Tibetan Royal Year of 2151 | Year of the Wood Dragon

ཁེ་ན་ཌའི་ཨོན་ཊ་རོ་མངའ་སྡེའི་གྲོས་ཚོགས་སུ་ཆབ་སྲིད་བཙོན་ཟུར་དོན་གྲུབ་དབང་ཆེན་ལགས་ལ་དགའ་བསུ་ཞུས་པ།

Tibetan News Headlines

  • བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་བཟང་ཕྱོགས་ཀྱི་འགྱུར་བ་གང་ཡང་མངོན་རྒྱུ་མེད་པ་མངོན་གསལ།
  • མགོན་པོ་སྐྱིད་ལགས་ཀྱིས་མུ་མཐུད་རྡོ་རྗེ་བཀྲིས་ཆེད་ཞུ་འབོད་གནང་བར་རྒྱ་གཞུང་ཉེན་རྟོག་པས་གཅར་རྡུང་།
  • རྒྱ་གཞུང་གིས་ཏོག་དབྱིབས་གཉན་རིམས་གྱི་འབྱུང་ཁུངས་རྩད་གཅོད་ཀྱི་ལས་དོན་ལ་ད་ལྟའང་འགོག་རྐྱེན་བཟོ་བཞིན་པ་མངོན་གསལ།
  • ཁ་སང་བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༧ པ་མཇུག་སྒྲིལ་སོང་།
  • རྒྱལ་སྲས་དད་པ་བརྟན་པའི་ལྷ་གཞུང་ངོ་སྤྲོད།
  • འཇར་མ་ནི་ནང་རྒྱ་ནག་ཆེད་དུ་གསང་ཉུལ་བྱས་པའི་དོགས་གཞི་འོག་མི་སྣ་ཁག་གཅིག་འཛིན་བཟུང་བྱས་འདུག

Tuesday 23/04/2024

  • No significant changes in the rights situation in Tibet: US report
  • Blinken must raise Tibet, Panchen Lama on China trip: Tibet advocacy group
  • Chinese authorities assaults Gonpo Kyi ; phone broken amid call for brother’s fair retrial
  • China froze Covid -19 origin tracing; pattern continues to this day: AP investigation
  • 27th Shoton festival ends with a call from Sikyong to intensify efforts to preserve Opera tradition
  • Introduction to Opera ‘Prince Dhepa Tenpa’
  • Germany and Britain detain suspected Chinese spies

ཕྱི་ཟླ་ ༣ ཚེས་ ༡༡ ཉིན་ཁེ་ན་ཌ་ Ontario མངའ་སྡེའི་གྲོས་ཚོགས་སུ་གྲོས་ཚོགས་འཐུས་མི་བུ་འཁྲིད་དཀར་པོ་ཆེ་ལགས་ཀྱིས་བོད་མིའི་ཆབ་སྲིད་བཙོན་ཟུར་དོན་གྲུབ་དབང་ཆེན་ལགས་གདན་ཞུ་གནང་བ་ལྟར་གྲོས་ཚོགས་འཐུས་མི་ཡོངས་ཀྱིས་ཁོང་ལ་དགའ་བསུ་ཞུས་འདུག

གྲོས་ཚོགས་འཐུས་མི་བུ་འཁྲིད་དཀར་པོ་ཆེ་ལགས་ཀྱིས་འཇིགས་བྲལ་གློག་བརྙན་བཟོ་སྐྲུན་གནང་བའི་རྐྱེན་གྱིས་རྒྱ་གཞུ་གི་བཙོན་ཁང་ནང་ལོ་ངོ་དྲུག་རིང་བཙོན་འཇུག་གི་ཁྲིམས་ཆད་ཕོག་མྱོང་ཡོད་པ་དོན་གྲུབ་དབང་ཆེན་ལགས་མངའ་སྡེའི་གྲོས་ཚོགས་སུ་གདན་ཞུ་གནང་སྟེ་གྲོས་ཚོགས་འཐུས་མི་རྣམ་པས་ཁོང་ལ་དགྱེས་ཚོར་ཆེན་པོ་དགའ་བསུ་ཞུས་པའི་བརྙན་ཐུང་ཞིག་སྤྱི་ཚོགས་དྲྭ་ལམ་ཐོག་བརྒྱུད་སྤེལ་གནང་འདུག 

