Tibetan Royal Year of 2151 | Year of the Wood Dragon

གྲོས་ཚོགས་ཀྱི་ལས་ཉིན་ལྔ་པ་ཡོངས་རྫོགས་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་གི་སྙན་ཐོར་བཏང་བ།

Tibetan News Headlines

  • བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་བཟང་ཕྱོགས་ཀྱི་འགྱུར་བ་གང་ཡང་མངོན་རྒྱུ་མེད་པ་མངོན་གསལ།
  • མགོན་པོ་སྐྱིད་ལགས་ཀྱིས་མུ་མཐུད་རྡོ་རྗེ་བཀྲིས་ཆེད་ཞུ་འབོད་གནང་བར་རྒྱ་གཞུང་ཉེན་རྟོག་པས་གཅར་རྡུང་།
  • རྒྱ་གཞུང་གིས་ཏོག་དབྱིབས་གཉན་རིམས་གྱི་འབྱུང་ཁུངས་རྩད་གཅོད་ཀྱི་ལས་དོན་ལ་ད་ལྟའང་འགོག་རྐྱེན་བཟོ་བཞིན་པ་མངོན་གསལ།
  • ཁ་སང་བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༧ པ་མཇུག་སྒྲིལ་སོང་།
  • རྒྱལ་སྲས་དད་པ་བརྟན་པའི་ལྷ་གཞུང་ངོ་སྤྲོད།
  • འཇར་མ་ནི་ནང་རྒྱ་ནག་ཆེད་དུ་གསང་ཉུལ་བྱས་པའི་དོགས་གཞི་འོག་མི་སྣ་ཁག་གཅིག་འཛིན་བཟུང་བྱས་འདུག

Tuesday 23/04/2024

  • No significant changes in the rights situation in Tibet: US report
  • Blinken must raise Tibet, Panchen Lama on China trip: Tibet advocacy group
  • Chinese authorities assaults Gonpo Kyi ; phone broken amid call for brother’s fair retrial
  • China froze Covid -19 origin tracing; pattern continues to this day: AP investigation
  • 27th Shoton festival ends with a call from Sikyong to intensify efforts to preserve Opera tradition
  • Introduction to Opera ‘Prince Dhepa Tenpa’
  • Germany and Britain detain suspected Chinese spies

བདུན་ཕྲག་སྔོན་མའི་རེས་གཟའ་ལྷག་པ་ནས་བཟུང་བཞུགས་སྒར་བོད་མི་མང་སྤྱི་འཐུས་གྲོས་ཚོགས་སུ་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ལྔ་པ་འཚོགས་བཞིན་ཡོད་པ་ལྟར། དེ་རིང་གྲོས་ཚོགས་ཀྱི་ལས་ཉིན་ལྔ་པའི་ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་ ༡༡ སྙན་ཐོ་གྲོས་ཚོགས་སུ་སྙན་སྒྲོན་ཞུས་པ་དང་ཆབས་ཅིག་ཏུ་སྤྱི་འཐུས་རྣམ་པས་བགྲོ་གླེང་གི་ཆ་ཤས་བཞེས་ཡོད། 

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་། ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་དོན་ཚན་ ༡༢༠ དང་། ༡༢༡ དགོངས་དོན་བཞིན་ཚོགས་གཙོ་སྦྲེལ་པོ་མཆོག་གིས་སྔར་ལོའི་ཕྱི་ཟླ་ལྔ་ ༥ ནང་ལ་བོད་མི་མང་སྤྱི་འཐུས་ལྔ་ལས་གྲུབ་པའི་སྤྱི་འཐུས་ལྷན་ཚོགས་ཀྱི་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་ ༡༡ པ་བསྐོ་བཙུགས་གནང་བ་ནས་བཟུང་སྟེ། ཚོགས་མི་རྣམས་ཀྱིས་ཟླ་བ་སྔོན་མའི་ཕྱི་ཚེས་ ༡༠ བར་ཁྱོན་ཟླ་བ་བཅུ་ཙམ་གྱི་རིང་ལས་དོན་བསྐྱངས་ཡོད་པ་དང་། ལས་དོན་ཁྲོད་ཚོགས་ཆུང་གི་ཚོགས་མི་རྣམས་ཀྱིས་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་། ཟུར་སྐྱོང་སྡེ་ཚན་དང་བཅས་པའི་སྡེ་ཚན་གྲངས་ ༢༤༢ ཀྱི་རྩིས་ལོ་ ༢༠༡༨་་༡༩ ལོའི་རྩིས་ཞིབ་སྙན་ཐོ་དང་དེ་དག་གི་ལན་འདེབས་བཅས་ལ་ཞིབ་འཇུག མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་ ༡༠ སྙན་ཐོར་འཛིན་སྐྱོང་ནས་མཇུག་སྐྱོང་གནང་ཟིན་པ་རྣམས་ལ་ཞིབ་འཇུག དེ་བཞིན་རྩིས་ལོ་ ༢༠༡༨ གོང་གི་སྙན་ཐོར་ཐུགས་ཞིབ་མ་བྱུང་བའི་རིགས་བཅས་ལ་ཞིབ་འཇུག་གནང་ཡོད་པ་རེད། 

