Tibetan Royal Year of 2151 | Year of the Wood Dragon

གཏོང་ལེན་སློབ་གྲྭས་ཧིན་སྐད་ཐོག་ནས་རྟགས་གསལ་སྤྱན་འབུལ་ཞུས་པ།

Tibetan News Headlines

  • ༸གོང་ས་མཆོག་གིས་སོག་པོའི་དད་ལྡན་པ་རྣམས་ལ་ཉིན་གཉིས་ཀྱི་ཆོས་འབྲེལ་དབུ་འཛུགས།
  • ༸སྐུའི་གཅུང་མོ་ཨ་མ་རྗེ་བཙུན་པདྨ་ལགས་སུ་ Pearl S. Buck ཆེ་བསྟོད་གཟེངས་རྟགས་འབུལ་བཞེས།
  • བཞུགས་སྒར་རྡ་རམ་ས་ལར་བོད་ཀྱི་བེུད་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡༤ པ་དབུ་འཛུགས།
  • རྒྱ་གཞུང་གིས་བོད་དང་ཤིན་ཅང་ནང་སྤེལ་བཞིན་པའི་བྱ་སྤྱོད་ནི་འཆར་གཞི་ལྡན་པའི་མི་རིགས་རྩ་གཏོར་གྱི་སྲིད་བྱུས་ཡིན་པ་ཐེར་འདོན།
  • མོན་གྷོ་འདོད་རྒུ་གླིང་དུ་དྲག་ཆར་རླུང་ཚུབ་བྱུང་ཡང་མི་ཤི་སྐྱོན་ཆག་རིགས་བྱུང་མིན་འདུག

Friday 19/04/2024

  • Dalai Lama begins two-day teaching on ‘Gaden Lhagyama’ to Mongolian devotees
  • Jetsun Pema receives Randolph’s Pearl S. Buck award
  • 14th Tibetan Women Association General Body Meeting begins in Dharamshala
  • China spearheading systematic elimination of civilization and people, says UN expert
  • Mundgod Tibetan settlement hit with severe thunderstorm

གཏོང་ལེན་སློབ་གྲྭའི་སློབ་མ་ཚོས་ཧིན་སྐད་ཐོག་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྟགས་གསལ་སྤྱན་འབུལ་ཞུས་སོང་།དེ་རིང་ཕྱི་ཚེས་ ༡༣ ཉིན་གྱི་སྔ་དྲོ་གཏོང་ལེན་སློབ་གྲྭའི་དགེ་སློབ་ཡོངས་ལ་མཇལ་ཁ་དང། སློབ་ཕྲུག་རྣམས་ནས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཧིཾདིའི་ཐོག་ནས་རིགས་ལམ་རྟགས་གསལ་སྤྱན་འབུལ་དང་སློབ་གྲྭའི་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་ལས་གཞིའི་སྐོར་སྙན་སེང་ཞུས་ཡོད།   མཇལ་ཁའི་ཐོག་གཏོང་ལེན་སློབ་གྲྭའི་འདས་པའི་ལོ་ངོ་ཉི་ཤུའི་རིང་ཡུལ་མི་དབུལ་ཕོངས་ཉམ་ཐག་མང་པོའི་འཚོ་བའི་ངལ་སེལ་དང་འཕྲོད་བསྟེན། ཤེས་ཡོན་བཅས་ཀྱི་ཐོག་ལས་གཞི་རྒྱ་གང་ཆེ་སྤེལ་མུས་ཡིན་པར་མ་ཟད། མགོན་པོ་༸གང་ཉིད་མཆོག་གི་གརྩིགས་ཆེར་དགོངས་བཞེས་མཛད་པའི་རྒྱ་གར་གྱི་གནའ་བོའི་ཤེས་ཡོན་བསྐྱར་གསོའི་དགོངས་གཞིར་ཕྲན་བུ་སྨན་ཕྱིར་གཏོང་ལེན་ནང་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་སློབ་ཁྲིད་དང་ལྷག་དོན་སློབ་གྲྭ་གཞན་ལ་ཕལ་མོ་ཆེའི་ནང་མེད་པའི་ཧིཾདིའི་སྐད་ཀྱི་ཐོག་མཚན་ཉིད་རིགས་ལམ་སློབ་ཁྲིད་གནང་བཞིན་ཡོད་སྐོར་སྙན་སེང་ཞུས་སྐབས་མགོན་པོ་༸གང་ཉིད་མཆོག་གིས་དེར་ལེགས་གསོའི་བསྔགས་བརྗོད་མཛད་འདུག སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐབས་དེར་བོད་གངས་ཅན་ལྗོངས་སུ་ཡོད་པའི་སངས་རྒྱས་པའི་བསྟན་པ་སྤྱི་དང་སྒོས་༸དཔལ་ནཱལེནྡཱའི་ཕྱག་བཞེས་ལུང་ཙམ་ལ་མ་བརྟེན་པར་གཙོ་བོ་རིགས་པས་དཔྱད་པ་གནང་རྒྱུ་ཡོད་པ་ཞིག་ཆགས་ཡོད་སྟབས། དེང་སྐབས་སེམས་ཁམས་རིག་པའི་སྐོར་ལ་ཚན་རིག་པ་དང་མཉམ་དུ་བཀའ་མོལ་གནང་རྒྱུ་ཡོས་པས་དེ་ནི་ཐུགས་སྤོབས་གནང་འོས་ཤིག་ཡིན་པར་བཀའ་སྩལ་འདུགགཏོང་ལེན་སློབ་གྲྭའི་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་ལས་གཞི་ཐོག་འགན་ཁུར་བཞེས་མཁན་ཚེ་རིང་བསྟན་འཛིན་ལགས་ཀྱིས་སློབ་གྲྭ་ནང་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་དང་འབྲེལ་བའི་ལས་གཞི་དུ་མ་ཡོད་པའི་ཁོངས་ལས་གཙོ་བོ་གཅིག་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཐུགས་བསྐྱེད་ཆེན་པོ་བཞི་པ་རྒྱ་གར་གྱི་གནའ་བོའི་རིག་གཞུང་བསྐྱར་གསོ་དང་བདག་གཉེར་གྱི་དགོངས་གཞིའི་འོག་སློབ་མ་ཚོའི་ངོས་ནས་རིགས་ལམ་ཐོག་བརྡར་ཤ་གཅོད་དེ་སློབ་གཉེར་གནང་རྒྱུ་དེ་ཆགས་སྐོར་གསུངས་སོང་།

འབྲེལ་ཡོད་གསར་གནས།

གསར་གནས།