Tibetan Royal Year of 2151 | Year of the Wood Dragon

ཨ་རིའི་གྲོས་ཚོགས་གོང་འོག་ནང་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་བསྐྱར་བཏོན་གནང་བ།

Tibetan News Headlines

  • 14th General body meeting of TWA concludes with Tsering Dolma as the new President
  • Abbot of Tashi Lhunpo urges active support on Panchen Lama issue ahead of rinpoche’s35th birthday
  • Dalai Lama grants audience to members of Indian journalist fraternity
  • Long time president of SOS Children’s village Helmut Kutin passes away at 82
  • US Senate passes bill to force sale of TikTok, sending it to Biden
  • Launch of Shivdham Kailash Mansarovar Tibet freedom association marks global initiative for religious freedom

རེས་གཟའ་ལྷག་པ། ༢༠༢༤།༠༤།༢༤

  • བུད་མེད་ལྷན་ཚོགས་སྐབས་ ༡༤ པའི་དབུས་སྤྱི་ཁྱབ་རྒྱུན་ལས་གསར་བསྐོ་དང་འབྲེལ་ཚོགས་ཆེན་ཐེངས་ ༡༤ པ་མཇུག་སྒྲིལ།
  • ༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་གནད་དོན་ཐོག་མི་མང་ནས་གོ་རྟོགས་ཀྱི་ལས་འགུལ་སྤེལ་གནང་ཡོང་བའི་སྐུལ་འདེབས།
  • འཛམ་གླིང་གི་ཡང་དག་པའི་བསམ་བློ་བ་ཕལ་མོ་ཆེས་སྐུའི་ཡང་སྲིད་ཀྱི་སྐུ་དབང་༸གོང་ས་མཆོག་༸གང་ཉིད་ལ་ཡོད་པ་ངོས་འཛིན་གནང་འདུག
  • རྒྱལ་སྤྱིའི་ SOS བུ་ཕྲུག་ཁྱིམ་སྡེའི་ཚོགས་གཙོ་ཟུར་པ་ Helmut Kutin མཆོག་འདས་གྲོངས་སུ་གྱུར་འདུག
  • རྒྱ་ནག་གི་ཊིག་ཊོག་མཉེན་ཆས་བཀག་སྡོམ་དང་འབྲེལ་བའི་ཁྲིམས་འཆར་ལ་གྲོས་ཚོགས་གོང་མའི་རྒྱབ་སྐྱོར་ཐོབ་འདུག
  • གངས་རིན་པོ་ཆེའི་གནས་མཆོག་དེ་ཉིད་རྒྱའི་དབང་སྒྱུར་ནས་བཅིངས་གྲོལ་ཐུབ་ཆེད་ཚོགས་པ་གསར་འཛུགས།

