Tibetan Royal Year of 2151 | Year of the Wood Dragon

ཇི་ནི་ཝའི་རྒྱལ་ཚོགས་ཀྱི་མདུན་དུ་བོད་མི་ཚོས་ངོ་རྒོལ་སྐད་འབོད་ཤུགས་ཆེར་གནང་འདུག

Tibetan News Headlines

  • ༸གོང་ས་མཆོག་གིས་ཧིན་དྷུའི་བླ་ཆེན་དགོངས་པ་རྗོགས་པར་ཐུགས་གསོའི་གསུང་འཕྲིན་སྩལ་འདུག
  • མགོན་པོ་སྐྱིད་ལགས་ཀྱིས་ཉེན་རྟོག་པས་ཁོང་ལ་སྡུག་སྦྱོང་བཏང་བའི་སྐོར་ཁྲིམས་ཁང་ལ་ཞུ་གཏུག་བྱས་འདུག
  • དྭང་བླངས་དཔྱ་དངུལ་ལག་དེབ་ཆག་ཡང་དང་འབུལ་ཚེའི་དུས་བཀག་ཕར་འགྱང་གནང་སོང་།
  • ནང་སྲིད་ལས་ཁུངས་དང་སྦྲགས་ལྷན་ཁང་ཁག་གི་སྔོན་རྩིས་གཏན་འབེབས་དང་བགྲོ་གླེང་ལས་རིམ་གྲུབ་སོང་།
  • ཁྲིམས་ཞིབ་པའི་འོས་ཆོས་ལྡན་པའི་མི་འགྲོ་འཚོལ་རྒྱུ་ཁག་པོ་མ་གཏོགས་གཞན་དཀའ་ངལ་མེད་པ་གསུངས་སོང་།
  • དབྱིན་ཡུལ་གྱི་གྲོང་སྡེ་གཉིས་ལ་ Hikvision བརྙན་མིག་སྤྱོད་རྒྱུ་མཚམས་འཇོག་དགོས་པའི་ཞུ་སྐུལ་གནང་འདུག

Thursday 28/03/2024

  • Dalai Lama expresses ‘sadness’ and offers ‘condolences’ on the passing away of Swami Smaranananda Maharaj
  • Gonmo Kyi sues China’s police over ‘repressive censorship and vigilant supervision’
  • Parliament extends Chatrel exemption period by six months
  • House discusses budget allocation for DoH for the fiscal year 2024-25
  • MPs express concern over challenges in finding nominees for Justice Commissioners
  • Review into Harborough and Lutterworth CCTV cameras after concerns made by company with links to Chinese government Now

སུད་སི་ཀྱི་གྲོང་ཁྱེར་ Geneva ནང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༤༥ པ་འཚོགས་བཞིན་པ་དང་བསྟུན། དེ་རིང་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་གིས་སྣེ་ཁྲིད་ཐོག་རྒྱལ་ཚོགས་ཀྱི་མདུན་ཐང་དུ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པ་གསལ་སྟོན་དང་སྦྲགས་གཞི་རྒྱ་ཆེ་བའི་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་སོང་པ་མ་ཟད། ལས་འགུལ་དེའི་ཐོག་ཉེ་ཆར་གྲོང་ཁྱེར་ཛུ་རིག་ནས་ཇི་ནེ་ཝ་བར་བོད་དོན་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་སྤེལ་མཁན་རྣམས་ཀྱང་མཉམ་ཞུགས་གནང་འདུགདེ་ཡང་དེ་རིང་སུད་སི་ནང་གི་སྔ་དྲོའི་ཆུ་ཚོད་བཅུ་གཅིག་ཙམ་ལ་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བླངས་ཏེ། ད་བར་བོད་རྒྱལ་ཁབ་དང་མི་རིགས་ཀྱི་རྩ་དོན་སླད་དུ་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་གཏོང་གནང་མཁན་ཡོངས་ལ་མྱ་ངན་གུས་འདུད་ཞུས་པའི་ཐོག་དབུ་འཛུགས་གནང་པའི་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་དེའི་ཐོག་ཁུལ་དེར་ཡོད་པའི་སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་འཆི་མེད་རིག་འཛིན་ལགས་དང་། བོད་མི་མང་སྤྱི་འཐུས་ཟམ་མདོ་བྱམས་པ་ཚེ་རིང་ལགས། སུད་བོད་མཐུན་གྲོགས་ཚོགས་པའི་བརྒྱུད་ལམ་འགན་འཛིན་མཁས་དབང་ Uwe Meya ལགས། སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་གི་ཚོགས་གཙོ་མཚམས་མདའ་ནོར་བུ་ལགས་ཀྱི་གཙོས་པའི་རྒྱུན་ལས་དང་། ས་གནས་བོད་ཀྱི་བེུད་ཚོགས་པའི་རྒྱུན་ལས་དང་ཚོགས་མི། གཞན་ཡང་ས་གནས་མི་མང་དང་བོད་དོན་རྒྱབ་སྐྱོར་བ་སོགས་ཀྱིས་མཉམ་ཞུགས་གནང་འདུག

