Tibetan Royal Year of 2151 | Year of the Wood Dragon

གཞིས་བཞུགས་བུད་མེད་རྣམས་ཀྱིས་རྒྱལ་སྤྱིའི་བུད་མེད་ཉིན་མོ་སྲུང་བརྩི་ཐུབ་པར་རེ་བ་ཡོད།

Tibetan News Headlines

  • སྔོན་རྩིས་མ་དངུལ་སྒོར་ས་ཡ་ ༣༣༣༡ ལྷག་གཏན་འབེབས་ཐོག་གྲོས་ཚོགས་ཚོགས་དུས་ ༧ པ་མཇུག་སྒྲིལ།
  • རྒྱ་ནག་གིས་སྡེ་དགེ་ཁུལ་ནས་བོད་མི་བཅུ་ལྷག་འཛིན་བཟུང་གིས་གར་སོང་ཆ་མེད་དུ་གྱུར་འདུག
  • རྒྱ་དཀར་ནག་གཉིས་ཀྱི་མཐའ་མཚམས་གྲོས་མོལ་ཁྲོད་གྲུབ་འབྲས་གང་ཡང་བྱུང་མེད་པ་མངོན་གསལ།
  • སྐད་ཡིག་ཕུན་སུམ་ཚོགས་པའི་བོད་རིགས་ན་གཞོན་བཅུ་ཕྲག་གིས་བོད་དོན་སྐོར་བསྐྱོད་གནང་ན་རྒྱ་གར་གྱི་སྲིད་བྱུས་ལ་འགྱུར་བ་ཐེབས་ངེས་ཡིན་པ་གསུངས་འདུག
  • ཨོ་གླིང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཟུང་སྦྲེལ་ཚོགས་ཟུར་ Janet Rice ལགས་ལ་ཕེབས་སྐྱེལ་དང་ཟུང་སྦྲེལ་ཚོགས་གཙོ་གསར་པར་ཕེབས་བསུ་ཞུས་པ།
  • མལ་དིལྦ་ནང་འཐུང་ཆུའི་དཀའ་ངལ་སེལ་སླད་བོད་ཀྱི་གཏེར་ཆུ་ཏུན་ ༡༥༠༠ མཁོ་སྤྲོད་བྱས་འདུག

Friday 29/03/2024

  • TPiE concludes 7th session, approves budget of over ₹ 3331 Million
  • China arrests 10 Tibetans from Derge county, whereabouts unknown
  • No breakthrough in India-China dialogue
  • Need of training for educated young Tibetans to influence India’s policy on Tibet: Tenzin Tsundue
  • Tibetans in Australia bid farewell for Senator Janet Rice, welcomes new co-chair for parliamentary Tibet group
  • Now China sends 1,500 tonnes of drinking water from Tibet to Maldives