ཨ་རིའི་རྒྱལ་ས་ Washington DC ནང་སྐབས་ ༡༡༨ པའི་ཨ་རིའི་གྲོས་ཚོགས་གསར་པའི་ཚོགས་དུས་ཀྱི་ལས་རིམ་འཚོགས་བཞིན་པའི་དུས་སྐབས་འདིར་ཡུལ་དེའི་ཆབ་སྲིད་ཚོགས་པ་གཉིས་ཀ་ལས་གྲུབ་པའི་གྲོས་ཚོགས་འཐུས་མི་ཁག་ཅིག་ནས་ Promoting a Resolution to the Tibet-China Conflict Act ཞེས་པའི་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་དེ་གྲོས་ཚོགས་གོང་འོག་གཉིས་ཀའི་ནང་བསྐྱར་དུ་ཆེད་བཏོན་གནང་འདུགཁ་སང་ཕྱི་ཚེས་ ༨ ཉིན་ཨ་རིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ Michael McCaul ལགས་དང་། ཡུན་རིང་ནས་བོད་དོན་རྒྱབ་སྐྱོར་གནང་མཁན་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ JimMcgovern ལགས་གཉིས་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་དེ་གྲོས་ཚོགས་འོག་མའི་ནང་བསྐྱར་དུ་ཆེད་བཏོན་གནང་ཡོད་པ་དང་། སྐབས་དེར་སྐུ་ཞབས་ Michael McCaul ལགས་ནས་རྒྱ་ནག་དམར་ཤོག་གཞུང་གིས་བོད་མི་རྣམས་ལ་མུ་མཐུད་བཙན་གནོན་དང་། ལྟ་སྲུང་དང་དམ་བསྒྲགས་སོགས་ཐབས་བྱུས་སྣ་ཚོགས་ཐོག་ནས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལོངས་སུ་སྤྱོད་མཁན་གྱི་བོད་མི་རྣམས་གང་བྱུང་འཛིན་བཟུང་བཀག་ཉར་དང་བཙོན་འཇུག་སོགས་ཀྱི་ཁྲིམས་ཐག་བཅད་བཞིན་པ་སོགས་འགྲེལ་བརྗོད་དང་སྦྲགས། ད་རེས་གྲོས་ཚོགས་ནང་རྒྱ་ནག་གཞུང་གིས་བོད་བཙན་བཟུང་བྱས་པའི་གནས་སྟངས་དེ་ཁྲིམས་མཐུན་ཡིན་སྐོར་བཤད་བཞིན་པ་དེ་ལ་ངོས་ལེན་མེད་པ་སོགས་འཁོད་པའི་ཁྲིམས་འཆར་དེ་བསྐྱར་དུ་ཆེད་འདོན་ཞུ་རྒྱུའི་གོ་སྐབས་བྱུང་བར་སྤོབས་པ་ཆེན་པོ་ཡོད་ཅེས་གསུངས་འདུག

སྐུ་ཞབས་ JimMcgovern ལགས་ནས་ད་བར་རྒྱ་ནག་གཞུང་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ངོས་ནས་བོད་མིའི་རང་ཐག་རང་གཅོད་གཙོས་པའི་རྒྱལ་སྤྱིའི་ཁྲིམས་ལུགས་རང་དབང་ནང་གསལ་གཞི་རྩའི་རང་དབང་དང་ཐོབ་ཐང་ཁག་ལ་བརྩི་བཀུར་ཞུས་མེད་པ་སོགས་འགྲེལ་བརྗོད་དང་སྦྲགས། ད་རེས་ཆབ་སྲིད་ཚོགས་པ་ཐུན་མོང་གིས་ཆེད་བཏོན་གནང་པའི་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་འདིས་བོད་རྒྱའི་དཀའ་རྙོག་འདི་བཞིན་གྲོས་མོལ་གྱི་ལམ་ནས་སེལ་ཐབས་སུ་ནུས་པ་ཞིག་འཐོན་ངེས་ཡིན་པ་སོགས་གསུངས་འདུགགཞི་རྩའི་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་འདི་འདས་ལོའི་ཕྱི་ཟླ་ ༧ དང་། ༡༢ སོ་སོའི་ནང་གྲོས་ཚོགས་གོང་འོག་གཉིས་སུ་ཆེད་བཏོན་གནང་ཡོད་ཀྱང་། སྔ་ལོའི་ལོ་མཇུག་ཏུ་ཨ་རིའི་གྲོས་ཚོགས་ཀྱི་བར་མའི་འོས་བསྡུ་དང་སྦྲགས། གྲོས་ཚོགས་སྐབས་ ༡༡༨ པའི་ལས་དོན་དབུ་འཛུགས་གནང་ཡོད་སྟབས་ཁྲིམས་འཆར་དེ་ད་རེས་བསྐྱར་དུ་ཆེད་བཏོན་གནང་བ་ཞིག་ཆགས་ཀྱི་ཡོད་པ་རེད། ཁ་སང་ཁྲིམས་འཆར་དེ་གྲོས་ཚོགས་གོང་མའི་ནང་ཆེད་འདོན་གནང་མཁན་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ Jeff Merkley ལགས་ནས། ཁྲིམས་འཆར་འདིས་ཨ་རི་གཞུང་གི་ངོས་ནས་བོད་རྒྱའི་དཀའ་རྙོག་འདི་དུས་ད་ལྟའང་སེལ་མེད་པའི་གནས་དོན་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད་ཅེས་རྒྱ་ནག་གཞུང་ལ་བརྡ་ལན་གསལ་པོ་ཆགས་རྒྱུ་ཙམ་མ་ཟད། རྒྱ་ནག་གཞུང་ནས་བོད་མིའི་མངོན་འདོད་དང་མཐུན་པའི་ཐོག་ནས་བོད་རྒྱའི་དཀའ་རྙོག་སེལ་རྒྱུའི་ཐོག་ངེས་པར་དུ་གོམ་པ་སྤོ་དགོས་པ་གསུངས་འདུག