བརྙན་ཐུང་ནང་བུ་འཁྲིད་དཀར་པོ་ཆེ་ལགས་ཀྱིས་དེ་རིང་གྲོས་ཚོགས་སུ་དོན་གྲུབ་དབང་ཆེན་ལགས་གདན་ཞུ་གནང་ཐུབ་པར་དགའ་ཚོར་ཆེན་པོ་བྱུང་ཞེས་གསུངས་པ་དང་སྦྲགས། ཁོང་ནི་འཇིགས་བྲལ་གློག་བརྙན་ཞེས་པ་ཞིག་བཟོ་སྐྲུན་གནང་བའི་རྐྱེན་གྱིས་ལོ་ངོ་དྲུག་རིང་རྒྱ་ནག་གི་བཙོན་ཁང་དུ་བཙོན་འཇུག་གི་ཁྲིས་ཆད་ཕོག་མྱོང་ཡོད་པའི་བོད་མི་ཆབ་སྲིད་བཙོན་ཟུར་ཞིག་ཡིན་པར་མ་ཟད། རྒྱལ་སྤྱིའི་གསར་འགོད་རང་དབང་གི་གཟེངས་རྟགས་བཞེས་མཁན་གྱི་མི་སྣ་ཞིག་ཀྱང་ཡིན་པར་ངོ་སྤྲོད་གནང་བ་དང་ཆབས་ཅིག ཁོང་རང་ཉིད་གྲོས་ཚོགས་འཐུས་མིར་བཞེངས་སྐབས་དོན་གྲུབ་དབང་ཆེན་ལགས་གློད་བཀྲོལ་ཡོང་ཐབས་སུ་ཕྱག་ལས་གནང་བ་ལྟར། དེ་རིང་གྲོས་ཚོགས་ནང་དོངས་སུ་གདན་ཞུ་གནང་ཐུབ་པར་དགའ་སྤོབས་ཆེན་པོ་བྱུང་ཞེས་གསུངས་སྐབས་མངའ་སྡེའི་གྲོས་ཚོགས་འཐུས་མི་རྣམས་ཞབས་སྟེགས་ནས་བཞེངས་ཏེ་དགའ་བསུ་ཐལ་སྒྲ་ཆེས་ཆེར་སྒྲོག་བཞིན་ཕེབས་བསུ་ཞུས་ཡོད།  

བོད་མིའི་ཆབ་སྲིད་བཙོན་ཟུར་དོན་གྲུབ་དབང་ཆེན་ལགས་ཁེ་ན་ཌར་ཕེབས་འབྱོར་བྱུང་བ་ཆེས་ཐོག་མ་དེ་ཡིན་པ་དང་། ཁེ་ན་ཌར་འབྱོར་བ་དང་བསྟུན་བོད་རིགས་མང་ཚོགས་དང་མཇལ་མོལ་གྱིས་རང་ཉིད་ཀྱི་འདས་པའི་ལོ་རྒྱུས་རྣམས་ཕྱིར་དྲན་དང་འབྲེལ་ཏེ་བྱེས་བཞུགས་བོད་མི་རྣམས་རྡོག་རྩ་གཅིག་ལ་སྒྲིལ་ནས་བོད་དོན་ལས་འགུལ་མུ་མཐུད་སྤེལ་དགོས་པའི་གཞེན་སྐུལ་དང་། བོད་དོན་དྲིལ་བསྒྲགས་ཇི་ཙམ་གནང་བ་དེའི་ཚོད་ཀྱིས་ཕན་ཐོགས་ཡོད་པ་ངོ་སྤྲོད་གནང་ཡོད།