དེ་རིང་ཕྱི་ཟླ་ ༣ པའི་ཚེས་ ༨ ཉིན་མོ་འདི། རྒྱལ་སྤྱིའི་སྤྱི་ཚོགས་གང་སར་རྒྱལ་སྤྱིའི་བུད་མེད་ཀྱི་ཉིན་མོར་ངོས་འཛིན་གྱིས་སྲུང་བརྩི་ཞུ་བཞིན་པ་ལྟར། བཞུགས་སྒར་ཁུལ་དུ་དེ་རིང་བོད་ཀྱི་བུད་མེད་ལྷན་ཚོགས་དང་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་ལས་ཁུངས་ཀྱི་ཁྱབ་ཁོངས་སུ་གཏོགས་པའི་བུད་མེད་ནུས་སྟོབས་གོང་སྤེལ་ཚན་པ་བཅས་ཀྱིས་མཉམ་འབྲེལ་གྱིས་ཉིན་མོ་སྲུང་བརྩི་ཞུས་སོང་།དེའང་དེ་རིང་སྔ་དྲོ་ཕྱག་ཚོད་དགུ་དང་ཕྱེད་ཀའི་སྟེང་། དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ངོས་ནས་བཞུགས་སྒར་མེགྷ་ལོར་ཁྲོམ་གཞུང་དུ་རྒྱལ་སྤྱིའི་བུད་མེད་ཀྱི་ཉིན་མོའི་མཛད་སྒོ་ཞིག་གོ་སྒྲིག་ཞུས་པའི་ཐོག་ཚོགས་པའི་དྲུང་ཆེ་སྐལ་བཟང་སྒྲོལ་མ་ལགས་ཀྱིས་བུད་མེད་ལྷན་ཚོགས་ངོས་ནས་དེ་རིང་གི་ཉིན་མོ་དེ་ནི་གཞིས་བཞུགས་བོད་མི་རྣམས་ཀྱི་གཙོ་བྱས་པའི་རྒྱ་ནག་གི་དབང་སྒྱུར་འོག་ཏུ་ཡོད་པའི་བུད་མེད་རྣམས་ཀྱི་སྨྲ་བརྗོད་དང་ཆོས་དད་རང་དབང་ལ་རྡོག་བརྫུས་གཏོང་བཞིན་པའི་དངོས་དོན་རྣམས་རྒྱལ་སྤྱིའི་སྤྱི་ཚོགས་སུ་འགྲེལ་བརྗོད་བྱེད་རྒྱུའི་ཉིན་མོ་ཞིག་ཆགས་ཡོད་པར་གསུངས་སོང་ལ།  བཙན་བྱོལ་བོད་མི་རྣམས་ཀྱིས་གཞིས་བཞུགས་བུད་མེད་རྣམས་ཀྱི་ཚབ་བྱས་ཏེ་རྒྱལ་སྤྱིའི་སྤྱི་ཚོགས་སྟེང་བོད་ཀྱི་བུད་མེད་རྣམས་ཀྱི་གནས་བབ་དྲིལ་བསྒྲགས་བྱས་པ་བརྒྱུད་ནས། གང་མགྱོགས་གཞིས་བཞུགས་བུད་མེད་རྣམས་ཀྱིས་ཀྱང་རང་དབང་གི་ཐོག་ནས་རྒྱལ་སྤྱིའི་བུད་མེད་ཀྱི་ཉིན་མོ་འདི་བདེ་བླག་ངང་སྲུང་བརྩི་ཞུ་ཐུབ་པར་རེ་བ་དང་ཡིེད་ཆེས་ཡོད་པར་གསུངས་སོང་། དེ་བཞིན་བཞུགས་སྒར་གངས་སྐྱིད་ཀྱི་རྒྱལ་སྒོ་འགྲམ་དུ་བོད་ཀྱི་བུད་མེད་ལྷན་ཚོགས་དང་འཕྲོད་བསྟེན་ལས་ཁུངས། གཞན་ཡང་བུད་མེད་ནུས་སྟོབས་གོང་སྤེལ་ཚན་པ་བཅས་ཀྱིས་བཞུགས་སྒར་ཁུལ་གྱི་བུད་མེད་རྣམས་ཀྱི་མོ་ནད་བརྟག་དཔྱད་ཀྱི་ལས་གཞི་ཞིག་སྤེལ་གནང་སོང་། བུད་མེད་ནུས་སྟོབས་གོང་སྤེལ་ཚན་པའི་འགན་འཛིན་ཚེ་རིང་སྐྱིད་ལགས་ཀྱིས་དེར་འབྲེལ་གྱིི་ངོ་སྤྲོད་གནང་བར་བཞིགས་ན། དེ་རིང་ནས་བཟུང་ཟླ་བ་གསུམ་པ་ཧྲིལ་བོ་བུད་མེད་ནུས་སྟོབས་གོང་འཕེལ་གྱི་ཟླ་བར་ངོས་འཛིན་གྱིས་བོད་ཀྱི་བུད་མེད་རྣམས་ཀྱི་འཕྲོད་བསྟེན་དང་འབྲེལ་བའི་རིན་མེད་ཀྱི་སྨན་བཅོས་བརྟག་དཔྱད་སོགས་ཀྱི་མཚོན་པའི་ལས་གཞི་ཁག་ཅིག་མུ་མཐུད་ནས་སྤེལ་རྒྱུ་ཡིན་པར་ངོ་སྤྲོད་གནང་བ་དང་སྦྲགས། ཐེངས་འདིར་ཚོགས་པ་གསུམ་གྱི་ངོས་ནས་ལས་གཞི་མཉམ་དུ་སྤེལ་ཐུབ་པར་དགའ་སྤྲོ་སྐྱེས་ཡོད་པར་གསུངས་སོང་།སྤྱིར་བོད་ནང་དུ་རྒྱལ་སྤྱིའི་བུད་མེད་ཀྱི་ཉིན་མོ་འདིར་བུད་མེད་ཀྱི་ཐོབ་ཐང་དང་འབྲེལ་བའི་ཐད་ནས་གླེང་མོལ་དང་རྩོམ་ཡིག་བྲིས་བ་དག་མཐོང་རྒྱུ་དཀོན་ཡང་། བོད་ནང་གི་བོད་མི་རྣམས་ཀྱིས་རང་ཉིད་ཀྱི་ཨ་མ་དང་ཆུང་མ་སོགས་ཀྱི་འདྲ་པར་སྐད་འཕྲིན་གྱི་རྒྱབ་ལྗོངས་སུ་སྤེལ་ནས་ཉིན་མོ་འདིར་བོད་ཀྱི་བུད་མེད་རྣམས་ལ་ཁ་གཡང་གི་ཤིས་ཚིག་བྲིས་བ་མཐོང་རྒྱུ་འདུགགཞི་རྩའི་རྒྱལ་སྤྱིའི་སྤྱི་ཚོགས་གང་སར་ཕོ་མོ་འདྲ་མཉམ་མེད་པའི་གནས་སྟངས་འོག་བུད་མེད་ཀྱི་ཉིན་མོ་ཞེས་པ་དེ་ནི་བུད་མེད་དཔའ་མོ་རྣམས་ཀྱི་བྱས་རྗེས་ལ་ཡིད་རངས་མཚོན་ཐབས་སུ་ས་གནས་འདྲ་མིན་དུ་ནམ་དུས་འདྲ་མིན་བརྒྱུད་ནས་སྲུང་བརྩི་བྱས་ཡོད་ཀྱང་། ཕྱིས་སུ་ཕྱི་ལོ་༡༩༧༥ ལོར་མཉམ་སྦྲེལ་རྒྱལ་ཚོགས་ཀྱིས་ཟླ་བ་གསུམ་པའི་ཚེས་བརྒྱད་ཀྱི་ཉིན་འདི་རྒྱལ་སྤྱིའི་བུད་མེད་ཀྱི་ཉིན་མོར་ངོས་འཛིན་གནང་བ་ལྟར། ད་ཆ་རྒྱལ་སྤྱིའི་སྤྱི་ཚོགས་གང་སར་ཉིན་མོ་འདི་གཅིག་གྱུར་གྱིས་རྒྱལ་སྤྱིའི་བུད་མེད་ཀྱི་ཉིན་མོར་ངོས་འཛིན་གྱིས་སྲུང་བརྩི་བྱེད་མུས་རེད་འདུག