སྐབས་དེར་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་གི་ཚོགས་གཙོ་མཚམས་མདའ་ནོར་བུ་ལགས་ནས་ད་བར་རྒྱ་ནག་གཞུང་གི་དྲག་པོའི་སྲིད་བྱུས་འོག་བོད་མི་ ༡༥༤ ཡིས་རང་ལུས་མེར་བསྲེགས་གནང་བ་དང་། བོད་ནང་གི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་ཐུན་མོང་མ་ཡིན་པའི་རིག་གཞུང་ཁག་རྩིས་མེད་རྡོག་རོལ་གཏོང་བཞིན་པ་སོགས་ཐེར་འདོན་དང་བསྒྲགས། ཟླ་བ་རྗེས་མ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་མི་འོས་འདེམས་གནང་སྐབས་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་རྣམས་ཀྱིས་རྒྱ་ནག་གི་སྐུ་ཚབ་ལ་རྒྱབ་སྐྱོབ་མ་གནང་རོགས་ཞེས་རེ་སྐུལ་གནང་སོང་།

དེ་བཞིན་སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་འཆི་མེད་རིག་འཛིན་ལགས་ཀྱིས་ཐེངས་འདིའི་སྐད་འབོད་ཀྱི་འབོད་སྒྲ་དེ་དག་གིས་བོད་མི་ས་ཡ་དྲུག་གི་འབོད་སྒྲ་མཚོན་གྱི་ཡོད་པ་དང་། ལྷག་པར་དུ་ད་ལྟའི་དུས་སུ་ཏོག་དབྱིབས་རིམས་ནད་རྐྱེན་གྱིས་རྒྱ་ནག་གྱི་ངོ་གདོང་ངོ་མ་རྒྱལ་སྤྱིའི་ཐོག་གསལ་པོ་ཆགས་ཡོད་པ་མ་མ་ཟད། རྒྱ་ནག་ནང་ཁུལ་ལ་ཡང་རྒྱ་ནག་སྲིད་གཞུང་ལ་མི་དགའ་བའི་རྣམ་པ་ཆེ་རུ་འགྲོ་བཞིན་པ་སོགས་འགྲེལ་བརྗོད་དང་སྦྲགས། ཕྱི་ཕྱོགས་རང་དབང་ལུང་པའི་ནང་ཡོད་པའི་བོད་མི་ཚོས་རིག་པ་སྒྲིམ་སྟེ་རང་དབང་སྐྱར་གསོ་གནང་རྒྱུའི་ཐོག་འབད་བརྩོན་གནང་དགོས་པ་གསུངས་ཡོད།མ་ཟད་ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་ཟམ་མདོ་བྱམས་པ་ཚེ་རིང་ལགས་དང་སུད་བོད་མཐུན་གྲོགས་ཚོགས་པའི་བརྒྱུད་ལམ་འགན་འཛིན་མཁས་དབང་ Uwe Meya ལགས། ས་གནས་བོད་ཀྱི་བེུད་ཚོགས་པའི་ཚོགས་གཞོན་འབྱོར་ལྡན་ཁང་གསར་ནོར་འཛོམས་ལགས་སོགས་ཀྱིས་ཀྱང་དེ་མཚུངས་གསུངས་བཤད་གནང་སོང་།

ལྷག་པར་དུ་ཐེངས་འདིའི་ལས་འགུལ་ཐོག་རྒྱ་ནག་གཞུང་གིས་ཏོག་དབྱིབས་རིམ་ནད་ཁ་ལ་ཁྱེར་ཏེ་བོད་ནང་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་བ་དང་། གཞོན་སྐྱེས་ཚོ་ཆོས་ཕྱོགས་ཀྱི་བྱེད་སྒོར་ཞུགས་རྒྱུར་བཀག་སྡོམ་བྱས་པ། ཤེས་ཡོན་གྱི་ལྟེ་གནས་ཁག་ཏུ་བོད་ཀྱི་སྐད་ཡིག་ཐོག་སློབ་ཁྲིད་གནང་རྒྱུར་དམ་དྲག། དེ་བཞིན་འགྲོ་བསྐྱོད་དང་འདུ་འཛོམས་སོགས་གཞི་རྩའི་རང་དབང་ཁག་ལ་དམ་དྲག་བྱས་པ་མ་ཟད། བོད་མི་ཚོར་ལས་གནས་དང་འཚོ་ཐབས་སོགས་སྤྱི་ཡོངས་མི་རིགས་དབྱེ་འབྱེད་ཆེན་པོ་བྱེད་བཞིན་པ་སོགས་གསལ་སྟོན་དང་སྦྲགས། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་ཞིབ་འཇུག་མཐིལ་ཕྱིན་གནང་སྟེ་ལོ་འཁོར་སྙན་ཐོའི་ནང་བཀོད་དགོས་པ་དང་། རྒྱ་ནག་གཞུང་ལ་ཀུན་གཟིགས་པཎ་ཆེ་རིན་པོ་ཆེ་མཆོག་གི་དབུས་པའི་སྐུ་འཁོར་ནང་མི་རྣམ་པ་དང་། བོད་མིའི་ཆབ་སྲིད་བཙོན་པ་རྣམས་གློད་བཀྲོལ་གཏོང་དགོས་པ། དེ་བཞིན་ཏོག་དབྱིབས་རིམས་ནད་ལ་ཁ་གཡར་ཏེ་བོད་ནང་དམ་དྲག་ཤུགས་ཆེ་རུ་གཏོང་བཞིན་པ་རྣམས་མཚམས་འཇོག་དགོས་པའི་གནོན་ཤུགས་སྤྲོད་དགོས་པ་མ་ཟད། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ནས་རང་དབང་ལྡན་པའི་དམིགས་བསལ་སྐུ་ཚབ་ཅིག་ཆེད་འཛུགས་གནང་སྟེ་རྒྱ་ནག་སྤྱི་དང་། ལྷག་པར་དུ་བོད་དང་ཤིང་ཅང་། ཧོང་ཀོང་བཅས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་ཞིབ་འཇུག་སླད་གཏོང་དགོས་པ་སོགས་དོན་ཚན་ལྔ་ཅན་གྱི་ཞུ་སྐུལ་ཞིག་ཀྱང་ཕུལ་འདུག

