Tibetan Royal Year of 2151 | Year of the Wood Dragon

ཐེག་ཆེན་འཛིན་སྐྱོང་ཚོགས་པས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པ།

Tibetan News Headlines

  • ༸གོང་ས་མཆོག་གིས་སོག་པོའི་དད་ལྡན་པ་རྣམས་ལ་ཉིན་གཉིས་ཀྱི་ཆོས་འབྲེལ་དབུ་འཛུགས།
  • ༸སྐུའི་གཅུང་མོ་ཨ་མ་རྗེ་བཙུན་པདྨ་ལགས་སུ་ Pearl S. Buck ཆེ་བསྟོད་གཟེངས་རྟགས་འབུལ་བཞེས།
  • བཞུགས་སྒར་རྡ་རམ་ས་ལར་བོད་ཀྱི་བེུད་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡༤ པ་དབུ་འཛུགས།
  • རྒྱ་གཞུང་གིས་བོད་དང་ཤིན་ཅང་ནང་སྤེལ་བཞིན་པའི་བྱ་སྤྱོད་ནི་འཆར་གཞི་ལྡན་པའི་མི་རིགས་རྩ་གཏོར་གྱི་སྲིད་བྱུས་ཡིན་པ་ཐེར་འདོན།
  • མོན་གྷོ་འདོད་རྒུ་གླིང་དུ་དྲག་ཆར་རླུང་ཚུབ་བྱུང་ཡང་མི་ཤི་སྐྱོན་ཆག་རིགས་བྱུང་མིན་འདུག

Friday 19/04/2024

  • Dalai Lama begins two-day teaching on ‘Gaden Lhagyama’ to Mongolian devotees
  • Jetsun Pema receives Randolph’s Pearl S. Buck award
  • 14th Tibetan Women Association General Body Meeting begins in Dharamshala
  • China spearheading systematic elimination of civilization and people, says UN expert
  • Mundgod Tibetan settlement hit with severe thunderstorm

དེ་རིང་ཕྱི་ཟླ་ལྔ་པའི་ཕྱི་ཚེས་ ༢༤ སྟེ། རེས་གཟའ་ལྷག་པ་༸རྒྱལ་བའི་སྐུའི་བླ་གཟའ་ཉིན་ཞིང་བཤེགས་དམ་པ་ྋསྐྱབས་རྗེ་བླ་མ་བཟོད་པ་རིན་པོ་ཆེ་མཆོག་གི་ཐེག་ཆེན་འཛིན་སྐྱོང་ཚོགས་པས་ The Foundation for the Preservation of the Mahayana Tradition བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་མི་འཇིག་རྡོ་རྗེ་འཆང་གི་ངོ་བོར་བརྟན་ཕྱིར་ཟབ་ལམ་བླ་མ་མཆོད་པའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་སོང་།

དེ་རིང་སྔ་ཐོག་བརྟན་བཞུགས་ཀྱི་རྡོ་རྗེ་སློབ་དཔོན་བལ་ཡུལ་ཀོ་པཱན་དགོན་པའི་མཁན་རིན་པོ་ཆེ་དགེ་བཤེས་ཐུབ་བསྟན་ཆོས་ཉིད་མཆོག་དབུ་བཞུགས་ཐོག་དགེ་འདུན་འདུས་མང་གིས་བརྟན་བཞུགས་དང་འབྲེལ་བའི་༸སྐུའི་ཚེ་སྒྲུབ་ཀྱི་གནང་སྒོ་ཁག་གནང་གྲུབ་སྟེ། སྔ་དྲོ་ཕྱག་ཚོད་ ༨ ཐོག་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་༸བཞུགས་སྒར་རྒྱལ་བའི་ཕོ་བྲང་ནས་འབྲེལ་ཡོད་བརྟན་བཞུགས་ཀྱི་སྦྱིན་བདག་རྣམ་པས་སྤོས་སྣེ་སྤྱན་འདྲེན་དང་། ཕྱི་ནང་གི་དད་ལྡན་སེར་སྐྱ་སྟོང་ཕྲག་བརྒལ་བས་ཕེབས་བསུ་གཟབ་རྒྱས་དང་བཅས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་༸བཞུགས་ཁྲིར་༸ཞབས་སོར་འཁོད་མཚམས་བརྟན་བཞུགས་ཀྱི་ཆོ་ག་དངོས་གཞི་དབུ་འཛུགས་དང་སྦྲགས། རྡོ་རྗེ་སློབ་དཔོན་མཆོག་གིས་དབུས་པའི་འབྲེལ་ཡོད་རྣམས་ནས་མཎྜལ་ལྗགས་བཤད་གནང་ཐོག སྐུ་གསུང་ཐུགས་རྟེན་མཚོན་པའི་བདག་ཅག་གི་སྟོན་པ་སངས་རྒྱས་ཤཱཀྱ་མུ་ནེའི་སྐུ་བརྙན་ ༡༠༠༠ ཐམ་པ་འབུལ་རྫས་གཙོ་བོར་ཆེད་འབུལ་བརྒྱུད་བརྟན་བཞུགས་བསྟར་འབུལ་ཞུས་གནང་ཡོད།