མ་ཟད་ཁྲིམས་འཆར་དེ་ལ་རྒྱབ་སྐྱོར་གནང་མཁན་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ Todd Young ལགས་ནས་རྒྱ་ནག་གཞུང་གིས་བོད་མིར་གཉའ་གནོན་དང་བོད་ཀྱི་གནས་བབ་ཐོག་ལ་འགྲེལ་འོག་བྱེད་བཞིན་པ་དེ་དག་དོན་དངོས་ཐོག་རྒྱ་ནག་རང་ཉིད་ལ་གནོད་པའི་བྱ་བ་ཞིག་ཆགས་ཀྱི་ཡོད་པ་འགྲེལ་བརྗོད་དང་སྦྲགས། ཁྲིམས་འཆར་འདིས་ཨ་རིའི་ངོས་ནས་རྒྱ་ནག་གཞུང་གིས་ད་ལྟའི་བོད་ཀྱི་གནས་བབ་ཐོག་བཤད་བཞིན་པའི་འགྲེལ་བརྗོད་དེ་ལ་ངོས་ལེན་མེད་པ་གསལ་པོ་ཆགས་ཀྱི་ཡོད་ཅེས་གསུངས་འདུག

རྩ་བའི་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་དེའི་ནང་རྒྱལ་སྤྱིའི་ཁྲིམས་ཐོག་ནས་བོད་ཀྱི་གནད་དོན་འདི་དུས་ད་ལྟའང་ཐག་གཅོད་མ་ཟིན་པའི་གནད་དོན་ཞིག་ཡིན་པ་དང་། བོད་མི་རྣམས་ལ་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཡོད་པར་ངོས་འཛིན། དེ་བཞིན་༸གོང་ས་མཆོག་གམ་མགོན་པོ་༸གང་ཉིད་མཆོག་གི་སྐུ་ཚབ་དང་ལྷན་དུ་གྲོས་མོལ་བསྐྱར་གསོ་མ་གནང་བ་དེ་རྒྱ་ནག་གི་ནོར་འཁྲུལ་ཞིག་ཡིན་པ་དང་། རྒྱ་ནག་གི་ལོ་རྒྱུས་ཁྲོད་བོད་ཐོག་བདག་དབང་ཡོད་སྐོར་བརྗོད་བཞིན་པ་དེ་འཁྱོག་བཤད་འབའ་ཞིག་ཡིན་པ་སོགས་འཁོད་ཡོད་པ་མ་ཟད། ད་རེས་ཁྲིམས་འཆར་དེ་གྲོས་ཚོགས་གོང་འོག་གཉིས་སུ་ཆེད་འདོན་གནང་སྐབས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཨ་རིའི་ནང་གཞུང་འབྲེལ་འཚམས་གཟིགས་དང་སྦྲགས། ཁྲིམས་འཆར་འདོན་སྤེལ་གནང་མཁན་གྱི་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་གཙོས་པའི་གྲོས་ཚོགས་འཐུས་མི་གཞན་མི་ཉུང་བ་ཞིག་དང་དངོས་སུ་ཐུག་འཕྲད་ཀྱིས་ཁྲིམས་འཆར་དེ་གཏན་འབེབས་ཐུབ་རྒྱུས་གཙོས་པའི་བོད་ཀྱི་གནད་དོན་སྤྱི་ཡོངས་ཐོག་མུ་མཐུད་རྒྱབ་སྐྱོར་གནང་སྐྱོང་ཡོང་བ་སོགས་ཀྱི་ཞུ་སྐུལ་གནང་ཡོད་པ་རེད།

 

འབྲེལ་ཡོད་གསར་གནས།

གསར་གནས།