གཞན་ཡང་སྐབས་དེའི་ལས་འགུལ་ཐོག་ཉེ་ཆར་ཕྱི་ཚེས་ ༨ ཉིན་འགོ་འཛུགས་ཀྱིས་སུད་སི་ཡི་གྲོང་ཁྱེར་ཛུ་རིག་ནས་ཇི་ནེ་ཝ་བར་བོད་དོན་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་སྤེལ་མཁན་སུད་སི་ཛུ་རིག་ཚོགས་ཆུང་གི་ཚོགས་གཞོན་སྐུ་ཞབས་བསྟན་རྣམ་ཕུན་ཚོགས་ལགས་དང་ས་གནས་བོད་མི་སྤེན་པ་ཚེ་རིང་ལགས། བཀྲིས་རྣམ་རྒྱལ་ལགས། དགེ་ལེགས་རྣམ་རྒྱལ་ལགས། དེ་བཞིན་བློ་བཟང་ལགས་བཅས་ལ་དགའ་བསུའི་སྣེ་ལེན་ཞུས་སོང་པ་དང་། ཁོང་གོམ་བགྲོད་ཀྱི་ལས་འགུལ་སྤེལ་མཁན་རྣམས་ནས་འདས་པའི་ཉིན་གྲངས་བཅུའི་ནང་བོད་དོན་དྲིལ་བསྒྲགས་དང་། ལྷག་པར་དུ་སུད་སི་གཞུང་དང་རྒྱལ་ཚོགས་བཅས་ལ་རྒྱ་ནག་གཞུང་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་ལྷན་དུ་བོད་རྒྱ་ཞི་མོལ་ཡོང་ཐབས་དུ་གྲོས་མོལ་དབུ་འཛུགས་གནང་དགོས་པའི་གནོན་ཤུགས་སྤྲོད་དགོས་པ་དང་། ༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་དང་སྐུ་འཁོར་ལྷན་རྒྱས་ཀྱི་གནས་སྟངས་གང་ཡིན་མངོན་གསལ་བྱེད་དགོས་པ། དེ་བཞིན་བྱ་བྲལ་རིན་པོ་ཆེ་མཆོག་གློད་བཀྲོལ་དགོས་པ་སོགས་ཀྱི་དགོས་འདུན་ཁག་ཅིག་ཆེད་འདོན་གནང་ཡོད།

དེ་རིང་ཁོང་རྣམ་པའི་བོད་དོན་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་མཇུག་སྒྲིལ་དང་བསྟུན་གོམ་བགྲོད་པའི་ཁོངས་སུ་ཡོད་པ་བཀྲིས་རྣམ་རྒྱལ་ལགས་སུ་གོམ་བགྲོད་ཀྱི་བརྒྱུད་རིམ་ཁྲོད་ཀྱི་མྱོང་བ་དང་འབྲེལ་བཀའ་འདྲི་ཞུ་སྐབས། གོམ་བགྲོད་སྐབས་སུ་ས་གནས་བོད་པའི་ཚོགས་པ་ཁག་དང་། བོད་མི་སྒེར་མི་ཉུང་བ་ཞིག་གིས་རྒྱབ་སྐྱོར་ཆེན་པོ་གནང་པ་མ་ཟད། ལྷག་པར་དུ་ཁོང་རྣམ་པ་སུད་སི་ཡི་རྒྱལ་ས་སྦན་ནང་བདེ་འབྱོར་སྐབས་རྒྱ་ནག་གཞུང་ཚབ་མདུན་དུ་ངོ་རྒོལ་དང་། བོད་ཀྱི་གནད་དོན་དང་འབྲེལ་བའི་ཞུ་གཏུགས་སོགས་གནང་སྟེ། སྤྱི་ཡོངས་ནས་ལས་འགུལ་འདི་ཡག་ཐག་ཆོད་བྱུང་སོང་ཞེས་གསུངས་བྱུང་།

འབྲེལ་ཡོད་གསར་གནས།

གསར་གནས།