Tibetan Royal Year of 2151 | Year of the Wood Dragon

གོ་ལའི་ལྷན་ཚོགས་སྐབས་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་སྐོར་གླེང་དགོས་པའི་གོམ་བགྲོད་གནང་འདུག

Tibetan News Headlines

  • སེམས་བཟང་པོ་བྱ་རྒྱུ་ནི་ངོས་ལ་སྒྲུབ་པའི་ཆོས་ཡག་ཤོས་དེ་ཆགས་ཀྱི་ཡོད་ཅེས་བཀའ་སྩལ་བ།
  • རྒྱ་ནག་གིས་ཨ་རུ་ནཱ་ཅལ་གྱི་ས་ཁུལ་ཁག་ལ་མིང་གསར་པ་བཏགས་པའི་ལས་གཞིར་དཔྱད་ཞིབ།

Saturday 20/04/2024

  • Dalai Lama Calls for greater Compassion, Deems Kindness the Best Religious Practice
  • Thread of beads: Analysis of China’s renaming of places in Arunachal

འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ལྷན་ཚོགས་ཚོགས་བཞིན་པ་དང་བསྟུན། ཡུ་རོབ་བོད་ཀྱི་གཞོན་ནུ་མཐུན་ཚོགས་ནས་སུད་སི་རྒྱལ་ས་ Bern དུ་བོད་ཀྱི་གནམ་གཤིས་ལ་འགན་ཁུར་ལག་བསྟར་དགོས་པའི་འབོད་སྐུལ་གྱི་གོམ་བགྲོད་ལས་འགུལ་ཞིག་སྤེལ་འདུག དེ་ཡང་ཁ་སང་ཕྱི་ཚེས་ ༧ ཉིན་རྒྱལ་ས་ Bern དུ་ལས་འགུལ་བ་རྣམས་ནས་འབྲོག་པའི་ཆ་ལུགས་སྤྲས་པ་དང་བྲོག་པའི་ཐུན་མི་སྒོ་ཕྱུགས་སེམས་ཅན་གཡག་འཁྲིད་ནས་བོད་ཀྱི་རི་རྒྱུད་སྲུང་སྐྱོབ་དགོས་པའི་འབོད་ཚིགས་འཁོད་པའི་ཕྲད་དར་བསྣམས་pic5ཏེ་ཁྲོམ་གཞུང་དུ་གོམ་བགྲོད་གནང་འདུག དེ་བཞིན་མང་ཚོགས་ཁྲོད་རྒྱ་ནག་གིས་བཙན་འཛུལ་འོག་བོད་ནང་དུ་འབྲོག་པ་གནས་སྤོས་དང་གཏེར་ཁ་སྔོག་འདོན། ལྷག་པར་ཆུ་བོ་ཁ་བསྒྱུར་གྱིས་ཆུ་མཛོད་རྒྱག་པ་སོགས་ཀྱིས་ཁོར་ཡུག་གཏོར་བཤིག་ཚབས་ཆེན་བཟོ་བཞིན་པ་རྣམས་གསལ་བཏོན་གནང་ཡོད་པ་རེད། པེ་རིས་ནང་ཚོགས་བཞིན་པའི་ COP 21 ཞེས་རྒྱལ་སྤྱིའི་ཁོར་ཡུག་ལྷན་ཚོགས་ཐོག་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་སེལ་ཆེད་བོད་ཀྱི་ཁོར་ཡུག་ལ་སྲུང་སྐྱོབ་བྱ་རྒྱུ་གལ་ཆེར་བརྩི་དགོས་པའི་pic6རེ་འདུན་ཤུགས་ཆེ་བཏོན་གནང་འདུག ད་དུང་ཁོང་རྣམས་ཀྱིས་གོམ་བགྲོད་ལས་འགུལ་དེའི་ཐོག་ནས། རྒྱ་གཞུང་གིས་བོད་པའི་འབྲོག་པ་ཚོ་བཙན་བཤད་ཀྱིས་གྲོང་གསེབ་གསར་པའི་ནང་གནས་སྤོས་བྱེད་དུ་བཅུག་པ་དང། རང་གི་སྲོལ་རྒྱུན་གྱི་མི་ཚེ་སྐྱེལ་སྟངས་ལ་དོ་ཕོག་ཤུགས་ཆེ་བཏོང་བཞིན་པར་སྐྱོན་བརྗོད་བྱས་པ་དང་སྦྲགས། བོད་ནང་གི་འབྲོག་པ་ཚོར་རང་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་བྱ་རྒྱུའི་གཞི་རྩའི་ཐོབ་ཐང་ཁག་སྤྲོད་དགོས་pic10པའི་དགོས་འདུན་བཏོན་པ་མ་ཟད། གོ་ལའི་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་སེལ་རྒྱུར་འབྲོག་པས་རྩ་ཐང་ཐོག་ཁོར་ཡུག་དང་འགྲོགས་འདྲིས་ཆེན་པོའི་སྒོ་ནས་འཚོ་གནས་བྱ་རྒྱུ་ནི་ཧ་ཅང་གི་གནད་ཆེ་ཆགས་ཀྱི་ཡོད་པ་དང་། ལྷག་པར་དུ་བོད་དེ་འཛམ་གླིང་གི་ཡང་ཐོག་དང་དེ་བཞིན་ཨེ་ཤི་ཡའི་རྒྱུག་ཆུ་ཁག་གི་འབྱུང་ཁུངས་ཡིན་སྟབས། ངེས་པར་དུ་བོད་ཀྱི་ཁོར་ཡུག་གནད་དོན་དེ་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ལྷན་ཚོགས་ནང་གླེང་སློང་གནང་དགོས་པའི་ནན་བརྗོད་གནང་འདུག

འབྲེལ་ཡོད་གསར་གནས།

གསར་གནས།