བཙན་བྱོལ་བོད་མིའི་སྤྱི་ཚོགས་ལ་མཚོན་ན། དེ་སྔོན་བཀའ་ཤག་གོང་མའི་སྐབས་ཕྱི་ཟླ་ ༣ པའི་ཚེས་ ༡༢ ཉིན་བུད་མེད་སྒེར་ལངས་ཀྱི་ཉིན་མོ་དེ་བཞིན་བོད་ཀྱི་བེུད་ཉིན་མོ་མཉམ་སྒྲིལ་ངོས་འཛིན་ཞུ་རྒྱུའི་རྩ་འཛིན་བཀོད་ཁྱབ་གནང་བ་བཞིན། འདས་པའི་ལོ་ཤས་ཞིག་ནས་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ལས་རིམ་འདྲ་མིན་བརྒྱུད་ ༣ པའི་ཚེས་ ༡༢ ཉིན་མོ་དེ་བོད་ཀྱི་བེུད་ཉིན་མོར་སྲུང་བརྩི་ཞུ་བཞིན་ཡོད་ཀྱང་། བོད་ཀྱི་བེུད་ལྷན་ཚོགས་གཙོ་བོར་གྱུར་པའི་བོད་མི་མང་དག་ཅིག་གིས་ཕྱི་ཟླ་ ༣ ཚེས་ ༡༢ ཉིན་མོ་དེ་བོད་ཀྱི་དཔའ་མོ་རྣམས་ལ་རྗེས་དྲན་དང་ལས་འགུལ་གྱི་ཉིན་མོ་ཞིག་ལ་སྲུང་བརྩི་གནང་དགོས་པ་ལས་དགའ་དགའ་སྤྲོ་སྤྲོ་གནང་རྒྱུའི་དུས་ཆེན་གྱི་ཞིག་ལ་སྲུང་བརྩི་ཞུས་ན་མི་འགྲིག་པའི་དགོངས་ཚུལ་ཤུགས་ཆེར་ཕུལ་བ་མ་ཟད། གྲོས་ཚོགས་སུའང་དེའི་སྐོར་གླེང་སློང་རབ་དང་རིམ་པ་བྱུང་ཡོད་སྟབས། སྐབས་ ༡༦ པའི་བཀའ་ཤག་གིས་དེ་སྔའི་བཀོད་ཁྱབ་དེ་ཕྱིར་བསྡུ་གནང་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།