སྐབས་དེར་༸གོང་ས་མཆོག་ནས་སངས་ཀྱིས་བསྟན་པ་འདི་ཉིད་རྒྱ་ཧོར་བོད་གསུམ་ནང་དར་ཁྱབ་ཆེན་པོ་བྱུང་ཡོད་པ་མ་ཟད། ད་ཆ་ནུབ་ཕྱོགས་པའི་ནང་ནས་ཀྱང་དོ་སྣང་གནང་མཁན་མང་དུ་འགྲོ་བཞིན་པའི་དུས་སྐབས་འདིར་མགོན་པོ་༸གང་ཉིད་མཆོག་ནས་སངས་རྒྱས་ཀྱི་བསྟན་པ་དང་འགྲོ་བར་ཕན་ཐོགས་རྒྱ་ཆེ་མཛད་རྒྱུའི་ཐུགས་དགོངས་མཛད་བཞིན་ཡོད་པར། ཐེངས་འདིའི་ཐེག་ཆེན་འཛིན་སྐྱོང་ཚོགས་པའི་འབྲེལ་ཡོད་ཡོངས་ནས་བརྟན་བཞུགས་བསྟར་འབུལ་ཞུས་པར་ཐུགས་རྗེ་ཆེ་ཞེས་བཀའ་སྩལ་སོང་།

ལྷག་པར་དུ་མགོན་པོ་༸གང་ཉིད་མཆོག་ནས་ལུས་ལ་ཆོས་གོས་རྣམ་གསུམ་གྱོན་པ་ཙམ་མིན་པར། སངས་རྒྱས་ཀྱི་བཀའ་ལུང་སྡེ་སྣོད་གསུམ་ལ་ཆེད་གཉེར་དང་། ཉམས་ལེན་ཡག་པོ་ཞིག་གནང་སྟེ་སངས་རྒྱས་ཀྱི་བསྟན་པ་དོན་དངོས་ལག་ལེན་ཐོག་འཛིན་སྐྱོང་དང་། གཞན་ལ་སློབ་སྟོན་བྱེད་ཐུབ་པ་ཞིག་ཡོང་རྒྱུར་ཚང་མས་ཧུར་ཐག་གནང་དགོས་པའི་ལམ་སྟོན་བཀའ་དྲིན་ཆེ་བ་སྩལ་སོང་།

གཞི་རྩའི་དེ་རིང་བརྟན་བཞུགས་འདི་ནི་ཉེ་འཆར་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་པའི་ྋསྐྱབས་རྗེ་བླ་མ་བཟོད་པ་རིན་པོ་ཆེ་མཆོག་གི་དགོངས་གཞི་ལྟར་རིན་པོ་ཆེ་མཆོག་གི་ཐེག་ཆེན་འཛིན་སྐྱོང་ཚོགས་པའི་ངོས་ནས་གོ་སྒྲིག་ཞུས་པ་ཞིག་ཡིན་པ་ལྟར། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བརྟན་བཞུགས་སྐབས་བླ་མ་བཟོད་པ་རིན་པོ་ཆེ་མཆོག་ནི་མགོན་པོ་༸གང་ཉིད་མཆོག་གི་བློ་ཐུབ་ཀྱི་གྲོགས་པོ་ཞིག་ཡིན་པ་མ་ཟད། རིན་པོ་ཆེ་མཆོག་གིས་ཡུལ་ལུང་མང་པོའི་ནང་འགྲོ་དོན་རྒྱ་ཆེར་མཛད་ཡོད་པ་སོགས་བཀའ་སྩལ་དང་སྦྲགས། རིན་པོ་ཆེ་མཆོག་གི་ཡང་སྲིད་ཡག་པོ་ཞིག་ཏན་ཏན་ཡོང་གི་རེད་ལ། ངོས་ནས་ཀྱང་དེ་ལྟར་སྨོན་ལམ་དང་། རིན་པོ་ཆེ་དང་འབྲེལ་ཡོད་ཡོངས་ནས་རིན་པོ་ཆེའི་ཡང་སྲིད་ཡག་པོ་ཞིག་ཡོང་རྒྱུར་དགོངས་བཞེས་གནང་དགོས་གལ་ཡིན་པ་བཀའ་སྩལ་སོང་།

འབྲེལ་ཡོད་གསར་གནས།

གསར་གནས།