེ་སྲོག་ཉེན་གྱི་ངལ་བ་ཇི་སྙེད་ཅིག་འཕྲད་བཞིན་ཡོད་པར་ལྟོས་མེད་གཞིས་ལུས་རྒྱ་ཆེ་མང་ཚོགས་ཚོས་ང་ཚོ་བཙན་བྱོལ་རང་དབང་ལུང་པར་ཡོད་པའི་བོད་མི་རྣབམས་ལ་༸གོང་ས་མཆོག་གི་བཀའ་དགོངས་ཇི་བཞིན་སྒྲུབ་རྒྱུ་དང་བོད་ཀྱི་ཆོས་རིག་འཛིན་སྐྱོང་སྤེལ་གསུམ་གནང་བར་སྙིང་ཁོང་རུས་པའི་གཏིང་ནས་ཡིད་ཆེས་གནང་གི་ཡོད་པས། ད་བར་བཙན་བྱོལ་དུ་བཞུགས་པའི་བོད་མི་ཚོས་བོད་སྤྱིའི་བདེ་དོན་ལ་དགོངས་བཞེས་གང་ཐུབ་གནང་ཡོད་པ་དེ་སླད་མར་མ་ཉམས་པར་ཆིག་སྒྲིག་གི་ཐོག་ནས་གནང་དགོས་ཞེས་བཀའ་གནང་འདུག

གཞན་ཡང་རིན་པོ་ཆེ་མཆོག་གིས་ང་ཚོ་བླ་མ་གཅིག་གི་གདུལ་བྱ་ཡིན་པ་དང་༸གོང་ས་མཆོག་བོད་ལུགས་ལ་དགུང་གྲངས་ ༩༠ བདག་གིར་བཞེས་ཉེ་ཡོད་སྟབས་འཛམ་གླིང་སྤྱི་དང་སྒོས་སུ་བོད་གངས་ཅན་པའི་བདེ་དོན་ལ་དགོངས་པ་ཆེ་བཞེས་ཀྱིས་སྐུ་ངལ་འཛེམས་ཀྱིས་མཛད་པ་བསྐྱངས་དང་སྐྱོང་བཞིན་ཡོད་པ་རེད། ང་རང་ཚོས་སོ་སོའི་རྨོངས་ཞེན་དུ་སོང་བའི་བསམ་ཚུལ་ཙམ་གྱི་རྗེས་སུ་མི་འགྲོ་བར་འཆམ་མཐུན་དང་ཆིག་སྒྲིལ་གནང་རོགས་ཞེས་རེ་སྐུལ་གནང་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།