ལྷག་པར་དུ་ཁོང་གིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་རྒྱའི་སོ་མྱུལ་བས་ཆོལ་ཁའི་ན་ཟུག་བསླངས་ཏེ་ནང་ཁུལ་འཁྲུག་འཛིང་སློང་བཞིན་པར་མང་ཚོགས་ཀྱིས་དགོངས་པ་ཆེ་བཞེས་གནང་དགོས་པ་ལས་རྒྱའི་སོ་མྱུལ་བར་ཞེད་སྣང་གནང་དགོས་དོན་རྩ་བ་ནས་མེད་ཅེས་གསུངས་པར་མ་ཟད། རྒྱ་ནག་གཞུང་གིས་དབུས་བོད་མིའི་སྒྲིག་འཛུགས་གཏོར་གཤིག་གཏང་རྒྱུར་དམིགས་ནས་རྒྱའི་སོ་མྱུལ་བ་ཚོས་བོད་མི་ནང་ཁུལ་དབར་དཀྲུག་བཞིན་ཡོད་སྟབས་བོད་མི་མི་རེ་ངོ་རེས་བོད་ཀྱི་རྩ་དོན་ལ་དགོངས་བཞེས་གནང་སྟེ་བོད་མིའི་སྒྲིག་འཛུགས་སྲུང་སྐྱོབ་གནང་རྒྱུར་འགན་བཞེས་དགོས་པར་གསུང་བཤད་གནང་འདུག

བོད་མི་གློག་བརྙན་བཟོ་བསྐྲུན་པ་དོན་གྲུབ་དབང་ཆེན་ལགས་ཀྱིས་ཕྱི་ལོ་ ༢༠༠༨ ལོར་བོད་ནང་གི་བོད་མི་ཚོར་དངོས་སུ་ཐུག་འཕྲད་ཀྱིས་འཇིགས་བྲལ་ཞེས་པའི་གློག་བརྙན་ཞིག་བཟོ་སྐྲུན་གནང་རྗེས་རྒྱ་ནག་གཞུང་གིས་ཁོང་ལ་རྒྱལ་ཁབ་ཁ་བྲལ་གྱི་བྱ་སྤྱོད་སྤེལ་བའི་ཉེས་མིང་འོག་འཛིན་བཟུང་བྱས་ཏེ། ཕྱི་ལོ་ ༢༠༠༨ ནས་ ༢༠༡༤ བར་མི་ལོ་དྲུག་གི་རིང་བཙོན་འཇུག་ཁྲིམས་ཐག་བཅད་ཡོད། 

ཕྱི་ལོ་ ༢༠༡༤ ལོ་མཇུག་ཏུ་ཁོང་བཙོན་གྲོལ་ཐོབ་ཡོད་ཀྱང་རྒྱ་གཞུང་གི་ལྟ་སྲུང་འོག་ལོ་གསུམ་རིང་ཆབ་སྲིད་ཀྱི་ཐོབ་ཐང་གང་ཡང་མེད་པར་གནས་དགོས་བྱུང་ཡོད་པ་རེད། ཕྱི་ལོ་ ༢༠༡༧ ཟླ་ ༡༢ ཚེས་ ༢༥ ཉིན་བོད་ནས་བྲོས་བྱོལ་གྱིས་ཨ་རིའི་ California མངའ་སྡེའི་ San Fransicco གྲོང་ཁྱེར་དུ་བདེ་འབྱོར་བྱུང་ཡོད།

བུ་འཁྲིད་དཀར་པོ་ཆེ་ལགས་ཀྱིས་གྲོས་ཚོགས་སུ་དོན་གྲུབ་དབང་ཆེན་ལགས་གདན་ཞུ་གནང་ཐུབ་པར་དགའ་ཚོར་ཆེན་པོ་བྱུང་ཞེས་གསུངས་པ་དང་སྦྲགས། མངའ་སྡེའི་གྲོས་ཚོགས་འཐུས་མི་རྣམས་ཞབས་སྟེགས་ནས་བཞེངས་ཏེ་དགའ་བསུའི་ཐལ་སྒྲ་ཆེས་ཆེར་སྒྲོག་བཞིན་ཕེབས་བསུ་ཞུས་ཡོད་པའི་བརྙན་པར།

 

འབྲེལ་ཡོད་གསར་གནས།

གསར་གནས།