ཞིབ་འཇུག་གི་སྙན་ཐོ་ཤོག་གྲངས་ ༢༣༨ ཅན་ནང་ཆོས་རིག་དང་ཤེས་རིག ནང་སྲིད། དཔལ་འབྱོར། འཕྲོད་བསྟེན་སོགས་ལས་ཁུངས་སོ་སོའི་ཁྱབ་ཁོངས་དང་བཅས་པའི་རྩིས་ཞིབ་སྙན་ཐོ་དང་རྩིས་སྙན་ལན་འདེབས་ཁག་ལ་ཞིབ་འཇུག་གནང་ཁག་སྡེ་ཚན་བཅུར་འཆར་འགོད་ཀྱིས་གསལ་འདོན་གནང་འདུག

རླུང་འཕྲིན་ཁང་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་ ༡༡ ཚོགས་གཙོ་སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་ལགས་སུ་གྲོས་ཚོགས་སུ་སྙན་སྒྲོན་ཞུས་པའི་ཚོགས་ཆུང་གི་སྙན་ཐོར་གནད་དོན་གཙོ་གྲས་གང་དག་ཆེད་བཀོད་གནང་ཡོད་དམ་ཞེས་སོགས་ཀྱི་བཀའ་འདྲི་ཞུས་ཡོད།

དེ་རིང་ཚོགས་དུས་ཀྱི་ལས་ཉིན་ལྔ་པ་ཡོངས་རྫོགས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་ ༡༡ པའི་སྙན་ཐོར་བཏང་ཡོད་པ་དང་། ཉིན་རྒྱབ་ཚོགས་དུས་ཐོག་ཚོགས་ཆུང་གི་ཚོགས་མི་རྣམས་ཀྱིས་མུ་མཐུད་ནས་སྙན་སྒྲོན་ཞུས་ཟིན་མཚམས་སུ་སྤྱི་འཐུས་རྣམ་པས་བགྲོ་གླེང་གི་ཆ་ཤས་བཞེས་པ་དང་སྦྲགས། སྤྱི་འཐུས་ཁག་གཅིག་གིས་སྙན་ཐོ་ནང་གསལ་བའི་དྷ་ས་བོད་ཁྱིམ་སྤྱི་ཁྱབ་ཡིག་ཚང་གཙོས་སྡེ་ཚན་ཁག་གཅིག་ནས་བོད་མིའི་སྒྲིག་འཛུགས་ལ་བསྡུ་དངུལ་འབུལ་བསྡད་ཡོད་སྐོར་དང་། དེ་བཞིན་རྩིས་རྙོག་དང་འབྲེལ་བའི་གང་ཟག་སྒེར་གྱི་མིང་འབོད་ཀྱིས་ཐེར་འདོན་གནང་གལ་ཡིན་པ་སོགས་གསུངས་ཡོད། 

སྤྱི་འཐུས་རྣམ་པའི་བཀའ་འདྲི་དང་དགོངས་ཚུལ་ཁག་ལ་ལན་འདེབས་གསལ་བཤད་སོགས་ཀྱི་ལས་རིམ་རྣམས་གྲོས་ཚོགས་ཀྱི་ལས་ཉིན་རྗེས་མར་མུ་མཐུད་གནང་རྒྱུ་ཡིན་པ་རེད།

ཤེས་རྟོགས་བྱུང་བར་དེ་རིང་གྲོས་ཚོགས་ཀྱི་ཚོགས་དུས་ལེགས་གྲུབ་རྗེས་དགོང་དྲོ་ཕྱག་ཚོད་ ༥ ནས་སྤྱི་འཐུས་རྣམ་པ་སྤྱི་འཐུས་རྒྱུན་ལས་ཚོགས་ཁང་དུ་ཚང་འཛོམས་ཐོག་བཞུགས་མོལ་ཚོགས་འདུ་ཞིག་འཚོགས་གཏན་ཁེལ་འདུག

འབྲེལ་ཡོད་གསར་གནས།

གསར་གནས།